སྐྱབས་རྗེ་འབྲུག་གྲགས་རྒྱ་མཚོའི་བཀའ་སློབ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 11 ཚེས 17 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» སྤྱི་ཚོགས་གཏམ་བཤད། »སྐྱབས་རྗེ་འབྲུག་གྲགས་རྒྱ་མཚོའི་བཀའ་སློབ།
སྐྱབས་རྗེ་འབྲུག་གྲགས་རྒྱ་མཚོའི་བཀའ་སློབ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/3/23ལྟ་ཀློག (6840)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྐྱབས་རྗེ་འབྲུག་གྲགས་རྒྱ་མཚོའི་བཀའ་སློབ།


      འཛམ་བུ་གླིང་གི་མི་རིགས་སུ་དང་སུ་ཡིན་རུང་རང་གི་སྐད་དང་ཡི་གེ་འདི་ཉམས་སོང་ན་མི་རིགས་དེའི་ངོ་ཚ་དང་མི་རིགས་དེའི་གྱོང་གུད་ཡིན་པ་དེ་སྨོས་མ་དགོས་པ་རེད། ང་ཚོའི་བོད་ལ་མཚོན་ན་བོད་ཀྱི་སྐད་དང་ཡི་གེ་འདི་ཉམས་སོང་ན། གཅིག་ང་ཚོའི་འཇིག་རྟེན་ལུགས་ཀྱི་ཕྱོགས་ནས་བཤད་ན་ང་ཚོར་གྱོང་གུད་ཆེན་པོ་དང་ངོ་ཚ་རེད་བསམ་འདུག  གཉིས་དམ་པའི་ཆོས་ཕྱོགས་ནས་བཤད་ན་ཡང་ང་ཚོར་གྱོང་གུད་ཆེན་པོ་རེད། དང་པོ་འཇིག་རྟེན་ལུགས་ཀྱི་ཕྱོགས་ནས་བཤད་ན་གྱོང་གུད་ཆེན་པོ་དེ་ཇི་འདྲ་རེད་ཅེ་ན་ང་ཚོ་བོད་མི་རིགས་ཞེས་པ་དེ་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་མི་རིགས་ཤིག་རེད། ང་ཚོའི་ཡབ་མེས་གོང་མ་རྣམས་ཀྱི་རིང་ལ་གསེར་ཞོ་གང་གི་རང་ཚུགས་ཟིན་ཞེས་པ་ལྟ་བུའི་བོད་གོས་གྱོན།   བོད་ཟས་ཟོས།  བོད་སྐད་འདི་བཤད་ནས་མཐའ་ད་ལ་མ་ཐུག་གི་བར་དུ་བོད་མི་རིགས་འདིའི་མིང་ཡང་ཡོད་ལ་དོན་ཡང་ཡོད་པ་ཞིག་བྱས་ནས་ང་ཚོའི་བར་དུ་གཏུགས། ང་ཚོའི་མི་རབས་འདིའི་སྟེང་དུ་སྐད་དང་ཡི་གེ་ཉམས་ནས་བོད་མི་རིགས་ཞེས་པ་དེ་མེད་པར་གྱུར་སོང་ན་ང་ཚོ་མི་རབས་འདི་ནི་འཇིག་རྟེན་གྱི་དཔེ་ལ་མི་སྐྱེ་སར་ཁྱི་སྐྱེས།  ནས་སྐྱེ་ས་ལ་རམ་བུ་སྐྱེས། ཞེས་བཤད་པ་བཞིན་དུ་ང་ཚོའི་གོ་མ་ཆོད་པ་དང་དོན་མ་ཐོན་པ་དེ་འདྲའི་ཆེན་པོ་ཞིག་རེད་བསམ་འདུག  