ལབ་དགོན་པས་དབུ་མ་རབ་འབྱམས་པའི་གཟེངས་རྟགས་གནང་འདུག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 5 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »ལབ་དགོན་པས་དབུ་མ་རབ་འབྱམས་པའི་གཟེངས་རྟགས་གནང་འདུག
ལབ་དགོན་པས་དབུ་མ་རབ་འབྱམས་པའི་གཟེངས་རྟགས་གནང་འདུག
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/10/6ལྟ་ཀློག (8369)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དབུ་མ་རབ་འབྱམས་པའི་གཟེངས་རྟགས་གནང་འདུག

     ལབ་དགོན་དགའ་ལྡན་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་སྤྱི་ལོ་ ༢༠༡༤ .༡༠ .༦ བོད་ཟླ་ ༨. ༡༣ གྱི་ཉིན་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་གསུང་པའི་དབུ་མ་དགོངས་པ་རབ་གསལ་རྩོད་རྒྱུགས། བྲི་རྒྱུགས། བློ་རྒྱུགས་བཅས་མི་ལོ་བཞིའི་རིང་རྒྱུགས་སྤྲོད་ལེགས་པར་གནང་བའི་དགེ་སློང་དྲུག་གིས་རྒྱུགས་འབྲས་རབ་འབྱམས་པའི་གཟེངས་རྟགས་ཐོབ་པ་དང་། གཟེངས་རྟགས་འབུལ་བའི་མཛད་སྒོ་སྟབས་བདེ་ཞིག་ཚོགས་པར་མ་ཟད། འབུལ་བའི་སྐབས་དགེ་འདུན་དམངས་ཀྱིས་དགའ་བའི་ཐལ་སྒྲས་བསུས་ཏེ་ཐུགས་དགྱེས་དགྱེས་གནང་། ད་རུང་ལབ་དགོན་གྱི་མཁན་པོ་བསོད་ནམས་ཆོས་འཕེལ་མཆོག་གིས་རབ་འབྱམས་པའི་གཟེངས་རྟགས་སྤྲད་པར་ལ་དམིགས་ཡུལ་དང་དགོས་པ་ཡོད་སྐོར་འདི་ལྟར་གསུང་འདུག དེ་རིང་ཚེས་བཟང་སྐལ་བཟང་གི་ཉིན་མོ་འདིར་དབུ་མ་རབ་འབྱམས་པའི་གཟེངས་རྟགས་སྤྲད་པ་ནི། སེར་བྱེས་མཁས་སྙན་གྲྭ་ཚང་གི་སྒྲིག་གཞི་ལྟར་ཡིན་པས་ཁུངས་མེད་མ་ཡིན་ཞིང་། དམིགས་ཡུལ་གཙོ་བོ་ནི། མ་འོངས་མི་རབས་རྣམས་སློབ་སྦྱོང་ལ་སྤྲོ་བ་དང་བློ་གྲོས་འཕེལ་རྒྱས་ཡོང་བའི་ཆེད་དུ་ཡིན་པའི་སྐོར་དང་། སངས་རྒྱས་ཀྱི་བསྟན་པ་འཇིག་ལ་ཉེ་བའི་དུས་སྐབས་འདི་འདྲ་ཞིག་ལ་ནང་པའི་ཆོས་དང་རིག་གཞུང་འདི་མི་ཉམས་གོང་འཕེལ་བྱེད་པར་ངེད་ཅག་ལ་རག་ལུས་པས། ངེད་ཅག་གི་ངོས་ནས་ཀྱང་འཇོན་ཐང་ཡོད་ཚད་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་སྤུས་དག་པོ་ཞིག་གནས་ཐབས་སུ་ལས་འགན་སྤེལ་རྒྱུ་ཡིན་ཞེས་དང་། གཟེངས་རྟགས་འདི་འདྲ་ལོ་རེ་རེར་འབུལ་རྒྱུ་མེད། དཔེར་ན། ཕར་ཕྱིན་ལྟ་བུ་ཡིན་ན་མི་ལོ་དྲུག་དང་བདུན་གྱི་བར་རྩོད་རྒྱུགས། བྲི་རྒྱུགས། བློ་རྒྱུགས་བཅས་གདམས་ཏེ། གཟེངས་རྟགས་ཐོབ་མཁན་རྣམས་ལ་འབུལ་རྒྱུ་ཡིན་པའི་སྐོར་སོགས་གསུང་མཛད་མང་དུ་གནང་།


