ནང་བསྟན་ཞེས་པའི་ཐ་སྙད་རང་སྟེང་ནས་གོ་བ་ལེན་སྟངས་ཤིག་ལ་མི་འཐད་ཚུལ་གླེང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ནང་བསྟན་ཞེས་པའི་ཐ་སྙད་རང་སྟེང་ནས་གོ་བ་ལེན་སྟངས་ཤིག་ལ་མི་འཐད་
ནང་བསྟན་ཞེས་པའི་ཐ་སྙད་རང་སྟེང་ནས་གོ་བ་ལེན་སྟངས་ཤིག་ལ་མི་འཐད་ཚུལ་གླེང་བ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/1/9ལྟ་ཀློག (3049)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཚ་ལུ་མའམ་རྡོ་རྗེ་རིན་ཆེན་གྱིས།

      བསྟན་བཅོས་གང་གི་མཚན་ནི་བསྟན་བཅོས་དེའི་གཞུང་དོན་གསལ་བར་འཆར་བྱེད་ཀྱི་མེ་ལོང་ཉིད་ཡིན་པས།  ཐོག་མར་བསྟན་བཅོས་གང་གི་མཚན་ལ་གོ་བ་རགས་ཙམ་བློ་ངོར་མ་འཆུག་པར་འཕྲོད་ཐུབ་རྒྱུ་གལ་ཆེ་སྟེ།  དབང་བོ་རབ་ཀྱིས་བསྟན་བཅོས་ཀྱི་མཚན་ཙམ་མཐོང་བས་དབུ་ཞབས་ཀྱི་དོན་ཐམས་ཅད་ཁོང་དུ་ཆུད། འབྲིང་གིས་ཕྱོགས་ཙམ་རྟོགས།   ཐ་མས་སྨན་སྣོད་ལ་ཁ་བྱང་བཏགས་པ་ལྟར་གླེགས་བམ་བཙལ་སླ་བའི་དགོས་པ་ཡོད་སྐད་གྲགས།   དཔེ་དེ་བཞིན་དུ་སྨན་སྣོད་གང་ལ་བཏགས་པའི་ཁ་བྱང་སྨན་དེའི་ངོ་བོ་ཇི་ལྟ་ཇི་ལྟར་ཡིན་པ་གསལ་བར་སྣང་བྱེད་དང་འབྱེད་བྱེད་ཡིན་པས་ཐོག་མར་སྨན་དེའི་མཚན་བྱང་ལ་གོ་བ་རགས་ཙམ་ལོན་ཐུབ་རྒྱུ་གལ་ཆེ།  དེ་མིན་ན་ནད་པར་སྨན་སྟེར་རྒྱུ་དཀའ་ལས་ཁག་པོ་རང་འདུག་པ་དངོས་ཡོད་ཀྱིས་གྲུབ་བོ། །

      ད་ཉིད་བཤད་བྱ་དངོས་ཀྱི་འབབ་སྟེགས་ལ་གོམ་གང་སྤོས་ན། དང་པོ།  ནང་བསྟན་ཞེས་པའི་ཐ་སྙད་རང་སྟེང་ནས་གཞུང་གི་སྤྱི་ཁོག་ལ་སྡོམ་ཚིག་འགོད་པའི་གཞན་ལུགས་དེ་གླེང་བ།  གཉིས་པ། དེ་ལ་མི་འཐད་ཚུལ་རང་གིས་སུན་འབྱིན་ཚུལ་དེ་གླེང་བ།  གསུམ་པ། ནང་བསྟན་ཞེས་པར་གོ་བ་ལེན་ཚུལ་རོབ་ཙམ་གླེང་བའོ། །

     དང་པོ།   ནང་བསྟན་ཞེས་པའི་ཐ་སྙད་རང་སྟེང་ནས་གཞུང་གི་སྤྱི་ཁོག་ལ་སྡོམ་ཚིག་འགོད་པའི་གཞན་ལུགས་དེ་གླེང་བ།  ཁ་ཅིག་ན་རེས། བདག་ཉིད་ཀུན་ཤེས་པར་བྱ་བའི་ཐུན་མིན་རིག་གཞུང་ནང་དོན་རིག་པ་སྤྱི་བོར་རྒྱན་དུ་ཁུར་བའི་ནང་བསྟནའམ་སངས་རྒྱས་བསྟན་པ་དེར་གོ་བ་འགྲེལ་ཚུལ་ནི།  ནང་སེམས་དགེ་བར་ཇི་ལྟར་འཆོས་པར་བསྟན་པའི་གཞུང་ལུགས་ཤིག་ཡིན་པའི་ཆ་ནས་ནང་བསྟན་ཞེས་ཐོགས་རིགས་ཅེས་སྨྲ། དེ་ལ་ཕར་བལྟས་ཚོད་ཀྱིས་གཟུགས་རགས་པ་ཞིག་གི་དོད་དུ་འབབ་མོད། རི་མོའི་མར་མེ་ཙམ་ལས་འོས་མེད།   ཁོ་བོས་ཕལ་ཆེར་ནང་བསྟན་ཞེས་པའི་ཐ་སྙད་དེ་ནང་བའི་བསྟན་པའི་ལྟ་གྲུབ་འཛིན་མཁན་ཚོས་རང་དང་ལྟ་བ་མི་མཐུན་པའི་ཕྱི་རོལ་བའི་གྲུབ་མཐའ་འཛིན་མཁན་དག་ལ་ལྟོས་ཏེ་རང་ལ་བཏགས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེའི་ཡོལ་བ་མ་འཐེན་པའི་སྐྱོན་ཞིག་ཨེ་འབབ་སྙམ།  སྤྱིར་བཤད་ན་ལྟོས་བཅོས་ཀྱིས་བཏགས་པའི་མིང་ཕལ་ཆེར་ལ་རང་སྟེང་ནས་བསལ་འགྲེལ་རྒྱག་རྒྱུ་མེད་སྙམ།   དཔེར་ན།  རིང་བོ་ལ་ལྟོས་ཏེ་ཐུང་བ་ཞེས་བཏགས་པ།  ཆུང་བ་ལ་ལྟོས་ཏེ་ཆེ་བ་ཞེས་བཏགས་པ་ལྟ་བུའོ། །ད་རུང་། མཐོ་དམའ།  ཕྱི་ནང་། ཡག་བཙོག  དབུལ་ཕྱུག  དཀར་ནག དགེ་སྡུག་སོགས་མཐའ་ཡས་ཡོད་པའང་དེ་བཞིན་ནོ། །

