ཁུང་ཙིའི་ནག་ཉེས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ཁུང་ཙིའི་ནག་ཉེས།
ཁུང་ཙིའི་ནག་ཉེས།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/1/2ལྟ་ཀློག (2110)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁུང་ཙི་ནི་ཀྲུང་གོ་བའི་བསམ་བློ་དང་སྨྲ་བརྗོད་ལ་ཉེས་མིང་འདོག་མཁན་ཐོག་མ་ཡིན།

ལེ་མེན།

    ཁུང་ཙི་བགྲེས་པོའི་སྲོལ་རྒྱུན་དེ་གཞུང་བཟང་དཀྱེལ་ཡངས་དང་འཆམ་མཐུན་ཞི་བདེ་ཡིས་མི་ལ་བྱམས་པའི་སྲོལ་རྒྱུན་ཞིག་ཡེ་ནས་མིན། ཁུང་ཙིས་མི་ཚེ་གང་བོར་དཔོན་པོར་འདུག་པར་བརྩོན་ལེན་བྱས་ཤིང༌། དཔོན་པོར་བསྡད་རྗེས་ཐོག་མའི་ལས་ཀ་ནི་མི་གསོད་པར་རྔམ་པ་དེ་རེད། མི་སུ་བསད་སོང་ཞེ་ན། ཧྲའོ་ཀྲེང་མའོ[1]བསད་སོང་བ་རེད། འོ་ན་དེ་གསོད་དགོས་པའི་རྒྱུ་མཚན་ནི། ཧྲའོ་ཀྲེང་མའོ་ཡིས་ཁུང་ཙིས་གཏན་ལ་ཕབ་པའི་བསམ་བློ་དང་སྨྲ་བརྗོད་ཀྱི་བཅས་ཁྲིམས་ལ་རྒྱབ་འགལ་བྱས་པས་ཡིན་ཅིང༌། སྐད་ཆ་ཐར་བཅད་ན། ཁུང་ཙིས་ཧྲའོ་ཀྲེང་མའོ་ལ་ཕྲག་དོག་བྱེད་བཞིན་ཡོད་པས་སྔ་མོ་ཞིག་ནས་ཧྲའོ་ཀྲེང་མའོ་གསོད་པའི་གླགས་འཚོལ་མུས། དོན་དག་འདི་ཕྱིས་ཀྱི་རུའུ་ལུགས་མཁས་པ་ཞུན་ཙི[2]འིགསུངས་རྩོམ་ཁྲོད་གསལ་ཁ་འབྱིན་ཡོད།

