བེ་མིག་གི་སྙན་ཚིག་འགའ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »བེ་མིག་གི་སྙན་ཚིག་འགའ།
བེ་མིག་གི་སྙན་ཚིག་འགའ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/2/23ལྟ་ཀློག (3027)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁྲག་གིས་བརྫིས་པའི་སྙན་ངག

       

དྲན་གདུང་མིག་ཆུ་རྨ་ཆུའི་གཞུང་ལ་འདྲེན།།

མེས་པོའི་རྐང་ལ་གསེར་གྱིས་ལྷན་པ་བརྒྱབས།།

སྟོན་རླུང་རྒོད་པོས་རེ་བའི་རྨི་ལམ་དཀྲོགས།།

སེམས་ཀྱི་རོལ་མོ་ཚོར་བའི་དབྱངས་ལ་འཐམ།།

 

ཁེར་རྐྱང་འཚོ་བའི་སྟོན་ནམ་ལོ་ལས་རིང་།།

མལ་ཐུལ་དྲོད་པོའི་བདེ་བ་སྒྱུ་མས་བསླུས།།

ལུས་ཀྱི་ཕུང་བོ་འབྱུང་བོའི་གསོལ་དུ་འདྲེན།།

འཁོར་བའི་གནས་ན་དགའ་སྐྱོ་ཁྲི་མ་འབུམ།།

 

ཚོར་བའི་དབྱངས་རྟ་ཁྲག་གི་རྒྱུ་མས་དཀྲོལ།།

སེམས་ཀྱི་ན་ཟུག་སྙིང་ཁྲག་དྭངས་མས་བྲིས།།

ལུས་ཀྱི་ཟུངས་ཁྲག་བེ་སིའི་གཞུང་ལ་མཆོད།།

ཁྲག་གི་སྙན་ངག་འདི་ལ་དོ་ཟླ་སུ།།

 

ཟླ་འོད་འོག་ཏུ་སྐུ་ལོ་བསམ་གཞིགས་མོད།།

མཚན་གུང་སྙན་ངག་དམར་བོ་ཁྲག་གིས་བྲིས།།

རྒྱུ་སྐར་གྲངས་ལ་ཁོག་རྩིས་གྲངས་མེད་བརྒྱབས།།

དོ་དགོང་སྐྱ་རེངས་གཞོན་ནུ་འདི་ལྟར་སྒུག།

 

སྤྱི་ཟླ༩/༢༨ཉིན་མཚན་གུང་ཆུ་ཚོད་གཉིས་པ་ནས་རྫོགས།

 

སྙན་ངག་ལྷ་མོའི་བསླུ་བྲིད།

     

 

ཆར་ལྡན་ཟླ་བཟང་འཛིན་མའི་མངལ་དུ་སྦྲུམ།།

ཁུ་ལོའི་གསུངས་སྐད་འཇོལ་མོའི་ཡིད་དུ་འཐད།།

སྙན་ངག་ལྷ་མོར་གློད་པའི་སེམས་གཏམ་འདི།།

དབྱར་གཞུང་སྐྱིད་པའི་ཚལ་ན་གར་དུ་རྩེན།

 

རྐང་འཐུང་སྒེག་མོའི་ལང་ཚོའི་སྟངས་སྟབས་གཡོ།།

དབྱར་གཞུང་དགའ་ཚལ་སྐྱིད་པའི་དཔལ་དུ་ཤར།།

སྙན་ངག་ལྷ་མོའི་མཛེས་པའི་ཞལ་ཁྱིམ་དེ།།

ཀུན་གསལ་རྫིང་རིང་ངོས་ལ་རྟག་པར་འཛུམ།།

 

རིག་ལམ་འདབ་བརྒྱ་མེ་ཏོག་ཁྲ་ལེར་བཞད།།

སྨྱུག་རྩེའི་རྐང་དྲུག་ཅི་དགར་དགའ་བའི་འཇོ།།

ང་དང་སྙན་ངག་ལྷ་མོའི་བརྩེ་བ་ཟབ།།

ལྷ་མོ་ཚེ་གཅིག་དགའ་མའི་གྲོགས་ལ་གཅེས།།

 

གཟུགས་དྲི་རེག་བྱ་ཚོར་བའི་ཁ་དོག་དང་།།

དགའ་སྐྱོ་ཆགས་སྡང་ཚོར་བའི་བདེ་སྡུག་སོཊ།།

སྙན་ངག་ལྷ་མོར་འཁྲབ་པའི་གར་ཆུང་ཉིད།།

བདག་གི་སོར་བཅུའི་བར་ནས་ལྷོད་ཀྱིས་ཤོར།།

 

༢༠༡༤/༥/༡༨ཉིན་བསང་འགྲམ་ནས་ཞར་བྱུང་དུ།

 

མི་སྐད་ཅིག

       

 

དགོང་གི་ཉི་མ་འཆར་ནུབ་རྒོད་པས།།

ལོ་ཟླའི་འཁོར་བསྐྱོད་རིམ་གྱིས་ཟད་སོང་།།

སེམས་ཀྱི་ཚོར་བ་འགྱུར་བ་མང་པས།།

རྟག་བརྟན་ལས་གཞིར་ལྷུ་ལག་མ་ཚང་།།

 

