བོད་རིགས་ཀྱི་གཏམ་དཔེ། ༼ ཏ།༽
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 2 ཚེས 25 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» གཏམ་དཔེ། »བོད་རིགས་ཀྱི་གཏམ་དཔེ། ༼ ཏ།༽
བོད་རིགས་ཀྱི་གཏམ་དཔེ། ༼ ཏ།༽
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/10/24ལྟ་ཀློག (5858)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གཏམ་གྱི་ཕུ་ཐག་མ་ཆོད་པར།

ཚིག་ཟུར་དོན་རྩ་མི་རྟོགས།


གཏམ་ངན་ཁྱེར་ནས་མི་ཡུལ་ལ་བསྡད་པ་ལས།

གཏམ་བཟང་ཁྱེར་ནས་དམྱལ་བར་ཕྱིན་པར་དགའ།


གཏམ་ཐག་ཐུང་ན་ཉན་བདེ།

ཡོབ་ཐག་རུང་ན་བཞོན་བདེ།


གཏམ་དང་རལ་གྲི་གཉིས་པོ་དེ།

རྩེ་ནས་མི་འཆང་ཡུ་ནས་འཆང་།


གཏམ་དོན་ཅན་རྣ་བས་གོ་ན་མཚར།

གོས་མདོག་ཅན་རྒྱང་ནས་བལྟས་ན་ཡག


གཏམ་མདའ་མོ་གཉིས་དེ་དྲང་ན་དགའ།

ལམ་གཞུ་མོ་གཉིས་དེ་གུག་ན་དགའ།


གཏམ་བདེན་པ་ཁ་འཛིན།

ཆུ་དྭངས་ཁ་འཛིན།


གཏམ་དཔེ་མེད་བཤད་དཀའ།

སྣོད་ལུང་མེད་ཁུར་དཀའ།


གཏམ་རྣོ་ངར་མེད་ཀྱང་།

མི་སྙིང་དུམ་བུར་བཏུབས།


གཏམ་ཕ་བཤད་ཕ་བདེན།

གཏམ་བུ་བཤད་བུ་བདེན།


གཏམ་ལ་མཚོན་ཆ་མེད་ཀྱང་།

མི་སྙིང་དུམ་བུར་གཅོད།

རླུང་ལ་གཤོག་པ་མེད་ཀྱང་།

ནམ་མཁའ་འུར་སྒྲས་ཁེངས།


གཏམ་ལབ་ན་ཆུ་མོ་ལབ་ལབ་ཡིན།

གྲོས་སྟོན་ན་མེ་ལོང་གསལ་འདྲ་ཡིན།


གཏམ་ཨ་ཕས་གཏོང་རྒྱུ་ཨ་མས་བཏང་།

ཁྱི་བདག་པོས་དགག་རྒྱུ་མགྲོན་པོས་བཀག


གཏུབས་ཚལ་ལྷན་པའི་སྐྱོ་རོགས།


གཏོར་མ་ཆུ་ལ་དབྱུགས་ན།

ཤ་ཁྱི་ཁོ་ཐག་ཆོད་སོང་།


བཏང་ན་མདའ་དང་།

བཀུག་ན་གཞུ།


རྟ་རྒྱུགས་ན་མཉམ་རྒྱུགས།

གུར་བརྒྱབ་ན་ཁ་སྤྲོད།


རྟ་གཅིག་གང་འདྲ་ཡིན་ན།

བརྟག་དཔྱད་ཐང་ནས་བྱེད་དགོས།


རྟ་གཅིག་གིས་རྒྱུགས་དུས་མགྱོགས་མདོག་ཁ།

མི་གཅིག་གིས་ཤོད་དུས་བདེན་མདོག་ཁ།


རྟ་རྒན་མ་ཤི་གོང་།

ཕོ་རོག་གིས་མིག་རྐོ།


རྟ་བ་འཁྱག་པ་རྐང་ཐང་བས་མི་ཤེས།

རྐང་ཐང་ཆད་པ་རྟ་བས་མི་ཤེས།


རྟ་ཕོ་སྐྱེ་ཚུལ་གཅིག་ཀྱང་།

རྨིག་པས་སྒོར་ཚུལ་མི་གཅིག


རྟ་ཕོ་བྲེས་ལ་བཏགས་ན།

གོང་ཐང་མི་ཡིས་བརྒྱབས།


