དོན་གང་ཞིག་ཡིན་ཡང་བདེན་རྫུན་བརྟག་རྗེས་བརྒྱུད་བསྐུར་བྱོས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 9 ཚེས 23 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» སྤྱི་ཚོགས་གླེང་བརྗོད། »དོན་གང་ཞིག་ཡིན་ཡང་བདེན་རྫུན་བརྟག་རྗེས་བརྒྱུད་བསྐུར་བྱོས།
དོན་གང་ཞིག་ཡིན་ཡང་བདེན་རྫུན་བརྟག་རྗེས་བརྒྱུད་བསྐུར་བྱོས།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/10/28ལྟ་ཀློག (6547)རྩོམ་ཁུངས: ལུག་ཚང་དཔལ་ཡོན།པར་འདེབ།

༄༅། །དོན་གང་ཞིག་ཡིན་ཡང་བདེན་མིན་བརྟག་རྗེས་བརྒྱུད་བསྐུར་གནང་རོགས། །

ས་ལའི་རིགས་སྲས།

གསོལ་འདེབས་ཐལ་མོ་ལྷ་ལ་སྦྱར་ཞིང་། །

འཚེ་མེད་ཞི་བདེའི་ལམ་ལ་ཆས་པའི། །

རང་རིགས་ཁ་བ་ཅན་གྱི་སྤུན་ཟླར། །

བསམ་དཀར་འབོད་བསྐུལ་འདི་ལྟར་ཞུའོ། །

    དེ་ཡང་དེང་གི་དུས་འདིར་དཔལ་འབྱོར་དང་ཚན་རིག་གོང་འཕེལ་ལ་སོང་བ་དང་སྦྲགས་ནས་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་བརྙན་འཕྲིན་དང་རླུང་འཕྲིན་རྩེད་འཕྲུལ་དང་ཁ་པར་འཕྲིན་ཐུང་དང་ཁྱེའུ་འཕྲིན་སོགས་ད་དུང་ཆེས་བཀོལ་ཆེ་བའི་འཕྲིན་ཕྲན་གྱི་ལམ་ནས་གསར་འགྱུར་ཡིག་རིགས་དང་པར་རིགས་མང་པོ་ཕར་སྤེལ་ཚུར་གཟིགས་བྱེད་བཞིན་ཡོད་པ་རེད།   དེ་ཚོའི་ཁྲོད་དུ་ཡག་པོ་དང་ཉེས་པོ་ལེགས་ཆ་དང་སྐྱོན་ཆ་གང་མང་མཆིས་ནའང་གཙོ་བོ་བདེན་རྫུན་གྱི་ཤན་འབྱེད་ཁོམ་མེད་པར་ཇི་སྐད་དུ།

