མདོ་སྨད་ཅོ་ནེ་ཆས་པའི་གཤིས་ཀྱི་ཡུལ་སྲོལ་མདོར་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» ཡུལ་སྐོར་ཟིན་ཐོ་དང་བཏུས་རྩོམ། »མདོ་སྨད་ཅོ་ནེ་ཆས་པའི་གཤིས་ཀྱི་ཡུལ་སྲོལ་མདོར་བསྡུས།
མདོ་སྨད་ཅོ་ནེ་ཆས་པའི་གཤིས་ཀྱི་ཡུལ་སྲོལ་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/3/14ལྟ་ཀློག (7858)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དུང་དཀར་ཡོན་ཏན་རྒྱ་མཚོ། ཅོ་ནེ།

མངོན་བརྗོད་ལུང་དང་ཆོས་ཀྱི་ཚིག་སྤངས་ཤིང་།།

བསྟོད་པས་ལྷ་དང་སྨད་པས་སར་མ་གཡུག།

བདག་གི་རྨོངས་བློས་ཀུན་དང་མཐུན་པ་ཡི།།

ཕ་ཡུལ་གོམས་སྲོལ་ཉུང་ཙམ་འདི་རུ་སྤྲོ།།

      ༈སྔོན་དུས་སུ་ཞིང་ལས་དང་འབྲོག་ལས་གང་ཡིན་མ་ངེས་མོད། དེང་སང་རོང་འབྲོག་འདྲེས་མ་ཡིན་ཞིང་འཚོ་བའི་ཐད་ནས་ཧ་ཅང་ཕྱུག་པོ་མིན་ལ་དབུལ་བོའང་མིན། བྱང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བུ་དགོན་ཆས་པའི་གཤིས་ཀྱི་སྤྱི་དགོན་བཀྲ་ཤིས་ཆོས་འཁོར་གླིང་གི་ནང་གཙོ་བོ་ཡུལ་ལུང་རང་གི་གྲྭ་བ་དང་ས་ཕྱོགས་གཞན་པའི་གྲྭ་རྒྱུན་ཉུང་ཤས་བཅས་ཆོས་དང་ཐ་རྙད་སོགས་སློབ་གཉེར་གནང་མཁན་གྲྭ་བ་ལྔ་བརྒྱ་ལྷག་ཡོད་པས། དགེ་བཤེས། སྨན་པ། ལྷ་བཟོ། ཡིག་མཁན། རྩིས་རིགས། དེ་མིན་གྲྭ་ཚང་བཞི་དང་དེ་རེ་རེའི་ཐུན་མིན་གྱི་ཕྱག་ལེན་ལ་མཁས་པ་སོགས་ཤེས་ཡོན་ཅན་མི་ཉུང་བ་ཡོད། དེ་མིན་གྲོང་སྡེ་འགའ་རེ་རེའི་ནང་སློབ་གྲྭ་ཡོད་ལ་ཚང་མ་བོད་ཡིག་གཙོ་བའི་སློབ་གྲྭ་ཡིན། དེ་བས་ཆོས་དང་རིག་གནས་གང་ཅིའི་ཐད་ནས་ཧ་ཅང་སྔོན་ཐོན་མིན་ལ་ཧ་ཅང་རྗེས་ལུས་ ཀྱང་མིན། ལག་ཤེས་ཀྱི་སྐོར་ལ། ཤིང་བཟོ། རྡོ་བཟོ། ཀོ་མཉེད། ཕྱིང་འཇོག པགས་མཉེད། རེ་བ་དང་འཐག་ལས། གོས་བཟོ། ལྷམ་བཟོ་སོགས་བོད་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་ལས་གྲུབ་པའི་རིན་ཐང་ཅན་གྱི་ བཟོ་ལས་མང་པོ་ཡོད། དེ་མིན་འཐག་སྐུད་འཁེལ་བ་སོགས་ཤིང་གི་འཕྲུལ་འཁོར་ལ་བརྟེན་པས་ཚན་རིག་གི་རང་བཞིན་ལྡན་པའི་རིག་གནས་ཡང་མང་པོ་ཡོད།

