ཐོ་ཡོར་གྱི་རང་མོས་བཏུས་རྩོམ་ཁག་དང་བོ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 5 ཚེས 21 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »ཐོ་ཡོར་གྱི་རང་མོས་བཏུས་རྩོམ་ཁག་དང་བོ།
ཐོ་ཡོར་གྱི་རང་མོས་བཏུས་རྩོམ་ཁག་དང་བོ།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2014/11/16ལྟ་ཀློག (1833)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

ངོ་གདོང་འདི་དག

                      
ཐོ་ཡོར། དཀར་མཛེས།
ཆགས་པ་ཁ་བོས་བཏུམ་པ་དག་གིས
སྐྲ་ལོ་ཤད་པ
ཆོས་གོས་བར་དུ་འཐོར་བའི་ཡིག་འབྲུ་ནག་པོ་དེའོ
ང་རང་ཁྱེད་ཀྱི་ཕོར་བའི་ཁར་ལྷུང་བའི
རྡུལ་ཚ་བོར་འགྱུར་སྲིད་དམ
མིག་ཤེལ་གྱི་འོག་ཏུ་བཅུད་མི་ཐུབ་པའི་རལ་བ་དམར་བོ
གློ་བུར་བའི་ངོ་གདོང་དེ་དག་ཡིན་ནམ


ཐག་པ་སྐྱ་བོའི་བསྡམས་པའི་སྟོན་པ་དག་གློ་བུར་དུ་འཁྲུལ་བ
ཁང་བའི་གནམ་བཅལ་དང་ས་གདན་བར་འཕུར་བའི
འབུ་མེ་ལྕེབས་ཀྱིས་ནམ་མཁའ་བཟོ་བའི་གྲིབ་མ་རེ་རེ

མིག   མེ་བུམ་གྱི་ལམ་ཆེན་ནས་དམར་བོར་གྱུར
སྣ།   འཁྱུད་པའི་ཚིག་དྲི་མ་ཚོར་བས་འཁར་བའི་ཐོག་ཏུ་ལྷུང
དཔེ་དེབ་དེ་ཡང་མེ་དམར་གྱི་འོད་གོང་ལས་ལག་སོན་མ་བྱུང

ངས་ཇ་ལྗང་ཁོ་ན་བཏུང
དེའི་རྗེས་སུ་ང་ཡང་ལྗང་གུ་ཞིག་ཏུ་གྱུར
ཚོར་བ་སྐྱུར་མོའི་རིགས་དེས་ངའི་མིག་མདུན་དུ་ཡོད་པ་དེ་ཚོ
ལྗང་གུ་ཞིག་ཏུ་བསྒྱུར་ཐབས་བྲལ
ང་ལ་རྨི་ལམ་ཞིག་ཡོད
མིག་ར་ལྗང་གུ་ཞིག་གྱོན་རྒྱུ་དེའོ

འཚམས་རེར
ངོ་གདོང་འདི་དག་ཡང
ངོ་གདོང་ལྗང་གུའི་སྟེང་གི་སྐུད་པ་ཕྲ་མོ་ཞིག་ཡིན་ན་བསམ

ངོ་གདོང་འདི་དག
སྨ་ར་སྟུག་པོ་ལྟར་འཛིང་བའི་འཇིག་རྟེན་ཞིག་གོ

                      2014.6.28
ལ་ཇ་ཁང་ཞིག་ནས།


སྙན་ངག་རེ་འབྲི་འདོད་དུས།

སྙན་ངག་རེ་འབྲི་འདོད་དུས།
གཡང་གཟར་གྱི་རྩིབས་སུ་ཉལ་བའི།
མི་དེའི་ལང་ཚོ་སེམས་སུ་འབར།
སྙན་ངག་རེ་འབྲི་འདོད་དུས།
སེམས་པ་གཤིབ་རུས་བྱས་ནས་ཡལ་བའི།
མེ་ཏོག་གི་ཚིག་འཕྲོ་མིག་ཁར་ཐོགས།
འདས་སོང་གི་ལོ་མ་ཁ་ཤས་ཤུགས་ཀྱིས་མཆོང་།
མགོ་བོའི་གས་སྲུབས་ནས་འཐོར་བའི་ཆར་བ་བཞིན།
ཐ་སྙད་དེ་ཚོ་ཤོག་བུར་བླུགས་ཐབས་བྲལ།

