སུམ་རྟགས་རྩ་ཚིག་གི་འཆི་ལྟས་མངོན་བྱུང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 20 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »སུམ་རྟགས་རྩ་ཚིག་གི་འཆི་ལྟས་མངོན་བྱུང་།
སུམ་རྟགས་རྩ་ཚིག་གི་འཆི་ལྟས་མངོན་བྱུང་།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/11/28ལྟ་ཀློག (2495)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཇུག་མས་བྲིས།

    སྲོང་བཙན་གྱིས་རྒྱལ་ས་བཙུགས་ཏེ།    ཐོན་མིས་ཡི་གེ་བསྒྱུར་བ་ནས་ད་བར་ཧ་ལམ་ལོ་ངོ་ཆིག་སྟོང་བཞི་བརྒྱ་ལྷག་ཕར་འདས་ཤིང་།     ལོ་ངོ་འདི་འདྲ་མང་བོའི་རིང་བོད་མགོ་ནག་པ་དག་གི་ཆོས་སྲིད་རིག་གནས་གང་ཡང་དར་ཞིང་རྒྱས་ཞེས་དམན་པ་དག་གིས་ཀྱང་མགྲིན་པ་དབྱིངས་སུ་བཏེགས་ནས་སྨྲ་ཞིང་སྨྲ་བར་སྤོབས་ནའང་།   དུས་འདིར་སླེབས་དུས་ད་དུང་བརྡ་སྤྲོད་བྱ་གང་ཡང་སུམ་རྟགས་རྩ་ཚིག་རྣམ་གཞག་གི་རྒྱ་ལས་འདའ་མ་ཐུབ་པ་ནི་ངོ་ཚ་ཆེན་མོ་ཞིག་ག་ནས་མིན་ཏེ།    ལོ་ངོ་ཆིག་སྟོང་སྔོན་གྱི་མི་བུ་བྱེ་བྲག་བ་ཞིག་གིས་བརྩམས་པར་གྲགས་པའི་རྩ་ཚིག་གིས་དུས་ད་བར་བོད་མགོ་ནག་པ་ཡོངས་ཀྱི་བློ་ཁ་འཐུས་པར་བྱས་ཤིང་བྱེད་མུས་སུ་ལགས། 

           འདི་ལྟར་ཁོ་བོས་སྐད་གསེང་མཐོན་པོའི་ཐོན་མི་ནས་དབུ་བརྩམས་པའི་བརྡ་སྤྲོད་རྩ་ཚིག་རྣམ་གཞག་དང་བཅས་པར་མེད་པར་གཏང་ཐུབ་དོན་ནི་སྔ་རབས་མཁས་པས་བརྩམས་པར་གྲགས་པའི་བརྡ་སྤྲོད་པའི་བརྩམས་ཆོས་གང་ཡང་ཐོན་མིའི་རྩ་ཚིག་ལ་འགྲེལ་བ་འགྲེལ་བཤད་ཙམ་བྱས་པ་ལས་བོད་ཕལ་མོ་ཆེའི་སྐད་དང་བསྟུན་ནས་དེའི་ངེས་ལུགས་ལ་ཞིབ་འཇུག་དང་དཔྱད་པ་བཏང་མ་མྱོང་བས་སོ།།