དཔེར་ན་ང་ཚོར་ཡིད་བཞིན་གྱི་ནོར་བུ་ཞིག་ཡོད་ན་དེ་རང་གི་བདག་བྱེད་མ་ཤེས་ནས་དེ་ཕྱགས་དར་གྱི་ཁྲོད་དུ་གཡུགས་ནས་དངོས་པོ་གཞན་ཞིག་གཡར་ནས་དེ་ལ་བེད་སྤྱོད་བཏང་ནས་བསྡད་ན་རང་གི་བལྟས་ནའམ་རོགས་ཀྱིས་བལྟས་ནའམ་དེའི་བྱ་བ་དེ་འགྲིག་ཡོད་རྒྱུ་མ་རེད་བསམ་སོང་། དཔེ་དེ་བཞིན་དུ་ང་ཚོའི་བོད་རང་གི་སྐད་དང་ཡི་གེ་འདི་ཉམས་སུ་བཅུགས་ནས་མི་རིགས་གཞན་གྱི་སྐད་དང་ཡི་གེ་འདི་བེད་སྤྱོད་བཏང་ནས་བསྡད་ན་ང་ཚོའི་འཛམ་བུ་གླིང་གི་རྒྱལ་ཁབ་སུ་དང་གང་ཡིན་རུང་མི་རིགས་སུ་དང་གང་ཡིན་རུང་དེ་ཚོའི་སྔོན་དུ་ང་ཚོ་ངོ་གནོང་དགོས་པ་དང་ང་ཚོའི་མི་རབས་འདིས་གོ་མ་ཆོད་པ་དང་དོན་མ་ཐོན་པ་ཞིག་རེད་བསམ་འདུག  དེ་ཡིན་ན་ང་ཚོའི་སྐད་ཡིག་འདི་སྐྱོབས་དགོས་པ་དང་སྐྱོབ་ན་སྐྱོབ་རྒྱུ་ཡོད་པ་ཞིག་གི་དུས་རེད་དྲན་སོང་།    དེས་ན་སྐྱོབས་དགོས་པ་དེ་ཅི་འདྲ་རེད་ཅེ་ན་ད་ལྟའི་ལས་བྱེད་པའི་ཁག་གི་བུ་རྒྱུད་དམ་ཡང་ན་གྲོང་ཁྱེར་སོ་སོ་རུ་སྡོད་མཁན་གྱི་ཚོང་ལས་པ་ཡིན་ནའམ་བཟོ་ལས་པ་ཡིན་ནའམ་དེ་ལྟ་བུའི་མང་པོ་ཞིག་གི་བུ་རྒྱུད་དེས་ད་ལྟ་བོད་སྐད་གཅིག་ཀྱང་བཤད་མི་ཤེས་པ་ལྟ་བུའི་དེ་འདྲའི་གནས་ཚུལ་མང་པོ་ཡོད་འདུག  ད་ལྟ་ང་ཚོའི་བོད་ཀྱི་ས་ཆ་བཟང་ཤོས་ལྟ་བུ་ནའང་བརྒྱ་ཆ་བརྒྱས་བོད་སྐད་དག་མ་ཞིག་བཤད་དགོས་ན་མི་ཤེས་པ་ལྟ་བུ་དང་། སྦྲགས་སྐད་འདྲ་མ་འདྲེས་འདི་འདྲའི་གནས་སྐབས་ཞིག་ལ་འཕྲད་ཡོད་དུས་སྐྱོབས་དགོས་པའི་རྒྱུ་མཚན་དེ་འདྲ་རེད།  ང་ཚོའི་འདི་སྐྱོབས་ན་མི་གཅིག་དང་གཉིས་ཀྱིས་སྐྱོབ་ཐུབ་པ་ཞིག་མ་རེད་དེས་ན་འདི་ལ་རྒྱུ་ཆེན་པོ་ཞིག་ཕུད་དགོས་པ་དང་ཚགས་ཆེན་པོ་དགོས་པ་ཞིག་ཀྱང་མ་རེད། འདི་སྐྱོབས་དགོས་ན་ང་ཚོ་བོད་པ་ཞིག་ཡིན་ནས་བཟུང་བན་སྐྱ་སེར་མེད་པ་སྐྱེ་ཕོ་ མོ་མེད་པ་བཤད་པ་ནང་བཞིན་ཚང་མས་རང་འདི་བོད་པ་ཞིག་ཡིན་པ་དང་དེ་ནས་རང་གི་ཕ་ཡིག་དང་ཕ་སྐད་ཅེས་པ་འདི་ལ་སྲུང་སྐྱོབ་བྱེད་དགོས་པ་དང་འདི་ཉམས་སོང་ན་ངོ་ཚ་ཞིག་དང་གྱོང་གུད་ཅིག་ཡིན་པ་དེ་སེམས་ལ་བཟུང་ནས་ང་ཚོའི་བོད་ཀྱི་སྐད་ཡིག་ སྐྱོབ་རྒྱུ་འདི་ང་ཚོ་བོད་པ་ཞིག་ཡིན་ནས་བཟུང་སྟེ་རང་གི་ཕྲག་སྟེང་ལ་བབས་པའི་འོས་འགན་ཞིག་ཡིན་པ་དེ་ངོས་ཟིན་བྱས་ནས་འདི་ལ་དོ་སྣང་ཡག་པོ་ཞིག་བྱས་ན་སྐྱོབ་ཐུབ་རྒྱུ་རེད་དྲན་སོང་།  དེས་ན་ང་ཚོ་ཚང་མས་འདིའི་ཕྱོགས་ལ་ཤུགས་ཞིག་རྒྱབ་རྒྱུ་དེ་རང་གི་རེ་བ་གཅིག་ཡིན།  གཉིས།   ང་ཚོའི་ཆོས་ལུགས་ཀྱི་ཕྱོགས་ནས་བཤད་ན་འཛམ་བུ་གླིང་འདི་ན་ཆོས་ལྡན་གྱི་རྒྱལ་ཁབ་མང་པོ་ཞིག་ཡོད་རྒྱུ་རེད་དེ་དེའི་ནང་གི་ང་ཚོ་བོད་ཀྱི་ཆོས་འདི་ལ་མདོ་དང་སྔགས།  སྔགས་དེ་ལ་ཡང་བཀའ་དང་གཏེར། མདོར་ན་ཆོས་ཐེག་པ་རིམ་པ་དགུ་པོ་ཚང་སའི་ཆོས་དེ་ང་ཚོ་བོད་ན་མ་གཏོགས་མེད་པ་ཞིག་རེད།  དེ་ཡང་ང་ཚོའི་ཕྱོགས་རིས་དང་ཆགས་སྡང་གི་སྐད་ཆ་ཞིག་མ་ཡིན་པའི་དོན་དངོས་པོའི་སྟེང་ནས་བཤད་ནའང་འདི་འདྲ་ཞིག་ཡིན་འདུག  དེས་ན་ང་ཚོའི་དེ་ལྟ་བུའི་རིན་ཐང་ལྡན་པའི་ཆོས་ལུགས་འདི་ང་ཚོའི་བོད་ཀྱི་སྐད་དང་ཡི་གེའི་སྟེང་ལ་གཏན་ལ་ཕབས་ནས་ཡོད་པ་ཞིག་རེད།  ང་ཚོའི་བོད་ཀྱི་སྐད་དང་ཡི་གེ་འདི་ཉམས་སོང་ན་ང་ཚོའི་བོད་ཀྱི་ཆོས་ལུགས་འདི་ཉམས་འགྲོ་བ་དང་། ང་ཚོའི་བོད་ཀྱི་ཆོས་ལུགས་འདི་ཉམས་སོང་ན་ང་ཚོ་བོད་མ་ཟད་འཛམ་བུ་གླིང་ལའང་གྱོང་གུད་ཆེན་པོ་ཞིག་ཡིན་འདུག  འཛམ་བུ་གླིང་ལ་གྱོང་གུད་ཆེན་པོ་ཞིག་ཅི་འདྲ་རེད་ཅེ་ན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་ཚན་རིག་འདི་གོང་འཕེལ་དུ་བཏང་ནས་འཛམ་བུ་གླིང་གི་འཇིག་རྟེན་མིའི་དགོས་མཁོ་མང་པོ་ཞིག་བསྐང་ནས་འཕྲུལ་ཆ་ལ་སོགས་པའི་དངོས་པོ་མང་པོ་ཞིག་གིས་འཛམ་བུ་གླིང་ལ་ཕྱི་རྗེས་ཆེན་པོའང་བཞག་ཡོད་ཕན་ཐོག་ཆེན་པོ་པའང་ཡོད་མོད།   