      ༈ཡུལ་འདིའི་འཚོ་བརྟེན་ནི་ཞིང་འབྲོག་འདྲེས་མའི་ལས་ཡིན་པར་མ་ཟད། རི་སྐྱེས་ཤྭ་བ་དང་གླ་བ། དོན་དང་དྲེད། ཝ་དང་སྟག གཟིག སྤྱང་གི་སོགས་རི་དྭགས་དང་གཅན་གཟན་སྣ་ཚོགས་ཡོད་པ་དང་། དེ་མིན་འདབ་ཆགས་ཀྱི་རིགས་ཡང་ཧ་ཅང་མང་པོ་ཡོད། རྫ་རི་དང་སྤང་རི་བྲག་རི་སོགས་རྒྱ་ཆེན་པོ་ཡོད་གཤིས་དེ་དག་ཏུ་སྤང་སྤོས་དང་ལྕུམ་རྩ། དབྱར་རྩྭ་དགུན་འབུ་དང་གངས་ལྷ་མེ་ཏོག་སོགས་སྨན་སྣ་འབུམ་ཕྲག་དུ་མ་ཡོད་པ་དང་། ཤིང་རིགས་ལ་ཐང་ཤིང་དང་གསོམ་ཤིང་། ཤུག་པ་དང་སྟག་པ། ད་དུང་གསོམ་པ་སེང་ལྡེང་དང་སྐྱེར་བ་སེང་ལྡེང་སོགས་ཤིང་རིགས་སྣ་ཚོགས་ཡོད། དེ་བས་ཞིང་ཕྱུག་ལས་སོགས་ཕྱོགས་མང་པོ་ནས་དཔལ་འབྱོར་གྱི་རིག་གནས་ཧ་ཅང་ཕུན་ སུམ་ཚོགས་པ་ཡོད།

