དགེ་རྒན་ཚེ་རིང་དོན་གྲུབ་ངོ་སྤྲོད་མདོར་བསྡུས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 6 ཚེས 17 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» གྲགས་ཅན་སྐྱེས་པའི་སྡེ། »དགེ་རྒན་ཚེ་རིང་དོན་གྲུབ་ངོ་སྤྲོད་མདོར་བསྡུས།
དགེ་རྒན་ཚེ་རིང་དོན་གྲུབ་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/11/2ལྟ་ཀློག (8274)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དགེ་རྒན་ཚེ་རིང་དོན་གྲུབ་ངོ་སྤྲོད་མདོར་བསྡུས།

       དགེ་རྒན་ཚེ་རིང་དོན་གྲུབ་ལགས་ནི།  ༡༩༧༠ལོར་ཀན་ལྷོ་ཀླུ་ཆུའི་ཟམ་ཚ་གདོང་ཟུག་མདོར་འཁྲུངས་ཤིང་།  སློབ་ཆུང་དང་སློབ་འབྲིང་།  ཆེད་གཉེར་སློབ་གྲྭ་སོགས་ཡས་རིམ་བཞིན་འགྲིམས་པ་དང་།  ༡༩༩༣ལོར་གཙོས་མི་རིགས་དགེ་འོས་ཆེད་གཉེར་སློབ་གྲྭ་ནས་ཐོན་པ་དང་།  ཀན་ལྷོ་ཁུལ་བོད་རིགས་འབྲིང་རིམཆེད་གཉེར་སློབ་གྲྭར་དགེ་རྒན་གྱི་ལས་ཀ་ལོ་གསུམ་ལ་བྱས།  ༡༩༩༧ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭར་ལས་གནས་སྤར་ནས་ད་ལྟའི་བར་དགེ་རྒན་གྱི་ལས་ཀ་བྱས། ༡༩༩༨ལོ་ནས་༢༠༠ལོའི་བར་ཀྲུང་གོའི་སྲིད་ཁྲིམས་སློབ་གྲྭ་ཆེན་མོ་ནས་སློབ་སྦྱོང་བྱས།  ༢༠༠༤ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་གནའ་རབས་བོད་ཀྱི་ལོ་རྒྱུས་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་།  ༢༠༠༧ལོའི་ཟླ་དྲུག་པར་མཐར་ཕྱིན་དམ་བཅའ་བཞག  ཁོས་མཐར་ཕྱིན་དཔྱད་རྩོམ་ལ་༼ བོན་སྒྲུང་ལྡེའུ་གསུམ་གྱིས་སྲིད་བསྐྱངས་ཚུལ་དང་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་ཀྱི་འཕེལ་རིམ་གླེང་བ་གཟི་མིག་དགུ་བ་ ༽ཞེས་པའི་ཤོག་ངོས་སུམ་བརྒྱ་དང་དྲུག་གི་བདག་ཉིད་ཅན་གྱི་དཔེ་དེབ་ཞིག་བྲིས་ཏེ།  ཤེས་ལྡན་པའི་ཁྲོད་ནས་དགའ་བསུ་ཆེན་པོ་ཐོབ།  ༢༠༡༡ལོ་ནས་༢༠༡༢ལོའི་བར་གངས་ཅན་ལུགས་ཟུང་གི་བཞེད་དགོངས་དང་བསྟན་བཅོས་ཀྱི་བྱུང་བ་བརྗོད་པ་༼ མི་མཐུན་གཡུལ་རྒྱལ ་༽ཞེས་པ་ཤོག་ངོས་བཞི་བརྒྱ་དང་ཞེ་གསུམ་ཅན་གྱི་དཔེ་དེབ་ཅིག་བྲིས་ཏེ་དཔར་བསྐྲུན་བྱས་ཡོད་པ་དང་།  ད་རུང་ཁོས་རྩོམ་སྒྲིག་བྱས་པའི་༼ བསམ་ཡས་དཀར་ཆག ༽དང་ལེགས་བཤད་བོད་རྒྱ་ཤན་སྦྱར༼ ཤེས་རབ་ཀྱི་སྤྱན་ ༽ཞེས་པ་དང་།  དེ་མིན་གཞུང་སྒེར་གྱི་དུས་དེབ་སྣ་ཚོགས་སུ་དཔྱད་རྩོམ་དང་སྙན་རྩོམ་སོགས་གང་མང་སྤེལ་པ་དང་།  ནུབ་བྱང་མི་རིགས་སློབ་ཆེན་དང་མཚོ་སྔོན་བརྙན་འཕྲིན་ཁང་གི་ཁ་བརྡའི་ལེན་ཚན་དང་གླེང་སྟེགས་ལེ་ཚན།   དེ་མིན་ས་གནས་དང་རྩ་འཛུགས་གང་མང་ཞིག་གིས་གདན་དྲངས་ཏེ་གཏམ་བཤད་དང་འཆད་ཁྲིད།   གཞན་ཡང་གཞུང་གི་མངགས་བཀོད་ལྟར་ལོ་ཙཱ་བའང་བྱས་མྱོང་།   ད་ལྟ་ཁོས་ཀན་སུའུ་ནང་བསྟན་སློབ་གྲྭར་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་དོ། །

ཁོང་གིས་བརྩམས་པའི་བརྩམས་ཆོས་རྣམས།

   སྤྱིར་དགེ་རྒན་ཞེས་པ་ནི་ཡོན་ཏན་ཡོད་པ་ཙམ་གྱིས་མི་ཆོག་པར་ནང་བསམ་བློའི་ཤེས་རིག་ཕུན་སུམ་ཚོགས་པ་དང་ཡོན་ཏན་གཉིས་ཡ་བྲལ་དུ་མ་སོང་བར་རང་གིས་གང་སྦྱངས་ལག་ལེན་ལ་བཏབ་སྟེ།  སྤྱི་ཚོགས་དང་མིའི་རིགས་ལ་ཕན་ཐོགས་མངོན་གྱུར་ཡོང་ཐུབ་པ་ཡིན་ན་ད་གཟོད་དགེ་རྒན་ཚད་ལྡན་ཞིག་རེད་བསམ། དགེ་རྒན་ཁོང་ལ་མཚོན་ན་གོང་གི་ཚད་གཞི་དེ་འདང་བར་འུར་བསྟོད་བྱ་མི་དགོས་པར་རིམ་གྱིས་ཁོང་གི་སློབ་ཁྲིད་ལ་ཉན་པ་དང་ཁོའི་བསམ་བློ་ལ་རྒྱུས་ལོན་བྱས་ན་ཤེས་ངེས་ཡིན།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
96xc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རེབ་སངས། སྤེལ་དུས:2014/12/1
རྗེས་རབས་པའི་མིག་དཔེར་འོས་སོ།།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
14393626
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号