       སྤྱིར་ཁོ་བོས་གཞན་དུ་འཆད་མྱོང་བ་བཞིན་སྐད་ཕར་ཡི་གེའི་རྣམ་གཞག་ལ་བསྟུན་པ་དང་།  ཡི་གེའི་རྣམ་གཞག་ཚུར་སྐད་ལ་བསྟུན་པ་ནི་གནད་དོན་ཞིག་ཏུ་ལྟ་རུང་ཞིང་།     གང་གང་དུ་བསྟུན་ནའང་དགེ་ཆོས་སོ་སོ་ནས་འདྲེན་རྒྱུ་ཡོད་དེ།    དོན་གྱི་འབབ་ས་ནི་འུ་ཚོས་དུས་ད་བར་ཐོན་མིས་བརྩམས་པའི་རྩ་ཚིག་ལ་འགྲེལ་བ་འགྲེལ་བཤད་ཙམ་རྩོམ་པ་ལས་སྐད་རྨང་གཞི་བྱས་པའི་ཡི་གེའི་རྣམ་གཞག་ཐད་བརྟག་དཔྱད་དང་ཞིབ་འཇུག་བྱས་མ་མྱོང་ལ།    ཞེན་རིག་དེའི་དབང་གིས་ངེད་ཅག་མ་གཞི་ནས་འབྲུ་འགྲེལ་དང་ཚིག་འགྲེལ་རྩོམ་པ་ལ་ཤིན་ཏུ་མཁས་ཤིང་།      ཁོ་བོ་འདུ་བའི་མི་མཐའ་དག་དངོས་ཡོད་ཀྱི་འཚོ་བ་དང་ཁ་གཏད་དུས་སླར་ཡང་ལྐོག་གྱུར་གྱི་ཕྱི་མ་དང་རྒྱུ་འབྲས་རྣམ་གཞག་ལེན་ལ་མངོན་པར་ཕྱོགས་པས་འདི་མཐའ་དག་འུ་ཚོའི་རིག་གནས་སྤྱིའི་གཞུང་ཤིང་དང་འབྲེལ་བ་ནི་མ་བཤད་ཀྱང་ཇི་བཞིན་གསལ་བ་ལྟར་ལགས་ན།        འདིར་སྤྲོ་བའི་དགོས་པ་མ་མཆིས་པས་རེ་ཞིག་བསྐྱུར་རོ།།        

        ལར་ངས་ནི་སུམ་རྟགས་དག་ཡིག་གི་རྣམ་གཞག་འདི་འུ་ཚོའི་ཁོར་ཡུག་ནས་ཕར་གཡུགས་ཞེས་འུད་ཤོད་པ་མིན་ལ།      དེ་ལྟར་ནུས་སྲིད་པའང་མ་མཆིས་ཏེ།      ལོ་ངོ་ཆིག་སྟོང་ལྷག་གི་ཡི་གེའི་རྣམ་གཞག་རྙིང་ཞིང་གོག་པ་འདིར་དུས་ཀྱི་གཤོག་པ་བཙུགས་ནས་བརྡ་སྤྲོད་རྣམ་གཞག་དང་བཅས་པ་འཐུས་ཇེ་ཚང་དང་ཁ་ཇེ་གསལ་དུ་གཏོང་བ་ནི་ཁ་ཚ་དགོས་གཏུག་ཏུ་འགྱུར་སླད།    འདིར་བདེན་པའི་ཀུ་ཅོ་འབོད་པ་ཡིན།      

            སྤྱིར་ཡི་གེ་ནི་སྐད་ཀྱི་རི་མོའི་རྣམ་པ་ཙམ་དུ་ཟད་ཅིང་།    ཡི་གེའི་རྣམ་གཞག་ཀྱང་སྐད་ཀྱི་འཆད་ལུགས་ཙམ་དུ་གོ་བས་ན།     བརྡ་སྤྲོད་པའི་ལུགས་ཆེ་ཆུང་གང་ཡང་སྐད་ཀྱི་སྦྱོར་ལུགས་དང་བསྟུན་ནས་བཟོ་དགོས་ཤིང་།    རིམ་བཞིན་སྐད་འགྱུར་བ་དང་བསྟུན་ནས་རྣམ་གཞག་རྩ་ཚིག་དང་བཅས་པ་ཞིག་ཅིང་རལ་ཏེ།    འགྱུར་ངེས་པ་ནི་སྐད་རྨང་གཞི་བྱས་པའི་ཡི་གེའི་གཏན་སྲོལ་ཁོ་ནའོ།།        དེ་བས་ལོ་ངོ་ཆིག་སྟོང་སྔོན་གྱི་སུམ་རྟགས་དག་ཡིག་གི་རྣམ་གཞག་འདིས་ནི་དེང་གི་འུ་ཚོའི་སྐད་ཀྱི་ཚབ་བྱ་མི་ཐུབ་སྟེ།     དེ་དེའི་རྩ་འགྲེལ་དང་ཡང་འགྲེལ་དག་གི་དངོས་ཤུགས་དབྱེ་བའི་འགྲེལ་སྟངས་ལས་ཀྱང་གསལ་བོར་གོ་སླ་ལ།  དོན་དམ་དེ་ནི་སུམ་རྟགས་དག་ཡིག་རྩ་བའི་རྣམ་གཞག་གི་འཆི་ལྟས་ཕྱིར་མངོན་པ་རེད། 