      ༈ གནམ་གཤིས་ནི་ཧོར་ཟླ་བཞི་བ་ཡར་མར་ནས་རི་ལུང་ཐང་གསུམ་སྔོ་ལྗང་ངེར་འགྲོ་ལ། བཞི་བའི་བཅུ་བཞི་བཅོ་ལྔ་སྟེ་ལྷ་བབས་དུས་ཆེན་ལ་ཡུལ་མི་ཆེ་ཆུང་ཚང་མས་སྨྱུང་གནས་སྲུང་བར་བྱེད། ཁུ་བྱུག་གྲགས། ཆར་བ་འབབ། ཧོར་ཟླ་དྲུག་པ་ནས་རི་ཐང་ཚང་མར་རྩྭ་ཆུ་ཤིང་གསུམ་རབ་ཏུ་རྒྱས་ཤིང་མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་ཡོད། དྲུག་པའི་བཅུ་གསུམ་ནས་ཉིན་བདུན་ཙམ་ལ་ཆས་བའི་སྤྱི་གཉེན་ས་བཅུ་བ་ཐོབ་པའི་ཨ་མྱེ་དཔལ་རྒོད་དམ་དཔལ་བྱིན་དབང་གི་རྒྱལ་བོ་བསྟོད་པར་བྱེད་པ་དང་མཚུངས་རྩེད་རིགས་སྣ་ཚོགས་ལ་རོལ་བར་བྱེད། དབྱར་དྲོ་གྲང་མཉམ་ཞིང་མཐོ་སྒང་གི་གནས་མཆོག་གཅིག་ཡིན། རྟ་ནོར་ལུག་གསུམ་གྱི་ཤ་ཤེད་རྒྱས་པས་སྐྱིད། ནགས་ཚལ་དང་ཆར་ཆུ་ཡང་མོད་པས་ཐན་པས་གདུང་ནས་བཀྲེས་སྐོམ་འབྱུང་བ་སྲིད་མཐའ་ཙམ་ཡིན། སྐབས་རེར་སེར་བ་བབས་ནས་ལོ་ཏོག་ལ་གནོད་དུས་ཡོད། ལོ་འགའི་ནང་དུ་བ་མོའི་གནོད་པའང་ཡོད། འོན་ཀྱང་སེར་འགོག་གི་རིམ་གྲོ་ལོ་ལྟར་ཡོད། ཆར་ཆུ་མོད་པས་ཆུའི་འཇིགས་པ་ཡང་ཡོད། འདི་དག་ནི་རང་བྱུང་གི་གནོད་འཚེ་གཙོ་བོ་རེད། འོན་ཀྱང་ཁ་སང་དེ་རིང་རང་བྱུང་གི་འཁོར་ཡུག་ལ་གནོད་པ་ཆེན་པོ་བྱེད་བཞིན་ཡོད་པ་དཔེར་ན་ནགས་ཚལ་ཚད་མེད་དུ་འབྲེག་པ་དང་སྨན་རྫས་འཕང་མེད་དུ་བརྐོ་བཞིན་འདུག་པས་རང་བྱུང་གི་གནོད་པའང་མཐའ་གཅིག་ཏུ་མ་ངེས་པ་ཞིག་ཡིན་པར་འདོད། འབུ་དང་བྱི་བའི་གནོད་པ་ཉུང་མོད་དེ་དག་མེད་པར་བཟོ་ཆེད་རྫས་འགྱུར་གྱི་སྨན་རྫས་སྣ་ཚོགས་ཤིག་བཀོལ་སྤྱོད་བྱེད་བཞིན་འདུག་པས་དེ་ནི་ནད་ངན་སྣ་ཚོགས་འབྱུང་ བྱེད་དུ་མི་འགྱུར་བའི་ངེས་པའང་མེད་པ་རེད། ཧོར་ཟླ་བདུན་པར་སྒར་ནས་རིགས་གྲྭའི་ཤྭ་འཆམ་ལ་མཇལ་ཞིང་ཞིང་ཡང་ཉུང་ཤས་རེ་བརྔ་བར་བྱེད། ཧོར་ཟླ་བརྒྱད་པ་ཡར་མར་ཞིག་ལ་འབྲུ་རིགས་ཀྱི་སྙེ་མ་སེར་ཤིག་ཤིག་ཡིན་པས་འབྲེག་རན་པ་ཡིན། སྟོན་བསྡུས་རྗེས་སྟོན་རྩྭ་བརྔས་ཏེ་དགུན་དང་དཔྱིད་ཀར་ཕྱུགས་རིགས་གསོ་གཟན་བྱེད་པ་རེད། ཧོར་ཟླ་དགུ་བའི་མྱང་འདས་དུས་ཆེན་ལ་ཡང་སྨྱུང་གནས་སྲུང་བ་ཡིན། འབུད་ཤིང་ཡང་མང་པོ་བསྡུ། ཁང་བ་ཤིང་ཁང་ཡིན་པས་མེའི་འཇིགས་པར་དོགས་ཟོན་གྱི་ཆེད་དགུན་གྱི་མཚན་མོ་རེ་རེར་མེ་སྲུང་བ་ཡོད། ཉལ་ས་ཡང་ཚ་ཐབ་སྟེ་གྱང་དམའ་མོ་དང་རྡོ་སོགས་ལས་བཏེགས་པའི་བྲག་རྡོ་ངོས་མཉམ་པའི་སྟེང་དུ་ས་དཀར་གྱི་འདམ་དང་ཐལ་བ་སོགས་ཀྱིས་གཡོགས་ནས་ཡོད་པས་ལུས་ཕུང་ལ་ཧ་ཅང་བདེ་མོ་ཡིན། དེ་ནས་ཧོར་ཟླ་བཅུ་གཉིས་པའི་ཟླ་སྨད་ནས་ལོ་སར་ལ་གྲ་སྒྲིག་བྱེད་པས་ཐབ་ཀ་ཡུལ་ལ་ཕུལ་བ་དང་རྡུལ་འཕྱག་པ། མཆོད་བཤམས་དང་དགུ་ཐུག་ལ་རོལ་བ་སོགས་བྱེད་པ་ཡིན། ཧོར་ཟླ་གཅིག་པའི་བཅུ་གསུམ་གྱི་གོས་སྐུ་ཆེན་མོར་མཇལ་ཞིང་ཉིན་གུང་ཤམ་བྷ་ལའི་རྟ་རྒྱུག་ལ་རོལ། བཅུ་བཞིའི་འཆམ་ཆེན་དང་བཅོ་ལྔའི་མཆོད་པ། བཅུ་དྲུག་གི་བྱམས་པ་གླིང་སྐོར་སོགས་ལ་མཇལ་ནས་སྨོན་ལམ་རེ་ཞིག་འཇུག་རྫོགས་པར་ བྱེད། ཧོར་ཟླ་གཉིས་པའི་ཟླ་དཀྱིལ་ནས་འོང་བ་རྡུང་བ་དང་ལུད་སྐྱེལ་བ་སོགས་ཞིང་ལས་ཀྱི་མགོ་འཛུགས་པར་བྱེད། ཞིང་ལས་ལ་གཙོ་བོ་ནས་ཡིན་པར་བསམ་ཞིང་ཉུང་མ་དང་སྲན་མ་སོགས་ཡོད། ལུང་བའི་སྟོད་ཕྱོགས་ཕྱུགས་ལས་དང་སྨད་ཕྱོགས་ཞིང་ལས་ཤུགས་ཆེ་བར་སྣང་། ཞིང་ཚར་བ་དང་དར་མ་དག་འབྲོག་སར་སོང་ནས་ནོར་ལུག་འཚོ་སྐྱོང་བྱེད་པ་དང་ལོ་ལོན་ཕལ་ཆེར་སྡེ་བའི་ནང་ནས་འདུག་པར་བྱེད། འདི་ནི་བདག་གི་ཕ་ཡུལ་གྱི་གོམས་སྲོལ་ལས་ཆ་ཤས་ཙམ་གླེང་བ་ཡིན། ཞིབ་པར་ནི་གོམས་སྲོལ་རེ་རེ་ལ་གཏམ་རྒྱུད་རེ་རེ་ཡོད་པས་འབྲི་མ་སྤོབས་སོ།།