   “ཁུང་ཙི་ལུའུ་རྒྱལ་ཁབ་ཀྱི་བློན་ཆེན་ལ་བསྡད་ཅིང༌། བློན་གྱི་འགན་བཞེས་ཏེ་ཉིན་བདུན་མ་འགོར་བར་ཧྲའོ་ཀྲེང་མའོ་བསད། ཁོའི་སློབ་མ་མདུན་དུ་ལྷགས་ཏེ། ཧྲའོ་ཀྲེང་མའོ་ནི་ལུའུ་རྒྱལ་ཁབ་ཀྱི་མཁས་ཆེན་ཞིག་ཡིན། ཁྱེད་ཀྱིས་དབང་བཟུང་མ་ཐག་ཁོ་བསད་ན་མི་གཞན་པའི་སེམས་ཤུགས་ཆགས་འགྲོ་བར་མི་འདོད་དམཞེས་དྲིས་པར། ཁུང་ཙི་ན་རེ། ཁྱོད་མར་སྡོད་དང་། ངས་ཁྱོད་ལ་ཁོ་གསོད་དགོས་པའི་རྒྱུ་མཚན་བཤད། མི་ལ་རྐུ་འཕྲོག་ཕུད། ནག་ཉེས་རིགས་ལྔ་ཡོད་དེ། གཅིག་ནི་ནང་སེམས་རང་དབང་ཡིན་ན་ཉེན་ཁ་ཆེ། གཉིས་ནི་སྦྱོར་བ་ལོག་ལྟ་ཡིན་པས་རང་འདོད་བྱེད། གསུམ་ནི་སྨྲ་བརྗོད་ཟོལ་བཅོས་ཡིན་ཀྱང་རྩོད་མཁས་པ། བཞི་ནི་ཟིན་ཐོ་འབོར་ཆེན་བྲིས་ཏེ་ཞེ་མེར་བའི་གསར་འགྱུར་སྤེལ་བ། ལྔ་ནི་ལྟར་སྣང་ལྟ་ཚུལ་བདེན་དུ་བཟུང་ནས་གཞན་ལ་བདེན་ཅོག་ཅོག་གིས་སྨྲ་བའོ། །ནག་ཉེས་འདི་ལྔ་ལས་ནང་གི་གཅིག་ལྡན་ཚེ། རྒྱལ་བོས་མི་དེའི་ཁྱིམ་རྒྱུད་རྩ་མེད་དུ་མི་བཟོ་བའི་ངེས་པ་མེད་ན། ཧྲའོ་ཀྲེང་མའོ་ལ་ནག་ཉེས་འདི་ལྔ་བོ་ཡོངས་སུ་ཚང་འདུག དེ་བས་ཁོས་རང་གི་སྡོད་གནས་སུ་མི་མང་པོ་བསྡུ་འགུགས་བྱེད་ཅིང༌། ཁོའི་སྨྲ་བརྗོད་ཀྱིས་མི་སེམས་བསླུ་སྲིད་ལ་ཁོའི་སྙིང་སྟོབས་དེས་ཁོ་ནི་གཞུང་ཕྱོགས་སུ་ངོ་རྒོལ་བྱེད་པའི་མགོ་ཁྲིད་དུའང་འགྱུར་ཉེན་ཆེ། དེ་བས་ཁོ་ནི་མིའུ་ཆུང་ཞིག་ཡིན་པར་མངོན་འདུག་པས། ཁོ་ངེས་པར་གསོད་དགོསཞེས་ལན་བཏབ།

   ཁུང་ཙི་བགྲེས་པོས་བགྲངས་པའིནག་ཉེས་རིགས་ལྔ་བོལས། རིགས་གཉིས་པ་དེ་མིའི་སྦྱོར་བ་དང་འབྲེལ་མོད། འོན་ཀྱང་སྦྱོར་བ་ཅི་ལྟ་བུ་ཞིག་ཡིན་མིན་ཞིབ་ཆ་བཏོད་མི་འདུག དེའི་འཕྲོས་ཀྱི་རིགས་བཞི་བོ་ཡོངས་ནི་མིའི་བསམ་བློ་དང་སྨྲ་བརྗོད་ལ་འབྲེལ་འདུག དེར་བལྟས་ན། ཧྲའོ་ཀྲེང་མའོ་ནི་སྨྲ་བརྗོད་དང་བསམ་བློའིནག་ཉེསབཟོས་པ་ལས་ཁུང་ཙི་བགྲེས་པོས་གདུག་རྩུབ་ཀྱིས་བསད་སོང་བ་ཤེས་འོང༌།

   གོང་སྨྲས་ལྟར་ན། ཁུང་ཙི་བགྲེས་པོ་དངོས་ནས་ཀྲུང་གོའི་ལོ་རྒྱུས་སྟེང་ཐོག་དང་པོར་བསམ་བློ་དང་སྨྲ་བརྗོད་ལ་ཉེས་མིང་འདོགས་མཁན་དང་མི་གསོད་ལག་དམར་ཡང་ཡིན་པ་ཐག་གིས་བཅད་ཆོག དེར་བརྟེན། ཁུང་ཙི་བགྲས་པོ་ནི་ཀྲུང་གོ་བའི་བསམ་བློ་དང་སྨྲ་བརྗོད་ཁེ་དབང་ལ་བཀག་སྡོམ་དང་བཤུ་གཞོག་བྱེད་པའི་མེས་པོ་དེ་ཡིན་འདུག་ཀྱང། ང་ཚོའི་ཀྲུང་གོ་བས་ཚེ་ཚེ་རབས་རབས་སུ་ཁོང་ཉིདསྐྱེས་བུ་དམ་པཞིག་ཏུ་བཀུར་བཟོ་བྱེད་པས། དེ་ནི་ད་གཟོད་ཀྲུང་གོ་བའིལས་དབངངོ་མ་བོ་ཡིན་འདུག