                 ཅི་སྟེ་སུམ་རྟགས་རྣམ་གཞག་འདིས་འུ་ཚོའི་དེང་གི་སྐད་བརྡའི་ཚབ་བྱ་དཀའ་ན།  ད་ནི་དུས་དང་མཐུན་པའི་བརྡ་སྤྲོད་རྣམ་གཞག་ལུགས་མཐུན་ཞིག་བཟོ་དགོས་ལ།   དེ་ཇི་ལྟར་བཟོ་དགོས་ཞེས་འདྲི་ན། དེ་ཡང་དུས་སྐབས་འདིའི་སྐད་དང་བསྟུན་ཏེ་འཆི་ལྟས་མངོན་པའི་རྣམ་གཞག་རལ་བོ་འདིའི་འཆིང་རྒྱ་གཏོར་ནས་དེར་ཁ་སྣོན་དང་བཟོ་བཅོས་རབ་དང་རིམ་པ་ཞིག་རྒྱག་དགོས་ཏེ།   དེ་ལྟར་ན་ནི་དུས་དང་མཐུན་པའི་རྣམ་གཞག་ཁ་ཚང་ཞིག་འཐོན་ཐུབ་བོ།།

         སྤྱིར་སྐད་གང་ཡང་དུས་དང་བསྟུན་ནས་འགྱུར་བས་དེའི་གཏན་སྲོལ་དང་ངེས་ལུགས་ཀྱང་རིམ་བཞིན་འགྱུར་དགོས་པ་ནི་བྱ་དངོས་སྤྱིའི་འཕེལ་རྒྱས་ཀྱི་ཆོས་ཉིད་ཅིག   དེ་བས་བོད་ཡིག་རྣམ་གཞག་འདིའང་དུས་ཀྱི་འགྱུར་ལྡོག་དང་བསྟུན་ནས་འགྱུར་ན་འགྲིག་མོད།   ང་ཚོའི་ད་དུང་ལོ་ངོ་ཆིག་སྟོང་སྔོན་གྱི་རྩ་ཚིག་གམ་རྣམ་གཞག་འདི་ལས་ཐར་མ་ཐུབ་པར་འདིར་འབྲུ་འགྲེལ་ཚིག་འགྲེལ་རེ་རྩོམ་ཁུལ་གྱིས་དུས་འདའ་བར་བགྱི་བ་ནི་གླེན་ཚིགས་ཁོ་ནར་ཟད་ཅིང་།    དེ་ལ་ད་དུང་འཛིན་པ་དང་སྐྱོང་བ།  སྤེལ་བའི་སྒྲོ་འདོགས་པ་འདི་གནམ་གྱིས་ཀྱང་ཁོབས་དཀའ་བའི་ནག་ཉེས་རིགས་ཤིག་གོ།