ཁྱི་རྒན་གཅིག་གིས་ཀུ་ཅོ་སྒྲོག་པ་ན། །

ཁྱི་རྒན་གཞན་རྣམས་དོན་མེད་ཀུ་ཅོ་སྒྲོག །

      ཅེས་གསུང་པ་བཞིན་དང་རི་བོང་ཅལ་འདྲོགས་ཀྱི་དཔེ་བཞིན་དུ་དཔྱད་བལྟ་ཉན་ཁོམ་མེད་པར་གྲོགས་ཚོམས་དང་འཕྲིན་སྟེགས་སོགས་སུ་བདེན་མིན་གྱི་གསར་འགྱུར་མང་པོ་སྤེལ་བཞིན་པ་མཐོང་བའི་རྐྱེན་ལས་ཕན་འདོད་ཀྱིས་བསམ་པས་ཀུན་ནས་བླངས་ཏེ་འབོད་བསྐུལ་ཞིག་ཞུ་འདོད་ན་རྣམ་པ་ཚོས་ཅི་ནས་ཀྱང་དགོངས་པ་རེ་བཞེས་འཚལ་ཞུ།  དེ་ཡང་ང་ཚོས་འདས་པའི་བྱ་བར་ཕྱོགས་བསྡོམས་ཤིག་བྱས་ན་སྤེལ་དགོས་པ་དང་སྤེལ་ན་དོན་དང་ལྡན་པ་ཡིན་པ་རྒྱུ་མཚན་ཆེ་བ་ཁུངས་ཡོད་པའི་གསར་འགྱུར་པར་ཡིག་མང་པོ་ང་ཚོས་སྤེལ་ཚར་བ་རེད་ལ་དེ་དང་མཉམ་དུ།   བཀྲ་ཤིས་སྣ་ནག་མ་དང་ལྷན་གཅིག་ཏུ། །གསུངས་པ་ལྟར་རྒྱུ་མཚན་གང་ཡང་མེད་པའི་འཆལ་གཏམ་མང་པོ་ཡང་སྤེལ་མྱོང་ཡོད་ལ་སྤེལ་བཞིན་ཡོད།  འུ་ཚོས་ཞིབ་ཏུ་དགོངས་པ་ཞིག་བཞེས་དང་།  ང་ཚོ་མཐོ་སྒང་གི་ཡང་རྩེ་འདིར་གནས་པའི་མི་རྣམས་ནི་རྒྱུད་དྲང་ཞིང་གཞན་ཕན་ལ་བརྩོན་པ་ཤ་སྟག་ཏུ་གླེང་བཞིན་ཡོད་ན་དྲང་པོ་ལས་འདས་པའི་རྫུན་མ་དང་ཕན་པ་ལས་ལོག་པའི་གསར་འགྱུར་མང་པོ་འགྲེམས་དོན་ཅི་ཡིན་ནམ།    དེ་ནི་ང་ཚོས་མ་དཔྱད་མ་བརྟག་པར་ཡོད་ཚད་བདེན་པར་རློམས་ནས་སྤེལ་བ་གོར་མ་ཆགས་ནའང་ཡོད་ཚད་དང་བརྗོད་ཚད་བདེན་པའི་ཁྱབ་པ་ཞིག་ག་ནས་ཡོད། དཔེར་ན་ཡུན་རིང་མིན་པའི་སྔོན་དུ་བོད་ཀྱི་གླུ་པ་གྲགས་ཅན་ཤེར་བསྟན་དང་བློ་བཟང་གཉིས་གྲྭ་པ་བྱས་འདུག་ཅེས་པའི་པར་རིགས་ས་ཁྱབ་གནམ་ཁེངས་བྱས་ནའང་རྣམ་པ་གཉིས་ནི་གྲྭ་པ་བྱས་མེད་ལ་དེ་བཞིན་དུ་ད་དུང་གླུ་པ་རིགས་དགའ་འཇིག་རྟེན་འདི་ནས་ཁ་བྲལ་བའི་སྐོར་གྱིས་པར་ཡིག་མང་པོ་སྤེལ་ནའང་ད་ལྟ་ཐམས་ཅད་རྫུན་པར་གྲགས་པ་ལྟར་རེད།

      དེས་ན་ང་ཚོས་སྤྱིར་བྱ་བ་གང་ཞིག་མ་བརྩམ་པའི་སྔོན་དུ་བརྟག་དཔྱད་དགོས་པ་ནི་གལ་ཆེན་པོར་སྣང་ཡོད་ལ་ཡང་སྒོས་གློག་གི་དྲ་ལམ་ནས་གསར་འགྱུར་སྤེལ་སྐབས་བདེན་མིན་གྱིས་བརྟག་དཔྱད་དགོས་པ་ནི་ཤིན་ཏུ་ནས་ཀྱང་གལ་ཆེན་པོར་གནས་ཡོད།

བདག་ཅག་གི་སྟོན་པས་ཀྱང་། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླངས་བར་བྱ་སྟེ་གུས་ཕྱིར་མིན། །གསུངས་ནས་རྒྱལ་བའི་བཀའ་ལའང་དྲང་ངེས་དང་བདེན་རྫུན་ཡིན་མིན་བཅས་ཀྱི་བརྟག་དཔྱད་དགོས་གསུངས་ན་ང་ཚོ་སྐྱེ་བོ་ཕལ་པའི་གཏམ་ལ་བདེན་རྫུན་གྱི་དཔྱད་པ་དགོས་པ་ནི་སྨྲ་ཅི་དགོས།བདེན་པ་དང་ཡང་དག་པ་རྒྱུ་མཚན་ཡོད་པ་བཅས་ནི་ཇི་སྲིད་དུ་བརྟག་ན་དེ་སྲིད་ དུ་དེ་ལ་ངེས་པ་དང་ཡིད་ཆེས་སྐྱེ་ལ་བདེན་པ་མིན་པ་དང་ཡང་དག་པ་མ་ཡིན་པ་རྒྱུ་མཚན་མེད་པ་བཅས་ནི་ཇི་སྲིད་དུ་བརྟག་ན་དེ་སྲིད་དུ་དེ་ལ་མཚོ་ནང་དུ་གྲུ་ཞིག་ན་ཞིག་པའི་སྤང་ལེབ་ལ་འཇུ་བ་བཞིན་དུ་སྙིང་པོ་མེད་པར་རྫུན་ཕུག་རྡོལ་འགྲོ་བ་ནི་ཆོས་ཉིད་ཡིན།