     གཟེངས་རྟགས་སྤྲད་ཡུལ་ནི། ཨང་རིམ་དང་བོའི་དང་བོ་སྟོང་སྐོར་བློ་བཟང་ཉི་མ། ཨང་རིམ་དང་བོའི་གཉིས་པ་ཀ་བཞི་བློ་བཟང་རྒྱ་མཚོ། ཨང་རིམ་དང་བོའི་གསུམ་པ་སྟོང་སྐོར་བློ་བཟང་སྦྱིན་པ། ཨང་རིམ་གཉིས་པའི་དང་བོ་སྟོང་སྐོར་བློ་བཟང་དབང་ལྡན། ཨང་རིམ་གཉིས་པའི་གཉིས་པ་འདམ་གཞུང་བློ་བཟང་དར་རྒྱས། ཨང་རིམ་གསུམ་པ་ཨ་མདོ་འཇམ་དབྱངས་ཕུན་ཚོགས་བཅས་ཡིན། ཁོང་རྣམས་ཀྱིས་མི་ལོ་དུ་མའི་རིང་ལ་དགའ་བཞིན་སྤྲོ་བཞིན་ནང་ཆོས་ལ་སློབ་སྦྱོང་བྱས་པ་དང་། ལྷག་པར་དུ་མི་ལོ་བཞིའི་རིང་ལ་ལོ་ཟླ་ཞག་གིས་བསྐྱལ་ཞིང་། ཁ་ཆར་གདོང་གིས་བསུས་ཏེ་དབུ་མ་ལ་བརྩོན་འགྲུས་བསྐྱེད། དེ་ལྟ་བུའི་སློབ་སྦྱོང་གི་དཀའ་ངལ་མང་བོ་ཁྱད་དུ་བསད་མཐར། དབུ་མ་རབ་འབྱམས་པའི་གཟེངས་རྟགས་འདི་གེགས་མེད་བདེ་བླག་ཏུ་ཐོབ་པ་རེད།  མདོར་ན།   དགེ་རྩ་འདིས་མི་རབས་རྗེས་མ་རྣམས་བློ་གྲོས་ཇེ་མཐོར་ཡོང་བའི་ཐབས་སུ་འགྲོ་བར་ སྨོན་ལམ་ཐེངས་ཤིག་འདེབས་རྩིས་ཡོད་པས་དེ་ལུགས་ཐུགས་འཇགས་འཚལ།

                                       ལབ་དགོན་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་དབུ་མ་རབ་འབྱམས་པའི་ཕྱག་ཁྱེར།


འཕྲིན་འགོད་པ་བློ་སྦྱིན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
eb3h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: འགར་རྩེ་ཚུལ་ཁྲིམས། སྤེལ་དུས:2015/3/16
ཁ་དཔེ་ལ་བཟང་ལ་བཟང་རྟགས་མེད་ན་བཟང་ཇེ་ཉུང་དང།ངན་ལ་ཆད་པ་མེད་ན་ངན་ཇེ་མང་ཟེར་བ་ལྟར།དུས་མཐའ་འདི་ལ་རྒྱལ་བའི་བསྟན་དོན་ལ་དམིགས་ཏེ་དགེ་ལས་བཟང་བོ་འདི་བུ་ལ་བཟང་རྟགས་ཕུལ་བར་ཡི་རངས་ཡོད།
 སྤེལ་མཁན: འགག་གྲྭ་བསོད་ནམས་བསྟན་འཕེལ། སྤེལ་དུས:2014/10/1
ལབ་དགའ་ལྡན་ཆོས་འབྱོར་རབ་རྒྱས་གླིང་གི་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་གཙོས་པའི་ལས་འཛིན་ཡོངས་ཀྱི་བཀའ་དྲིན་ལ་བརྟེན་ནས་ད་ལོར་གཞུང་ཆེན་དབུ་མའི་སྐོར་ལ་རབ་འབྱམས་པའི་གཟེངས་རྟགས་གནང་བ་དང་། མ་ཚད་ལོ་ནས་ལོར་བརྒྱུད་དེ་གཞུང་ཆེན་དག་ལ་དེ་ལྟར་གནང་བའི་ལས་བཟང་སྤེལ་རྒྱུའི་འཆར་འགོད་གནང་བ་སོགས་ལ་ངས་སྟོན་པའི་རྗེས་འཇུག་ཡོངས་ཀྱི་ཚབ་བྱས་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ན་ཆེ་ཟེར་ནས་ཞུ་བ་དང་། ལྷག་པར་དུ་བསམ་པའི་དོན་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཡང་གྲངས་མེད་ཞུ་བ་ཡིན།།
 སྤེལ་མཁན: བློ་བཟང་དཔལ་ལྡན། སྤེལ་དུས:2014/10/8
དབུ་མ་རབ་འབྱམས་པའི་མཚན་རྟགས་བཞེངས་མཁན་དག་ལ་སྙིང་དབུས་ནས་རྟེན་འབྲེལ་ཞུ་བཀྲ་ཤིས་བདེ་ལེགས། དཀར་མཛེས་ནས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41630800
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1