     གཉིས་པ།  དེ་ལ་མི་འཐད་ཚུལ་རང་གིས་སུན་འབྱིན་ཚུལ་དེ་གླེང་བ།  ནང་བསྟན་ཡིན་ན་ནང་སེམས་ཇི་ལྟར་འཆོས་པར་བྱ་བའི་གཞུང་ཤིག་ཡིན་དགོས་པས་མ་ཁྱབ།  དེ་ལྟར་སོང་ན་ནང་བསྟན་གཞུང་ལུགས་ཀྱི་བརྗོད་བྱ་གསུམ་སྟེ་སྡེ་སྣོད་གསུམ་གང་རུང་ཞིག་ལ་ཁྱབ་མཐར་ལྷུང་བའི་སྐྱོན་འབྱུང་སྙམ།  ནང་བསྟན་ཡིན་ན།ནང་སེམས་ཇི་ལྟར་འཆོས་པར་བྱ་བའི་གཞུང་ཞིག་ཡིན་དགོས་པས་མ་ཁྱབ།  འདུལ་བའི་མདོ་ཆོས་ཅན།  ནང་སེམས་ཇི་ལྟར་འཆོས་པར་བྱ་བའི་གཞུང་མ་ཡིན་པར་ཐལ།  ཕྱིའི་ལུས་ངག་གི་ཀུན་སྤྱོད་སྡོམ་པར་བྱེད་པའི་ཁྲིམས་ཡིན་པས་ཕྱིར།  རྟགས་མ་གྲུབ་ཟེར་ན།  འདུལ་བའི་མདོ་ཆོས་ཅན།  ཕྱིའི་ལུས་ངག་གི་ཀུན་སྤྱོད་སྡོམ་པར་བྱེད་པའི་ཁྲིམས་ཡིན་པར་ཐལ།ཕྱིའི་ཀུན་སྤྱོད་ཙམ་འདུལ་བ་ལས་ནང་སེམས་རྒྱུད་འདུལ་མེད་དེ། ནང་སེམས་རྒྱུད་འདུལ་བའི་གྲོགས་ཙམ་དུ་འགྲོ་བས་ཕྱིར། ཡང་།  ཁྱོད་ཀྱིས་ནང་སེམས་རྒྱུད་འདུལ་བའི་གྲོགས་ཙམ་དུ་འགྲོ་བས་འདུལ་བའི་མདོ་ནང་སེམས་ཇི་ལྟར་འཆོས་པར་བྱ་བའི་གཞུང་ཡིན་དགོས་ཟེར་ན། འདུལ་བ་འཛིན་པ་པོ་ཆོས་ཅན། ནང་སེམས་རྒྱུད་འདུལ་ཡོད་པར་ཐལ། འདུལ་ཁྲིམས་གཅིག་ཀྱང་མ་ལུས་པ་བསྲུངས་ཡོད་པས་ཕྱིར། དེ་ལྟར་སོང་ན་ཕྱིའི་ཀུན་སྤྱོད་ཙམ་འདུལ་བ་ལས་ནང་སེམས་རྒྱུད་འདུལ་དགོས་པར་ཐལ། ནང་སེམས་ཇི་ལྟར་འཆོས་པར་བྱ་བའི་གཞུང་ཡིན་པས་ཕྱིར།  འདུལ་ཁྲིམས་བསྲུངས་པ་ལས་ནང་སེམས་རྒྱུད་འདུལ་ཡོད་ན།འདུལ་ཁྲིམས་སྲུང་བ་བོ་ཆོས་ཅན།  སངས་རྒྱས་ཡིན་དགོས་པར་ཐལ། འདུལ་ཁྲིམས་བསྲུངས་ཡོད་པས་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་དགོས་ཏེ།  ནང་སེམས་རྒྱུད་འདུལ་བའི་གཞུང་སྟེ། འདུལ་ཁྲིམས་གཅིག་ཀྱང་མ་ལུས་པ་ཉམས་སུ་བླངས་ཡོད་པས་ཕྱིར།  དེ་ལྟར་རིམ་གྱིས་སོང་ན་ཁྱོད་ཀྱིས་འདུལ་བའི་མདོ་ནི། ནང་སེམས་ཇི་ལྟར་འཆོས་པར་བྱ་བའི་གཞུངས་ཤིག་མིན་པ་ཧ་གོ་ངེས་ལ། ནང་བསྟན་ཡང་ནང་སེམས་ཁོ་ན་ཇི་ལྟར་འཆོས་པར་བྱ་བའི་གཞུང་ལུགས་རྐྱང་རྐྱང་ཞིག་མིན་པའང་ཤུགས་ནས་རྟོགས་ཐུབ་བོ། །ཕྱིའི་ཀུན་སྤྱོད་འདུལ་བ་ལས་ནང་སེམས་རྒྱུད་འདུལ་བའི་ངེས་པ་མེད་ལ། ནང་སེམས་འདུལ་བ་ལས་ཕྱིའི་ཀུན་སྤྱོད་འདུལ་བའི་ངེས་པ་ཡོད་དེ། སེམས་ནི་སྒོ་ལྔའི་ཤེས་པ་དབང་དུ་བསྒྱུར་བ་བོ་ཡིན་པས་སོ། །