རྟ་ཕོར་རྒྱུགས་ཤེད་ཡོད་ན།

བྱང་ཐང་སྟོང་བ་རེད།


རྟ་མ་ནེ་རིང་ན་རྒས་པའི་ཚུལ།

མི་བློ་རྒྱུ་རིང་ན་ལྐུགས་པའི་ཚུལ།


རྟ་ལ་མ་བཞོན་ཞོན་གོང་ལ།

སྒ་ལ་བཅག་བཅག་བྱེད་དགོས།


རྟ་མ་ཞོན་སྐབས་སྒ་ལ་ལན་གསུམ་ལྟ།

ཞོན་ཚར་ན་སྒ་ལ་བཤད་ས་མེད།


རྟ་ཤོར་ན་འཛིན་མེད་ཀྱི།

ཚིག་ཤོར་ན་འཛིན་མེད།


རྟ་ཨ་མའི་སྔོན་ལ་རྟེའུ་རྒྱུགས།

བྱ་ཨ་མའི་སྔོན་ལ་བྱེའུ་འཕུར།


རྟོགས་པ་ལྷ་དང་མཉམ་ཡང་།

ཀུན་སྤྱོད་མི་དང་བསྟུན་དགོས།


ལྟག་ཆུ་ཆད་པའི་རྫང་བུ་དང་།

ར་མདའ་མེད་པའི་དཔའ་བོ།


ལྟས་ངན་ལ་ལྟ་སྐྱོར་དང་།

དྲི་ངན་ལ་སྣོམ་སྐྱོར་མི་དགོས།


ལྟོ་ཁྱིའི་ལྟོ།

ལས་བོང་བུའི་ལས།


ལྟོ་ཆས་སྐྱུར་མོ་བཟས་ན།

ཁ་ལ་འགྲམ་ཆུ་འཁོར་ཡོང་།


ལྟོ་ནང་ལ་ཟས།

སྒོ་ང་ཕྱི་ལ་བཏང་།


སྟ་རེ་རྡོ་ལ་གཞུས་ན་སྐུ་གྱོང་ལྕགས་ལ་ཕོག



སྟག་གི་རི་མོ་ཕྱི་ལ་ཡོད།

མིའི་རི་མོ་ནང་ལ་ཡོད།


སྟག་རྒྱུགས་རྗེས་ལ་ཝ་མོ་རྒྱུགས།

རྒྱུགས་མཐར་ཝ་མོའི་སྐེད་པ་ལུགས།


སྟག་དར་མ་ལྟོགས་ན་མི་ཤ་མི་ཟ།

སྤྱང་དར་མ་ལྟོགས་ན་ལུག་ཤ་ཟ།


སྟག་མོ་ཤ་ཟན་ལྟོགས་ཀྱང་རང་ཤ་མི་ཟ།

སེང་གེ་དཀར་མོ་གྲང་ཡང་གངས་དང་མི་འབྲལ།


སྟག་ལ་མཆོང་རྩལ་བཅོ་བརྒྱད་ཡོད་ན།

ཝ་ལ་འཛུལ་ཁུང་བཅུ་དགུ་ཡོད།


སྟག་ཤི་ཡང་སྡེར་མི་ཉམས།

ཝ་ཤི་ཡང་གྲ་མི་ཉམས།


སྟག་ཤི་ཡང་སྡེར་མོ་སྐམ་གི་མ་རེད།


སྟག་གསོས་པས་སྒོ་ཁྱིར་མི་ཉན།

འབྲོང་འཚག་ན་རྨོན་ཁལ་མི་ཉན།


སྟོང་སྐུད་འགྲིལ་ལོ་ཆུང་ན་མ་བསམ།

འཛམ་གླིང་སྐོར་ར་བསྐོར་ཆོག  


སྟོད་གངས་རི་ཉི་མས་བཞུ་མ་མྱོང་།

བྱ་རྨ་བྱ་དུག་གིས་འཆི་མ་མྱོང་།


བརྟག་དཔྱད་ཞིབ་འཇུག་མ་བྱས་ན།

དུ་བ་དང་རླངས་པ་ནོར་ཉེན་ཡོད།

                    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།   སྡུད་སྒྲིག་མཁན།   སྐལ་བཟང་དོན་འགྲུབ།  


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qngu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
16938761
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号