དེ་ཡང་ཕྱོགས་གཅིག་གི་ཆ་ནས་བཤད་ན་རྡུལ་ཕྲན་མཚོན་ཆ་ལ་སོགས་པ་འདི་ལྟ་བུའི་འཛམ་གླིང་འདི་ཆག་འཇིག་གཏོང་བྱེད་ཀྱི་དེ་ལྟ་བུའི་དངོས་པོ་མང་པོ་ཞིག་ཀྱང་ལས་ཡོད་པ་རེད།  དེ་རིང་སང་ཉིན་བལྟས་པ་ཡིན་ན་ང་ཚོ་འཛམ་བུ་གླིང་འདི་ཉེན་ཁ་ཅན་གྱི་གནས་སྐབས་ཤིག་ལ་ཡང་ཐོན་ཡོད། འདིའི་ཉེན་ཁ་དེ་སྐྱོབ་དགོས་ན་འཛམ་གླིང་འདི་ལ་ཞི་བདེ་ཞིག་འོང་དགོས། འཛམ་གླིང་འདི་ལ་ཞི་བདེ་ཞིག་འོང་དགོས་ན་ང་ཚོའི་བོད་བརྒྱུད་ནང་བསྟན་ལྟ་བུའི་ཆོས་ཞིག་ལ་བརྟེན་ནས་འོང་ན་མ་གཏོགས་དེ་ལས་གཞན་པའི་ཐབས་ཤིག་ཡོད་མི་འདུག  དེས་ན་ང་ཚོའི་བོད་ཀྱི་སྐད་དང་ཡི་གེ་འདི་ཉམས་སོང་ན་བོད་ཀྱི་ཆོས་འདི་ཉམས་འགྲོ་བ་དང་། བོད་ཀྱི་ཆོས་འདི་ཉམས་སོང་ན་དེ་ནས་འཛམ་གླིང་ཞི་བདེར་བསྐྲུན་ཐུབ་མེད་པ་བཅས་དེའི་ཕྱོགས་ཀྱི་བསམ་བློ་བཏང་ན་ང་ཚོའི་བོད་ཀྱི་སྐད་ཡིག་འདི་ཉམས་ན་འཛམ་གླིང་གི་གྱོང་གུད་ཆེན་པོ་ཞིག་ཡིན་འདུག་པ་དང་གཅིག   གཉིས་ང་ཚོའི་བོད་པ་ཞེས་པ་དེ་མདོ་དབུས་ཁམས་གསུམ་ང་ཚོ་གཅིག་འགྱུར་ཡིན་པ་དང་དེ་ནས་ཕྱིའི་དཔལ་ཡོན་གྱི་ཆ་ནས་ང་ཚོ་སྔོན་ཐོན་མ་ཟད་རྗེས་ལུས་ཞིག་རེད་དེ་ཡིན་ ནའང་ནང་སེམས་ཀྱི་དཔལ་ཡོན་གྱི་ཆ་ནས་སྔོན་ཐོན་ཞིག་རེད་ཅེས་བཤད་ན་མི་ཆོག་པ་ མེད་པ་དེ་ཡང་ཆོས་ཀྱི་བཀའ་དྲིན་རེད།  དེ་ལ་བསམ་བློ་བཏང་ན་ཡང་ང་ཚོའི་སྐད་ཡིག་འདི་ཉམས་རྒུད་དུ་གཏོང་མི་བྲ་བ་རེད།   ང་ཚོའི་ཆོས་ལུགས་ཞེས་པ་འདི་བོད་ལ་གདོད་མ་ནས་ཡོད་འདུག་པ་ཞིག་མ་རེད།   སྔོན་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་བེ་རོ་ཙཱ་ན་ལ་སོགས་པའི་ལོ་ཙཱ་བ་བཀའ་དྲིན་ཅན་དག་དང་པཎྜི་ཏ་ཁོང་རྣམ་པས་དཀའ་བ་ཁྱད་དུ་བསད།  ངལ་བ་དང་དུ་བླངས། ལུས་སྲོག་འབེན་དུ་བཙུགས། ཤ་ཁྲག་ཟན་དུ་བོར་ནས་རྒྱ་གར་སོགས་ཕྱིའི་རྒྱལ་ཁབ་མང་པོ་ཞིག་གི་ནང་ནས་ང་ཚོའི་ བོད་ཀྱི་སྐད་དང་ཡི་གེའི་སྟེང་དུ་བསྒྱུར་བ་ཞིག་དང་བོད་རང་གིས་ཀྱང་དེ་ལ་ཞིབ་ འཇུག་བྱས་ནས་དགོངས་འགྲེལ་གྱི་བསྟན་བཅོས་མང་པོ་ཞིག་བརྩམས་ནས་དེ་རིང་སང་ཉིན་ཆ་ཚང་བ།    