     གསུམ་པ།  ནང་བསྟན་ཞེས་པར་གོ་བ་ལེན་ཚུལ་རོབ་ཙམ་གླེང་བའོ། །ནང་བསྟན་འམ་ནང་བ་སངས་རྒྱས་ཅེས་པའི་ཐ་སྙད་ལ་དུང་དཀར་རིན་པོ་ཆེའི་དགོངས་པ་གཞིར་བཟུང་ན།  གོང་ནས་ཀྱང་ཅུང་གླེང་ཟིན་ལ། དེ་ནི་ཕལ་ཆེར་ལྟོས་བཅོས་ཀྱི་སྒོ་ནས་བཏགས་པ་ཞིག་ཡིན་སྙམ།    སྐྱབས་འགྲོ་དང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཞིང་ཐུབ་པའི་དབང་པོ་སྐྱབས་སྟོན་པ་པོ་ཡིན་པ་ཡང་ཁས་ལེན་པ། དེའི་ལྟ་གྲུབ་དགོངས་པ་ཇི་བཞིན་འཛིན་པ་དག་ལ་ནང་བ་སངས་རྒྱས་པ་ཞེས་པའི་མཚན་གསོལ།    ནང་བ་སངས་རྒྱས་ཟེར་བ་དེ་ཡང་རང་གིས་རང་ལ་བཏགས་པའི་མིང་ཡིན་ཏེ།   སངས་རྒྱས་ཆོས་ལུགས་པ་རང་ཉིད་ལ་ནང་བ་དང་ལྟ་བ་ངན་པའི་མུ་ལ་སྟེགས་བུ་བྱས་ནས་མཐར་བའི་ལམ་ལ་འཁྲུལ་བའི་རིགས་ལ་མུ་སྟེགས་པ་སྟེ་རང་ཉིད་དང་ལྟ་གྲུབ་མ་མཐུན་པར་ཕྱི་པ་ཞེས་ཟེར་རོ།   །ནང་བསྟན་མ་གཏོགས་པའི་གྲུབ་མཐའ་གཞན་ལ་ནི་ནང་སེམས་ཇི་ལྟར་འཆོས་པར་བྱ་བའི་གཞུང་མིན་ཞེས་ཁྱབ་པ་གཅོད་ཐུབ་མིན་ནི་དོགས་གཞི་ཤིག་ཡིན། གལ་ཏེ་ཡོད་ཚེ་དེས་གཞུང་གི་སྤྱི་ཁོག་སྦུབས་སུ་ཇི་ལྟར་འདྲོང་ཐུབ་བོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
mjbp བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: སྟོང་རིག་རལ སྤེལ་དུས:2015/1/10
དེང་སང་གྲྭ་བ་ལ་ལ་ནི་ནང་ཤེས་པ་ཡང་རློམ་པའི་ཁེབས་འདུག་པ་མང་པོ་འདུག་མཐོ་བ་ལ་བརྩེ་སྐུ་མེད་དམའ་བ་ལ་བྱམས་སྐྱོང་ད་དུང་མ་ཡིན་འདོགས་བཟོ་མཁན་རེ་གཉིས་གང་སར་འདུག་པ་དེ་ཚོར་ཞིབ་ཏུ་བསམ་ན་ཕྱིའི་སྤྱོད་ལམ་མ་བཟང་ན་ནང་ཤེས་རིག་ཅི་ལྟར་བཟང་ངོ་མ་ཡིན་ནང་ཤེས་རྒྱུད་མ་བཟང་བའི་རྟགས་མཚོན་ཕྱིར་ངོ་པར་མིན་ནམ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
42048243
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1