      འོན་ཀྱང་ས་ཆ་འདི་གནའ་དུས་ཤིག་ནས་བོད་ཀྱི་ས་ཆ་ཡིན་མོད་ཀྱི་བར་སྐབས་ཤིག་ལ་ཐང་རྒྱལ་ཁབ་ཀྱིས་དབང་བསྒྱུར་མྱོང་པ་དང་། སླར་ཡང་བཙན་པོ་སྲོང་བཙན་གྱི་དམག་ཆས་ནས་འཐབ་པས་ཐང་མཐར་བཀྲོད་བཏང་རྗེས་ཡུལ་ལུང་འདིར་དམག་རི་མང་པོ་ས་མཚམས་སྲུང་ཕྱིར་བསྡད་པས་བཙན་པོའི་དམག་ཆས་ནས་གནས་བཅས་པའི་ལུང་པའི་མིང་ལའང་(ཆས་བའི་ལུང་པའམ་ཆས་བའི་ཁོག་)ཆས་བའི་གཤིས་ཞེས་མང་ ཐོག་པར་མངོན་ནོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ས་ནག་པས སྤེལ་དུས:2016/1/27
རྙོག་རྩོམ་ལུང་པ་གང་རེད། སུས་བྲིས་པ་རེད། ༼དུང་དཀར་ཡོན་ཏན་རྒྱ་མཚོ། ཅོ་ནེ།༽ཡང་གྲྭ་བ་གཟན་གོས་ཕུད་འདོད་མཁན་ཞིག་ཡིན་ཁ་རེད། ཅོ་ནེ་ན་དེ་མོ་དེ་མང་འགི་ཡ། གྲྭ་བ་ཞིག་གི་མིང་བཏགས་ཡོད་པ་ལས་རྒྱ་ནང་དུ་རྒྱ་མོ་དང་འགྲོགས་ནས་བསྡད་ཡོད་ཐ།
 སྤེལ་མཁན: ས་ནག་པས སྤེལ་དུས:2016/1/27
རྙོག་རྩོམ་ལུང་པ་གང་རེད། སུས་བྲིས་པ་རེད། ༼དུང་དཀར་ཡོན་ཏན་རྒྱ་མཚོ། ཅོ་ནེ།༽ཡང་གྲྭ་བ་གཟན་གོས་ཕུད་འདོད་མཁན་ཞིག་ཡིན་ཁ་རེད། ཅོ་ནེ་ན་དེ་མོ་དེ་མང་འགི་ཡ། གྲྭ་བ་ཞིག་གི་མིང་བཏགས་ཡོད་པ་ལས་རྒྱ་ནང་དུ་རྒྱ་མོ་དང་འགྲོགས་ནས་བསྡད་ཡོད་ཐ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41268646
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1