ཚད་དང་ལྡན་པ། ཚུལ་དང་མཐུན་པ།   དེ་ལྟ་བུའི་ཕུན་སུམ་ཚོགས་པ་ཞིག་ཡོད་འདུག   དེ་ཡོད་ན་སྔོན་གྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལ་སོགས་ཁོང་རྣམ་པ་མི་གཅིག་ གཉིས་ཞིག་གི་དོན་དུ་ཆོས་ལུགས་འདི་བོད་ལ་སྤེལ་བ་ཞིག་མ་རེད།   ང་ཚོ་གཙོ་བྱས་པའི་བོད་ཀྱི་མི་རབས་ནས་མི་རབས་ཀྱི་ཆེད་དུ་བྱ་བ་འདི་བསྒྲུབས་པ་ཞིག་རེད།   དེས་ན་ང་ཚོའི་སྐད་ཡིག་འདི་དང་ཆོས་ལུགས་འདི་མི་ཉམས་དར་སྤེལ་དང་རྒྱུན་སྐྱོང་ཡང་དག་པ་ཞིག་བྱས་ན་སྔོན་བྱོན་གོང་མ་རྣམས་ལ་བཤེས་ཤེས་དྲིན་བཟོ་ཞིག་གི་བྱ་བ་ལེགས་པོ་ཞིག་རེད་བསམ་འདུག  ང་ཚོའི་སྐད་དང་ཡི་གེ་འདི་སྣང་མེད་དུ་འཕང་ནས་ཉམས་གུད་དུ་བཏང་ན།    སྔོན་གྱི་མེས་དབོན་རྣམ་གསུམ་དང་ལོ་ཙཱ་བ་སྐུ་དྲིན་ཅན་ཁོང་རྣམ་པ་ལ་ང་ཚོས་ཁྲེལ་མེད་བྱས་པ་དེ་ལྟ་བུ་ཞིག་རེད།   དེའི་ཕྱོགས་ལ་བསམ་བློ་བཏང་ན་ང་ཚོའི་སྐད་དང་ཡི་གེ་འདི་མཐའ་གཅིག་ཏུ་ཉམས་མི་རུང་བ་ཡིན།   ཨོ།   ད་འདིར་ངས་དུས་ཚོད་ཆུད་ཟོས་སུ་བཏང་ནས་གཏམ་ཉོག་མང་པོ་ཞིག་བཤད་ནས་བསྡད་ན་འགྲིག་མི་འདུག  མདོར་བསྡུས་ན་བོད་མདོ་དབུས་ཁམས་གསུམ་གྱི་སྐྱེ་ཕོ་མོ་མེད་པ་ཚང་མས་སྐད་ཡིག་འདིའི་སྟེང་ལ་དོ་སྣང་ཡག་པོ་ཞིག་བྱེད་པར་རེ་ཞུ་དང་།   མ་ཚད་པར་འདིར་མཁས་པའི་དབང་པོ་དང་ལྷག་བསམ་ཅན་སྐྱེས་བུ་དམ་པ་མང་པོ་ཞིག་གི་རིན་ཐང་ཅན་གྱི་གསུང་བཤད་རབ་དང་རིམ་པ་བཞིན་དུ་གནང་རྒྱུ་ཡོད་པར་འདུག     གཅིག་ཁོང་རྣམ་པའི་གསུང་ལ་ལེགས་པོ་གསན་རྒྱུ་དང་། གཉིས་ཚང་མས་དེ་ཐུགས་ལ་ལེགས་པོ་འཛིན་རྒྱུ་དང་། གསུམ་དེ་ལྟར་དུ་ལག་ལེན་ཡག་པོ་ཞིག་བསྟར་བ་དེ་བོད་པ་ཞིག་ཡིན་ནས་བཟུང་ཚང་མ་ལ་རང་གི་རེ་ཞུ་ཚིག་གཅིག་གཉིས་ཙམ་ཞུས་ན་དེ་ཡིན་ལགས།     ཞེས་ཁམས་མི་ཉག་ཞི་བདེ་སྐད་ཡིག་དོ་དམ་ཚོགས་པའི་སྐད་ཡིག་སློབ་གསོའི་ཟེར་སྡེར་ལས་བཤུས།   