མུན་པའི་ཡོལ་བ་འཐེན་རྗེས་ཀྱི་རྐང་ལམ་ན།
ཞི་ལ་ནག་པོ་ཞིག་གཅེར་བུར་བརྒྱུག་པས།
མིག་ཤེལ་ཁྲག་དམར་གྱིས་བཏུམ་པ་ལས།
ཚ་བའི་སྡུག་བསྔལ་གཏད།
ཟླ་བའི་ཟིལ་དུག་དང་སྐར་མའི་གཅོང་རོང་།
སྒྲོན་མའི་བཙན་གཡེམ་དང་།
ཉི་མའི་རྦབ་རྡོ་སོགས་ནམ་མཁར་འཁྱིལ་བས།
ང་ཡིས་རྣམ་ཤེས་གློད་མ་སོང་།
སྙན་ངག་རེ་འབྲི་འདོད་དུས།
སྣང་བའི་ཁ་རུ་ཐོན་པ་ནི་མུན་པ་ཁོ་ནའོ།
                                  2014.4.23

མེ་ལོང་ནང་གི་མཚན་མོ།

མི་རྟག་པའི་དབྱིངས་སྲིད་པའི་བླ་ནས་འཕོས་སྐབས།
ང་ཡི་དྲན་པ།
མེ་ལོང་ལ་འཆར་བའི་གྲི་རྩེ་ཡི་མེ་ཏོག་རེ་རེ།
ཁྱེད་ཀྱི་མཇུག་མཐའི་གླུ་སྐད་སྣང་བར་ཐིམ་པའི་སྐད་ཅིག་མ།
མུན་པར་གོམས་འདྲིས་མེད་པའི་འགྲུལ་བའི།
རྣམ་ཤེས་སྟེང་གི་འཁྱགས་རོམ།
སུ་ཞིག་གིས་ལག་པ་ཚུར་བསྲིང་ནས་ཅི་ཞིག་འཁྱེར་རྩིས་བྱེད།
ཁེར་རྐྱང་གི་གདུངས་བ་སུ་ལའང་བཤད་མི་ནུས།
འཁྱགས་སིབ་སིབ་ཀྱི་སྨིག་པའི་ཀློང་གི་ན་བུན་སྐྱ་བོ།

མིག་ལམ་དུ་གདོང་ཕྱེད་བཏུམ་པའི་ལྷ་མོ་ཞིག་གིས།
སྟོང་བའི་ཁམས་སུ་ཕྱག་རྒྱ་བཏབ་ནས་རབ་རིབ་ཏུ་གྱུར།
ཆགས་པའི་སོར་གདུབ། སྲེད་པའི་དུར་ས།
མལ་སའི་དྲོད་དུ་འཁྱིལ་བའི་འདོད་པའི་གཡེར་དྲིལ།
འཕྲུལ་སྣང་གི་སྡོམ་རྒྱར་ཚུད་པའི་བྱིའུ།
མིག་གིས་ཟིན་པའི་བརྩེ་འཕྲིན་གྱི་འཇའ་ཡི་རྣམ་འགྱུར།
གློ་བུར་དུ་སེམས་ནང་ལ་འབར།
                                                2014.5.13


ཐོ་ཡོར་གྱི་བཏུས་རྩོམ་ཁག་གཉིས་པ།

        ཐོ་ཡོར་གྱི་བཏུས་རྩོམ་ཁག་གསུམ་པ།

                  ཐོ་ཡོར་གྱི་བཏུས་རྩོམ་ཁག་བཞི་བ།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
52t8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14202906
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号