         ཞིབ་ཏུ་སོམས་དང་།  བོད་ཀྱི་སྔ་རབས་བརྡ་སྤྲོད་རྣམ་གཞག་འདི་གཅིག་ནས་རྒྱ་གར་བའི་ལུགས་ལ་བསྟུན་དྲགས་ཅིང་།    གཉིས་སུ་ཕྱི་མོའི་རྩ་ཚིག་གི་དབང་དུ་སོང་བ་མང་བས་དུས་རིམ་གང་གི་མཁས་པ་སུ་དང་སུས་ཀྱང་བོད་རང་གི་སྐད་རྐྱང་མར་གཞིགས་ནས་དེའི་ངེས་ལུགས་ལ་ཞིབ་འཇུག་བྱས་མ་མྱོང་ཞིང་།  དཔེར་ན།   རྣམ་དབྱེ་དང་པོ་ནི་མིང་ངོ་། ། ཞེས་པའི་ཁ་ཐོན་ཙམ་ལས་མིང་གི་འཇུག་ཡུལ་དུ་གྱུར་བའི་དབྱེ་བ་བྱེ་བྲག་པ་རེ་རེ་ནས་སྟོན་ཐུབ་མེད་པ་འདི་གཅིག་པུས་ཀྱང་སུམ་རྟགས་རྩ་ཚིག་རྣམ་གཞག་གི་འཆི་ལྟས་ཕྱིར་མངོན་འོངས་པ་རྟོགས་པས་ད་ནི་རྒྱ་དྲི་བྲོ་བའི་རྩ་ཚིག་རལ་བོ་འདིར་འབྲུ་འགྲེལ་དང་ཚིག་འགྲེག་གི་ལྷན་པ་གླན་ནས་ངའི་ཨ་མའི་ཕོར་བ་གཙང་ཁུལ་གྱིས་རྫུ་བྱ་བ་ལས་རང་སྐད་དང་བསྟུན་ཏེ།   གཞན་སྐད་གཞན་ཡིག་གི་ལེགས་ཆ་བླངས་ནས་འཐུས་སྒོ་ཅུང་ཚང་ཞིང་དུས་བབ་དང་མཐུན་པའི་རྣམ་གཞག་ཡག་པོ་ཞིག་བཟོ་བ་དགའ་སྙམ་ཞིང་།     ཤ་ཚའི་ཚིག་སྙན་པར་མི་སྨྲ་ལ།    འཁྲིས་པའི་སྨན་ཞིམ་པོ་མིན་པའི་དཔེ་དེ་ངེས་པར་གྱིས།  

     མི་ཅུང་རིག་ཡག་ཅིག་ཡིན་ན།    འུ་ཅག་དུས་ད་བར་སུམ་རྟགས་རྩ་ཚིག་གི་རྒྱ་ལས་ཐར་མ་ཐུབ་པའི་ཚུལ་ངེས་སྲིད་ལ།    ད་ནི་འདིའི་འཆིང་རྒྱ་གཏོར་ནས་གོམ་པ་སྤོ་རན་པའང་རྟོགས་པས་འདིར་ཡང་དང་བསྐྱར་དུ་ལུང་རིགས་བསྡབས་ནས་སྤྲོ་བའི་དགོས་པ་སྤུ་ཙམ་མེད་ནའང་།    དུང་ཞེན་རྐྱང་མ་ལབ་ཤེས་པ་འགའ་རེ་གནས་ལུགས་བསུབས་པ་ལ་མངོན་པར་རྒྱུག་རྐྱེན།   ཐ་མར་འདིར་ཡང་བསྐྱར་སྐད་གསེང་མཐོན་པོས་ད་ནི་སུམ་རྟགས་རྩ་ཚིག་གི་འཆི་ལྟས་མངོན་བྱུང་ཞེས་ཀི་བཏབ་པ་ཡིན།  

༼ དངོས་མིང་ཡང་གསང་ངམ་སྨྱུག་མིང་དུ་མཇུག་མར་འབོད་པས་བྲིས།  ༽


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
oldr བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42051041
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1