ཡི་གེ་པ་འདན་སངས་རྒྱས།འཛམ་བུ་གླིང་གི་མི་རིགས་སུ་དང་སུ་ཡིན་རུང་རང་གི་སྐད་དང་ཡི་གེ་འདི་ཉམས་སོང་ན་མི་རིགས་དེའི་ངོ་ཚ་དང་མི་རིགས་དེའི་གྱོང་གུད་ཡིན་པ་དེ་སྨོས་མ་དགོས་པ་རེད། ང་ཚོའི་བོད་ལ་མཚོན་ན་བོད་ཀྱི་སྐད་དང་ཡི་གེ་འདི་ཉམས་སོང་ན། གཅིག་ང་ཚོའི་འཇིག་རྟེན་ལུགས་ཀྱི་ཕྱོགས་ནས་བཤད་ན་ང་ཚོར་གྱོང་གུད་ཆེན་པོ་དང་ངོ་ཚ་རེད་བསམ་འདུག  གཉིས་དམ་པའི་ཆོས་ཕྱོགས་ནས་བཤད་ན་ཡང་ང་ཚོར་གྱོང་གུད་ཆེན་པོ་རེད། དང་པོ་འཇིག་རྟེན་ལུགས་ཀྱི་ཕྱོགས་ནས་བཤད་ན་གྱོང་གུད་ཆེན་པོ་དེ་ཅི་འདྲ་རེད་ཅེ་ན་ང་ཚོ་བོད་མི་རིགས་ཞེས་པ་དེ་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་མི་རིགས་ཤིག་རེད། ང་ཚོའི་ཡབ་མེས་གོང་མ་རྣམས་ཀྱི་རིང་ལ་གསེར་ཞོ་གང་གི་རང་ཚུགས་ཟིན་ཞེས་པ་ལྟ་བུའི་བོད་གོས་གྱོན།   བོད་ཟས་ཟོས།  བོད་སྐད་འདི་བཤད་ནས་མཐའ་ད་ལ་མ་ཐུག་གི་བར་དུ་བོད་མི་རིགས་འདིའི་མིང་ཡང་ཡོད་ལ་དོན་ཡང་ཡོད་པ་ཞིག་བྱས་ནས་ང་ཚོའི་བར་དུ་གཏུགས། ང་ཚོའི་མི་རབས་འདིའི་སྟེང་དུ་སྐད་དང་ཡི་གེ་ཉམས་ནས་བོད་མི་རིགས་ཞེས་པ་དེ་མེད་པར་གྱུར་སོང་ན་ང་ཚོ་མི་རབས་འདི་ནི་འཇིག་རྟེན་གྱི་དཔེ་ལ་མི་སྐྱེ་སར་ཁྱི་ སྐྱེས།  ནས་སྐྱེ་ས་ལ་རམ་བུ་སྐྱེས། ཞེས་བཤད་པ་བཞིན་དུ་ང་ཚོའི་གོ་མ་ཆོད་པ་དང་དོན་མ་ཐོན་པ་དེ་འདྲའི་ཆེན་པོ་ཞིག་རེད་བསམ་འདུག  དཔེར་ན་ང་ཚོར་ཡིད་བཞིན་གྱི་ནོར་བུ་ཞིག་ཡོད་ན་དེ་རང་གི་བདག་བྱེད་མ་ཤེས་ནས་དེ་ཕྱགས་དར་གྱི་ཁྲོད་དུ་གཡུགས་ནས་དངོས་པོ་གཞན་ཞིག་གཡར་ནས་དེ་ལ་བེད་སྤྱོད་བཏང་ནས་བསྡད་ན་རང་གི་བལྟས་ནའམ་རོགས་ཀྱིས་བལྟས་ནའམ་དེའི་བྱ་བ་དེ་འགྲིག་ཡོད་རྒྱུ་མ་རེད་བསམ་སོང་། དཔེ་དེ་བཞིན་དུ་ང་ཚོའི་བོད་རང་གི་སྐད་དང་ཡི་གེ་འདི་ཉམས་སུ་བཅུགས་ནས་མི་རིགས་གཞན་གྱི་སྐད་དང་ཡི་གེ་འདི་བེད་སྤྱོད་བཏང་ནས་བསྡད་ན་ང་ཚོའི་འཛམ་བུ་གླིང་གི་རྒྱལ་ཁབ་སུ་དང་གང་ཡིན་རུང་མི་རིགས་སུ་དང་གང་ཡིན་རུང་དེ་ཚོའི་སྔོན་དུ་ང་ཚོ་ངོ་གནོང་དགོས་པ་དང་ང་ཚོའི་མི་རབས་འདིས་གོ་མ་ཆོད་པ་དང་དོན་མ་ཐོན་པ་ཞིག་རེད་བསམ་འདུག  