   འདིས་གནའ་བོའི་ཀེ་རི་སེའི་སའོ་ཁིར་ཁྲེ་ཟི[3]འི་འདས་རྐྱེན་ངའི་ཡིད་ལ་འཆར་དུ་བཅུག་བྱུང༌། སའོ་ཁིར་ཁྲེ་ཟི་ནི་ཁོའི་བསམ་བློ་དང་སྨྲ་བརྗོད་ཀྱི་ཆེད་དུ་བཀྲོངས་ཤིང༌། ན་གཞོན་པར་ལོག་ཁྲིད་ཀྱིས་ལྷ་ལ་དད་གུས་མི་བྱེད་པའི་ནག་ཉེས་བཀལ། འོ་ན་ཧྲའོ་ཀྲེང་མའོ་ནི་ཀྲུང་གོའི་ཆེས་སྔ་བའིསའོ་ཁིར་ཁྲེ་ཟིཡིན་ནམ་ཞེ་ན། ལོ་རྒྱུས་ཡིག་ཆ་དཀོན་པོ་དག་ལ་ཁུངས་གཏུགས་ཏེ་བཤད་ན། ཧྲའོ་ཀྲེང་མའོ་ནིཁྲིམས་ལུགསཀྱིསགུས་ལུགསལ་ངོ་རྒོལ་བྱེད་པའི་ཡོན་ཏན་པ་ཞིག་ཡིན། རྒྱུ་མཚན་དེས་ཞུན་ཙིའི་རྒྱུད་ལ་སྙིང་རྗེ་ཅུང་ཙམ་སྐྱེས་ནས་ཅུང་དངོས་ཐོག་བདེན་འཚོལ་གྱིས་རུའུ་ལུགས་ཀྱི་གསང་བའི་ལོ་རྒྱུས་ཚན་པ་འདི་ཟིན་བྲིས་སུ་བཏབ་པ་ཡིན་ལོས་ཆེ། དུས་སྐབས་དེར། ཧྲའོ་ཀྲེང་མའོ་ནི་ཁུང་ཙི་དང་བསྡུར་ཚེ་མ་མཐའ་ཡང་སྐབས་དེའི་ཤེས་རིག་གི་ཕྱོགས་སུ་གཞོལ་བའི་སྔོན་བསྐྱོད་ཀྱི་ཤེས་ཡོན་པ་ཞིག་ཡིན་འདུག་སྟེ། ཁོས་ཅུང་འདྲ་མཉམ་ཡིན་པའིཁྲིམས་ལུགསཀྱིས་འདྲ་མཉམ་མིན་པའིགུས་ལུགསཀྱི་ཚབ་བྱེད་པའི་རེ་བ་བཏོན། དེ་སའོ་ཁིར་ཁྲེ་ཟིའི་འདས་རྐྱེན་དང་གཤིབ་ན། སའོ་ཁིར་ཁྲེ་ཟི་ནི་འདྲི་གཅོད་ལས་རོགས་ལྔ་བརྒྱ་ཡིདམངས་གཙོསབསད་ཅིང་། ཧྲའོ་ཀྲེང་མའོ་ནི་ཁུང་ཙི་གཅིག་པུའིསྒེར་གཅོདཀྱིས་བསད་སོང་། ཧྲའོ་ཀྲེང་མའོ་བསད་པའི་ལོ་རྒྱུས་ཀྱི་དོན་རྐྱེན་འདིའི་ནང༌། ཁུང་ཙི་སྒེར་ལ་ཉེས་པ་ཡོད་པ་ཐེ་ཚོམ་མི་དགོས་ཏེ། ཁོས་བསགས་པ་ནི་བསམ་བློའི་ཁེ་དབང་ལ་རྒོལ་བ་དང་སྨྲ་བརྗོད་ཁེ་དབང་ལ་རྒོལ་བ། ཚོགས་འཛུགས་ཁེ་དབང་ལ་རྒོལ་བ། ཉེས་མེད་མི་གསོད་ཀྱི་ལོ་རྒྱུས་ཐོག་མར་བཏོད་ནས་འགྲོ་མིའི་ཐོབ་ཐང་ལ་རྒོལ་བའི་ཐ་ཤལ་གྱི་ཉེས་པ་ཞིག་ཡིན། ཁུང་ཙིའི་སྐྱོན་ཅན་གྱི་སེམས་ཁམས་སུ་བལྟས་སོང་ན། ཕྲག་དོག་གིས་མི་བསད་པ་མངོན་གསལ་ཆེ། རྒྱུ་མཚན་དེས་ཁོས་ད་གཟོད་ཁུངས་ལུང་མེད་ཅིང་དོན་མེད་རྩོད་སློང་གིས་ཁྲིམས་འགལ་ལུགས་འགལ་ཡིན་ནའང་བསམ་བློ་དང་སྨྲ་བརྗོད་ལ་ཉེས་མིང་བཙན་གྱིས་བཏགས། དོན་དག་འདིའི་སྟེང་ནས། དོན་ངོ་མར་ཁུང་ཙི་ནི་ནང་སེམས་བདུད་ཀྱིས་བརླམས་པའི་སྐྱེས་བུ་རྫུན་མ་ཞིག་ཡིན་པ་ཤེས་ཐུབ། ཁ་ནས་སྙན་མོ་གླུ་ཡི་འོ་ཞོ་འཇོ་ཡང་མི་གསོད་པར་ཨ་ཅང་བག་མི་ཚ་བར་འདུག་པས། དེང་གི་མི་རྣམས་དྲང་བདེན་གྱི་ཕྱོགས་སུ་ལངས་ནས་ཁུང་ཙིའི་ནག་ཉེས་ཐེར་འདོན་བྱེད་དགོས་ཤིང༌། ཀྲུང་གོའི་མི་རིགས་ཀྱི་སྤྱིའི་ཁེ་དབང་གི་ཆེད་དུམ་ཉེས་ཁག་གཡོགས་ཀྱི་གྱོད་དོནའདི་ངེས་པར་དཀར་འདོན་བྱེད་དགོས།

   འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱིས་སྔར་ལས་བདེན་དཔང་བྱེད་ངེས་ཏེ། གནའ་བོའི་ཀེ་རི་སེའི་སྔོན་གཤེགས་དཔའ་བོ་སའོ་ཁིར་ཁྲེ་ཟི་ལྟ་བུདེ་བཞིན་ཕྱིས་སུ་བྱོན་པའི་ཡེ་ཤུ་ཡང་འདུབྱུང་བའི་རྐྱེན་གྱིས་འགྲོ་བ་མིའི་སྤྱི་ཡི་བློ་རིག་གི་སྒོ་འཕར་ཐོག་མར་ཕྱེས་པ་དང༌། ཀྲུང་གོའིསྐྱེས་བུ་དམ་པཁུང་ཙི་ནི་དེ་ལས་ལྡོག་སྟེ། ཁོའི་དུས་ནས་བཟུང་ཀྲུང་གོའི་མི་རིགས་ཀྱི་བློ་རིག་གི་རྩ་བ་དྲུང་ནས་ཕྱུང་པས་ཀྲུང་གོ་བ་ནམ་ཡང་ཤེས་རྨོངས་ཀྱི་གྲོག་རོང་ལས་ཐར་མ་བྱུང་། དེ་ཡང་ཧྲའོ་ཀྲེང་མའོ་ཡི་དོན་རྐྱེན་དེ་ལས། བསམ་བློ་དང་སྨྲ་བརྗོད་ལ་ཉེས་མིང་བཏགས་ཏེ་ཀྲུང་གོ་བའི་བསམ་བློ་དང་སྨྲ་བརྗོད་ཁེ་དབང༌། ཚོགས་འཛུགས་ཁེ་དབང་སོགས་ཀྱི་ཁེ་དབང་བཀག་སྡོམ་བྱས་པས། ཁུང་ཙི་ནི་ཏག་ཏག་དུར་རྫས་རྫ་མི་ལས་མཁན་ཐོག་མ་དེ་ཡིན་པ་ཤེས་ནུས། དེ་བས་ཁུང་ཙི་ནི་ཕྱིས་ཀྱི་སྒེར་གཅོད་དབང་བསྒྱུར་པ་ཡོངས་ཀྱིས་མིག་དཔེ་འཇོག་སའི་མེས་པོ་དང༌། དེ་ཚོས་ཁུང་ཙིས་བསམ་བློ་དང་སྨྲ་བརྗོད་ཀྱི་ནག་ཉེས་གཏན་ལ་ཕབ་པ་དེར་བསྟུན་ནས་མ་ཉེས་ཁག་དཀྲི་ཡི་ལོ་རྒྱུས་དོན་རྐྱེན་བཟོས་ཤིང༌། ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་རིང་། ཆེས་གདུག་རྩུབ་དང་ཤན་ཞུགས་ཆེ་བའི་ཀྲུང་གོ་བའིཤེས་ཡོན་པ་བཙོན་འཇུག་གི་ལོ་རྒྱུས་ཀྱི་འབྱུང་ཁུངས་ཀྱང་དེ་ནས་བྱུང་ངོ་།།