གཉིད་དང་ལེ་ལོ་གཉུག་མར་གནས་པས།།

བག་མེད་འདུ་འཛིས་མི་ཚེ་ཟད་སོང་།།

ཐར་བའི་ལམ་ལ་རྒྱང་ཐག་རིང་པས།།

འཇིག་རྟེན་འཚོ་བ་སྤོངས་པར་མ་ནུས།།

 

སོ་སོའི་སྦྱངས་སྟོབས་ལས་ལ་རྟེན་པས།།

མཁས་པའི་ཁྲི་ལ་འཛེགས་པ་དཀོན་སོང་།།

སོ་སོའི་ནུས་ཚོད་ཚད་འགག་ཡོད་པས།།

མི་ཐེག་ཁུར་བོ་འདོར་བར་སྨོན་བྱུང་།།

 

ང་ལ་ང་ཡི་འཚོ་བ་ཡོད་པས།།

མི་ཟས་སྤྱོད་པར་དགོངས་འཆར་མ་གསུངས།།

ང་ལ་ང་ཡི་འཇིག་རྟེན་ཡོད་པས།།

ང་རང་སྒྲོག་ལས་ཅིས་ཀྱང་གཏོང་རོགས།།

 

༢༠༡༤/༩/༣ཉིན།

 

ཚོར་བའི་བཅུད།

       

 

སོར་བཅུའི་སྟངས་སྟབས་ཚོར་བའི་ཀློང་དུ་ཟུག།

དྲན་པའི་ན་བུན་ཤོག་དཀར་ཐང་དུ་རྒྱུ།།

ཁེར་རྐྱང་འཚོ་བའི་ཆིག་ལབ་ཨེན་ཙམ་དེ།།

གང་གི་མ་གསན་དོ་ནུབ་རེ་ཐག་ཆད།།

 

སེམས་ཀྱི་སྙིང་གཏམ་ཆིག་ལབ་ཉིད་དུ་གྱུར།།

སྤྲིངས་འདོད་བརྩེ་འཕྲིན་སེམས་ཀྱི་སྒྲོམ་དུ་བཅུག།

དམ་བཅའ་ཟློག་མེད་ཁས་ལེན་སྡོམ་པ་དེས།།

ཡིད་མཐུན་གང་ལ་བདེ་མོའི་གྱེས་ཕྱག་ཞུས།།

 

གྱེས་བྲལ་མིག་ཆུ་སྨྱུ་གུའི་རྩེ་ནས་བཞུར།།

དུངས་བརྗོད་སྙན་ངག་གྲོང་ལ་ཐོལ་གྱིས་ཤོར།།

མཚན་གུང་བདེ་བ་བྲལ་བའི་འུག་རྒོད་དེའི།།

མ་ཐོས་ཨག་སྐད་ལྷ་མོ་འོན་པར་གནས།།

 

དོ་ནུབ་སེམས་པ་རབ་རིབ་མུན་པའི་བཟུང་།།

མ་འཕྲད་བྱམས་པ་འདས་པའི་ལོ་ཟླ་ཟད།།

སྒེག་མོའི་འགྲམ་ཆང་སྩོལ་བ་མ་བྱུང་བའི།།

ལང་ཚོའི་འདབ་མ་རྒྱས་པའི་སྐལ་བ་ཕྲ།།

 

༡༤/༧/༢༣ཉིན་མཚན་གུང་རྨ་ཉིན་ཐང་ནས།

 

ཟླ་འོད་འོག་གི་མགྱོགས་བྲིས།

   

 

སྒེའུ་ཁུང་དམར་བའི་བར་གསང་ཞིག་ནས།།

ཟླ་བ་དཀར་བའི་ཟླ་གཟུགས་འཛུམ་པ།།

རྒྱུ་སྐར་ཁྲོད་ཀྱི་ཉ་རྒྱས་ཟླ་བ།།

ཀུ་མུད་དགའ་མར་འཁྲེང་བའི་སེམས་པ།།

 

མགོ་དཀྲིས་དམར་བོའི་ཟུར་མིག་ཁྲ་ཆུང་།།

སྡེ་ཆེན་ཁྲོམ་ནས་ལྷང་ངེར་མངོན་པ།།

རི་དྭགས་མིག་གི་ཟུར་མིག་གཡོ་བ།།

སྐྲ་བདག་དགའ་ལོར་གློད་པའི་གསང་གཏམ།།

 

ཁེར་རྐྱང་འཚོ་བའི་མི་ཚེ་བསྐྱལ་བ།།

སུ་ཡི་བཞག་པའི་འཁོར་བའི་ལན་ཆགས།།

ལོ་དང་ཟླ་བའི་གྲངས་འབོར་རྩིས་པ།།

རེ་སྒུག་སྟོང་གི་འཚོ་བའི་ཁ་དོག།

 

དུས་རབས་གསར་བའི་བརྡ་འཕྲིན་ཁྲོད་ནས།།

སྐད་འཕྲིན་གདོང་ལ་ལན་བརྒྱར་གཅེར་བ།།

བརྩེ་འཕྲིན་སྟོང་གི་དྲྭ་སྟེང་གང་བ།།

སུ་ལ་ཕུལ་བའི་འཁོར་བའི་སྟ་གོན།།

 

ཡེ་ལོ༡༤/༦/༡༣མཚན་གུང་ལ་བྲིས།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41986221
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1