དེ་ཡིན་ན་ང་ཚོའི་སྐད་ཡིག་འདི་སྐྱོབས་དགོས་པ་དང་སྐྱོབ་ན་སྐྱོབ་རྒྱུ་ཡོད་པ་ཞིག་གི་དུས་རེད་དྲན་སོང་།    དེས་ན་སྐྱོབས་དགོས་པ་དེ་ཅི་འདྲ་རེད་ཅེ་ན་ད་ལྟའི་ལས་བྱེད་པའི་ཁག་གི་བུ་རྒྱུད་དམ་ཡང་ན་གྲོང་ཁྱེར་སོ་སོ་རུ་སྡོད་མཁན་གྱི་ཚོང་ལས་པ་ཡིན་ནའམ་བཟོ་ལས་པ་ཡིན་ནའམ་དེ་ལྟ་བུའི་མང་པོ་ཞིག་གི་བུ་རྒྱུད་དེས་ད་ལྟ་བོད་སྐད་གཅིག་ཀྱང་བཤད་མི་ཤེས་པ་ལྟ་བུའི་དེ་འདྲའི་གནས་ཚུལ་མང་པོ་ཡོད་འདུག  ད་ལྟ་ང་ཚོའི་བོད་ཀྱི་ས་ཆ་བཟང་ཤོས་ལྟ་བུ་ནའང་བརྒྱ་ཆ་བརྒྱས་བོད་སྐད་དག་མ་ ཞིག་བཤད་དགོས་ན་མི་ཤེས་པ་ལྟ་བུ་དང་། སྦྲགས་སྐད་འདྲ་མ་འདྲེས་འདི་འདྲའི་གནས་སྐབས་ཞིག་ལ་འཕྲད་ཡོད་དུས་སྐྱོབས་དགོས་པའི་རྒྱུ་མཚན་དེ་འདྲ་རེད།  ང་ཚོའི་འདི་སྐྱོབས་ན་མི་གཅིག་དང་གཉིས་ཀྱིས་སྐྱོབ་ཐུབ་པ་ཞིག་མ་རེད་དེས་ན་ འདི་ལ་རྒྱུ་ཆེན་པོ་ཞིག་ཕུད་དགོས་པ་དང་ཚགས་ཆེན་པོ་དགོས་པ་ཞིག་ཀྱང་མ་རེད། འདི་སྐྱོབས་དགོས་ན་ང་ཚོ་བོད་པ་ཞིག་ཡིན་ནས་བཟུང་བན་སྐྱ་སེར་མེད་པ་སྐྱེ་ཕོ་ མོ་མེད་པ་བཤད་པ་ནང་བཞིན་ཚང་མས་རང་འདི་བོད་པ་ཞིག་ཡིན་པ་དང་དེ་ནས་རང་གི་ཕ་ ཡིག་དང་ཕ་སྐད་ཅེས་པ་འདི་ལ་སྲུང་སྐྱོབ་བྱེད་དགོས་པ་དང་འདི་ཉམས་སོང་ན་ངོ་ཚ་ ཞིག་དང་གྱོང་གུད་ཅིག་ཡིན་པ་དེ་སེམས་ལ་བཟུང་ནས་ང་ཚོའི་བོད་ཀྱི་སྐད་ཡིག་ སྐྱོབ་རྒྱུ་འདི་ང་ཚོ་བོད་པ་ཞིག་ཡིན་ནས་བཟུང་སྟེ་རང་གི་ཕྲག་སྟེང་ལ་བབས་པའི་ འོས་འགན་ཞིག་ཡིན་པ་དེ་ངོས་ཟིན་བྱས་ནས་འདི་ལ་དོ་སྣང་ཡག་པོ་ཞིག་བྱས་ན་སྐྱོབ་ ཐུབ་རྒྱུ་རེད་དྲན་སོང་།  དེས་ན་ང་ཚོ་ཚང་མས་འདིའི་ཕྱོགས་ལ་ཤུགས་ཞིག་རྒྱབ་རྒྱུ་དེ་རང་གི་རེ་བ་གཅིག་ ཡིན།   གཉིས།   