      དེར་བརྟེན་ང་ཚོ་ཚང་མས་བརྟག་དཔྱད་རེ་གནང་དགོས་པ་ནི་ལུས་ཀྱི་སྲོག་བཞིན་དུ་འགྱུར་འདུག་སྙམ།   གལ་ཏེ་དེ་ལྟར་མ་ཡིན་པར་དེ་ལས་ལྡོག་ན་ཉིན་གཅིག་རིགས་ལ་མི་དུང་བ་དང་འཆལ་གཏམ་སྤེལ་བར་དགའ་བའི་མི་ཞིག་གིས་བདེན་པའི་ཡུལ་ལས་འདས་པའི་བཀྲ་མི་ཤིས་པའི་གཏམ་ངན་མང་པོ་ཁྱེད་ཀྱི་གྲོགས་ཚོམས་དང་འཕྲིན་སྟེགས་སུ་འབྱོར་ན་ཁྱེད་ཀྱིས་དབུ་གཡུག་ཤོར་དུ་གཞན་ལ་སྤེལ་ངེས་པས་དེ་དུས་ཁྱེད་འཆལ་གཏམ་མཁན་པོའི་འཕྲིན་ལས་ཀྱི་བྱེད་པོ་ལྟ་བུར་འགྱུར་བ་མིན་ནམ་ལེགས་པར་སོམས་དང་།

     དེས་ན་ང་ཚོས་ཡག་སྡུག་གི་གཏམ་ལ་དཔྱད་པའི་ཁུངས་ཀྱིས་དྲངས་ནས་ད་གཟོད་སྤེལ་ན་ཁྱེད་ཀྱི་གཟི་བརྗིད་རེད་ལ་རིགས་ཀྱི་སྤོབས་པ་ཞིག་ཀྱང་ལོས་ཡིན་དེ་ལྟར་མིན་ན་སྔ་དྲོ་བདེན་པ་ཡིན་྄ཁུལ་གྱི་འཕྲིན་སྟེགས་ཏུ་སྤེལ་ན་ཕྱི་དྲོ་རྫུན་མར་ངེས་ནས་ངོ་ཚ་ཤོར་དུ་བསུབ་དགོས་དུས་ཁྱེད་ངོ་གནོང་སྐྱེ་དགོས་པའི་མི་ཞིག་དུ་འགྱུར་བ་མ་རེད་དམ། དེ་བས་བརྟག་ཞིང་དཔྱད་པར་བྱེད་པ་ནི་ཤིན་ཏུ་ནས་ཀྱང་གལ་ཆེའོ།།

གང་ཡང་གླེང་བའི་དུས་ཀྱི་མར་གཤམ་འདིར། །

བདེན་མིན་ཤན་འབྱེད་རིགས་པའི་རལ་གྲི་ཐོགས། །

དྲང་པོའི་གཞུ་ལ་དཔྱད་པའི་མདའ་སྦྱར་ཏེ། །

རྫུན་པའི་ཕུང་པོ་གཏོར་ཅིག་སྤུན་ཟླའི་ཚོགས། །


གང་ལ་དགའ་ན་གངས་ཅན་ཡུལ་ལ་དགའ། །

སུ་ལ་དུང་ན་རང་རིགས་ཚོགས་ལ་དུང་། །

དགའ་དུང་སེམས་ཀྱི་འཆར་སྣང་ཕྲན་བུ་འདི། །

སྤུན་ཟླ་གངས་ཅན་གསོས་སུ་བདེན་གྱུར་ཅིག །


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
12285847
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号