[1]ཧྲའོ་ཀྲེང་མའོ།(少正卯,?-སྔོན་གྱི་ལོ496 གནའ་བོའི་ཁྲུན་ཆིའུ་དུས་ཀྱི་ལུའུ་རྒྱལ་ཁབ་ཀྱི་མི་སྟེ། འཆད་རྩོད་ལ་ཤིན་ཏུ་མཁས། ལོ་རྒྱུས་སུ། ཁུང་ཙི་དང་ཧྲའོ་ཀྲེང་མའོ་གཉིས་ཀྱིས་སོ་སོར་སྒེར་བཙུགས་སློབ་གྲྭ་རེ་གཉེར་ཡོད་པ་ལ། ཧྲའོ་ཀྲེང་མའོ་ཡི་སློབ་ཁྲིད་ལ་ཉན་མཁན་ཤིན་ཏུ་མང་བ་མ་ཟད། ཁུང་ཙིའི་སློབ་མའང་སློབ་ཁྲིད་ལ་ཉན་དུ་འོང་། ཕྱིས་སུ་ཁུང་ཙི་ཡིག་བློན་དུ་བསྡད་པའི་ཉིན་བདུན་པར། ཁུང་ཙིས་ཧྲའོ་ཀྲེང་མའོ་ཡི་ཉེས་པ་ལྔ་བགྲངས་ནས་དམར་གསོད་བཏང་ཞིང་། ཉིན་གསུམ་ལ་བེམ་པོ་ཉི་མར་ལྡེ་ནས་བཞག་སྐད།

[2]ཞུན་ཙི།(荀子,སྔོན་གྱི་ལོ313སྔོན་གྱི་ལོ238གནའ་བོའི་ཁྲུན་ཆིའུ་དུས་ཀྱི་ཀྲའོ་རྒྱལ་ཁབ་ཀྱི་མི་སྟེ། རུའུ་ལུགས་ཀྱི་བསམ་བློ་བ་དང་། རྩོམ་རིག་པ། བརྩམས་ཆོས་སུ། གདམས་པའི་ལེའུསོགས་ཡོད།

[3]སའོ་ཁིར་ཁྲེ་ཟི།(苏格拉底,Socratesསྔོན་གྱི་ལོ469སྔོན་གྱི་ལོ399གནའ་བོའི་ཀི་རི་སེའི་བསམ་བློ་བ་དང་མཚན་ཉིད་རིག་པ་བ། བརྩམས་ཆོས་སུ། ཕུགས་བསམ་རྒྱལ་ཁབསོགས་ཡོད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
0wp3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42048243
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1