དེ་སྐད་མོལ་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »དེ་སྐད་མོལ་བ།
དེ་སྐད་མོལ་བ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/1/22ལྟ་ཀློག (1792)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བྱེའུས།

ཡུལ་མི་དྲན་སྟངས།


རྨི་ལམ་ལ་གཤོག་པ་ཐོགས་ཏེ།།
ཉིན་སྲིབ་ཀྱི་གནས་ལ་གཤེགས་པར།།
ག་ཤེད་དུ་གཏད་སོ་མེད་ལ།།
ད་དུང་ཡང་འདི་ག་ན་གནས།།
བྱེའུ་ཆུང་ནི་རྙི་ལ་ཚུད་དེ།།
བྱ་རྒོད་ལ་གཤོག་རྩལ་ཡོད་ཀྱང་།།
མཁའ་དབྱིངས་ཀྱི་དཀྱུས་ནི་མ་ཆོད།།
ཆབ་ཕྲན་དག་ཡུར་བར་དྲངས་ཏེ།།
གྲོ་ཞིང་ལ་འབྲན་པར་བྱེད་དུས།།
སྣུམ་ཤིག་གེར་བྲོ་ཞིག་ལྡིང་ན།།
སྒམ་དཀྱེལ་གྱི་ཡུལ་མི་དྲན་འོང་།།
                                          2015.1.12

     རོང་མ་འབྲོག་གི་འཚོ་བ།

ནངས་སྔ་མོའི་བྱ་རྒོད་གནམ་ལ་འཕུར་དུས།།
འབྲི་བ་མོའི་བཞོ་དབྱངས་རྣ་བར་བརྒྱུས་ན།།
སེམས་གཅོང་བའི་འདུན་པ་ཞིང་ལ་འགྱུ་སྟེ།།
སྟོན་ལོ་ཏོག་སྨིན་པའི་རེ་འབྲས་དེ་ཆེའོ།།
སྦྲ་ནག་པོའི་ཐབ་ཚང་ག་ཤེད་བསྐྱོད་དེ།།
དུས་དྲུག་ཏུ་དབྱིངས་ན་ཅེར་བ་མཚར་རོ།།
                                               2015.1.14

ཁྱོད་ཀྱི་ཤུལ་དུ་འདི་སྐད་ལབ་པ།

གནམ་གྱི་བྱེའུ་ཆུང་ཐང་ན་འགྱེལ་ཏེ།།
དབྱིངས་ཀྱི་ཟླ་བ་ས་ལ་འཕོས་ན།།
ཁྱོད་ཉིད་གཤེགས་པའི་སྐྱོ་སྣང་ཞིག་གམ།།
ཡང་ན་ཆོས་ཉིད་དམོད་པའི་ཚིག་ཙམ།།
དུར་སྒམ་ནག་པོའི་མདུན་ནས་གྱེར་རོ།།
འཇིག་རྟེན་མི་ཡིས་ང་ནི་མ་གོ།
ངས་ཀྱང་གྲགས་པའི་ལུགས་སུ་མ་བྱས།།
མཐར་ནི་ཁྱོད་ཀྱང་འགྲོ་བར་མ་འདོད།།
ང་ཡི་པང་དུ་བསྔས་ན་སྐྱོ་ཨང་།།     
                             2015.1.16པུའུ་ན་གཤེགས་ཉིན།

      གློ་རྡེག་གི་དྲན་པ་སྤུངས་པ།

ལམ་གྱི་གཡས་གཡོན་ཕྱོགས་དག་ཀུན་ཏུ་མི་ནི་ཚུར་ལ་འོངས་ཤིང་ཕར་ལ་འགྲོ།།
ཁྱོད་ནི་ང་ཡི་གམ་དུ་ཉེ་བར་བཅར་ཏེ་མཆུ་སྒྲོས་པད་འདབ་གཡོ་ཙམ་བྱེད།།
ངས་ཀྱང་གཏམ་དེ་སྨྲ་བའི་སྤོབས་པ་ཁོང་དུ་སྦེད་དེ་མགོ་བོ་དབྱིངས་ན་བཏེག།
སྤྲིན་དང་ཉི་མ་གང་ཡང་མེད་པའི་ནམ་མཁའ་འདི་ནི་ཁྱོད་དང་ང་ལ་འདྲ།།
ྒག་ཤེད་ཞིག་ནས་ཆར་ཐིགས་ནག་པོ་ཞིག་ནི་ང་ཡི་སྨིན་མའི་མཚམས་ལ་ལྷུང་།།
རེ་ཞིག་དྲན་པར་བྱ་བའི་གླང་ཆེན་བཟི་བོ་དེ་ཡང་རྟོད་ལས་ཤོར་ཏེ་འདྲོགས།།
མཐའ་ཡི་མི་དང་འབྱུང་བ་ཐམས་ཅད་དཀག་པར་གྱུར་རམ་གང་ལྟར་གཡོ་རྩོལ་ཆད།།
དེས་ཀྱང་མ་ཚད་གྱང་ངོར་བཀལ་བའི་དུས་ཚོད་དེ་ཡི་ལྕགས་ཀྱི་སྣེ་ཡང་བསྡད།།
ང་ནི་དབུགས་དབྱུང་བྱེད་པའི་སྐྱེ་འགྲོ་གཅིག་པུ་ཡིན་ཏེ་ཡིད་ཙམ་སྔངས་ཤིང་སྐྲག།
ས་ཆེན་འདི་ནི་ཡོམ་ཡོམ་འདར་བ་ཡིན་ནམ་ཡང་ན་རང་གི་རྐང་བ་འདར།།
འཆི་བར་གྲགས་པའི་འཇིགས་རུང་དེ་ནི་ང་ཡི་ཐོག་ན་ཐོན་པ་ཡིན་ནམ་སྙམ།།
མཐའ་ན་རྡོ་ཡིས་བརྩིགས་པའི་ཁང་བརྩེགས་མཐོན་པོ་དག་ནི་རི་རྒྱལ་ལྷུན་པོར་འདྲ།།
བྱས་པ་དག་ཀྱང་ཆུད་མི་གཟན་པར་ཤེས་ཏེ་རེ་ཞིག་ཅི་བྱ་གཏོལ་མེད་གྱུར།།
ཆར་བའི་ཟིལ་བ་ཀློད་ཀྱིས་བབས་ཏེ་ང་ཡི་ལུས་པོ་ཡོངས་ལ་བརླན་པར་བྱས།།
རེག་པའི་འདོད་ཡོན་དྲགས་ལ་འཕེལ་བས་དྲན་པ་ལྡོམ་བུ་དེ་ཡང་ཚུར་ལ་ལོག།
མི་ཚོགས་སྔར་བཞིན་སྲང་ལ་ཡར་མར་ཉུལ་ཡང་ཁྱོད་ནི་གར་སོང་ཅི་ཆ་མེད།།
ང་ཡིས་ཞིབ་ཏུ་བཙལ་ཀྱང་ཁྱོད་ཀྱི་རྒྱབ་གཟུགས་ཙམ་ཡང་རྙེད་པར་མ་འགྱུར་བས།།
ཡར་མར་ཀུན་ལ་རྒྱུ་བའི་འགྲུལ་པ་དག་གི་གྲལ་དུ་འཚང་སྟེ་ཁྱིམ་ལ་ལོག།
                                              2015.1.22

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41581906
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1