ང་ཚོའི་ཆོས་ལུགས་ཀྱི་ཕྱོགས་ནས་བཤད་ན་འཛམ་བུ་གླིང་འདི་ན་ཆོས་ལྡན་གྱི་རྒྱལ་ ཁབ་མང་པོ་ཞིག་ཡོད་རྒྱུ་རེད་དེ་དེའི་ནང་གི་ང་ཚོ་བོད་ཀྱི་ཆོས་འདི་ལ་མདོ་དང་ སྔགས།  སྔགས་དེ་ལ་ཡང་བཀའ་དང་གཏེར། མདོར་ན་ཆོས་ཐེག་པ་རིམ་པ་དགུ་པོ་ཚང་སའི་ཆོས་དེ་ང་ཚོ་བོད་ན་མ་གཏོགས་མེད་པ་ཞིག་རེད།  དེ་ཡང་ང་ཚོའི་ཕྱོགས་རིས་དང་ཆགས་སྡང་གི་སྐད་ཆ་ཞིག་མ་ཡིན་པའི་དོན་དངོས་པོའི་ སྟེང་ནས་བཤད་ནའང་འདི་འདྲ་ཞིག་ཡིན་འདུག  དེས་ན་ང་ཚོའི་དེ་ལྟ་བུའི་རིན་ཐང་ལྡན་པའི་ཆོས་ལུགས་འདི་ང་ཚོའི་བོད་ཀྱི་སྐད་ དང་ཡི་གེའི་སྟེང་ལ་གཏན་ལ་ཕབས་ནས་ཡོད་པ་ཞིག་རེད།  ང་ཚོའི་བོད་ཀྱི་སྐད་དང་ཡི་གེ་འདི་ཉམས་སོང་ན་ང་ཚོའི་བོད་ཀྱི་ཆོས་ལུགས་འདི་ཉམས་འགྲོ་བ་དང་། ང་ཚོའི་བོད་ཀྱི་ཆོས་ལུགས་འདི་ཉམས་སོང་ན་ང་ཚོ་བོད་མ་ཟད་འཛམ་བུ་གླིང་ལའང་གྱོང་གུད་ཆེན་པོ་ཞིག་ཡིན་འདུག  འཛམ་བུ་གླིང་ལ་གྱོང་གུད་ཆེན་པོ་ཞིག་ཅི་འདྲ་རེད་ཅེ་ན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་ཚན་རིག་འདི་གོང་འཕེལ་དུ་བཏང་ནས་འཛམ་བུ་གླིང་གི་འཇིག་རྟེན་མིའི་དགོས་མཁོ་མང་པོ་ཞིག་བསྐང་ནས་འཕྲུལ་ཆ་ལ་སོགས་པའི་དངོས་པོ་མང་པོ་ཞིག་གིས་འཛམ་བུ་གླིང་ལ་ཕྱི་རྗེས་ཆེན་པོའང་བཞག་ཡོད་ཕན་ཐོག་ཆེན་པོ་པའང་ཡོད་མོད།   དེ་ཡང་ཕྱོགས་གཅིག་གི་ཆ་ནས་བཤད་ན་རྡུལ་ཕྲན་མཚོན་ཆ་ལ་སོགས་པ་འདི་ལྟ་བུའི་འཛམ་གླིང་འདི་ཆག་འཇིག་གཏོང་བྱེད་ཀྱི་དེ་ལྟ་བུའི་དངོས་པོ་མང་པོ་ཞིག་ཀྱང་ལས་ཡོད་པ་རེད།  དེ་རིང་སང་ཉིན་བལྟས་པ་ཡིན་ན་ང་ཚོ་འཛམ་བུ་གླིང་འདི་ཉེན་ཁ་ཅན་གྱི་གནས་སྐབས་ཤིག་ལ་ཡང་ཐོན་ཡོད། འདིའི་ཉེན་ཁ་དེ་སྐྱོབ་དགོས་ན་འཛམ་གླིང་འདི་ལ་ཞི་བདེ་ཞིག་འོང་དགོས། འཛམ་གླིང་འདི་ལ་ཞི་བདེ་ཞིག་འོང་དགོས་ན་ང་ཚོའི་བོད་བརྒྱུད་ནང་བསྟན་ལྟ་བུའི་ཆོས་ཞིག་ལ་བརྟེན་ནས་འོང་ན་མ་གཏོགས་དེ་ལས་གཞན་པའི་ཐབས་ཤིག་ཡོད་མི་འདུག  དེས་ན་ང་ཚོའི་བོད་ཀྱི་སྐད་དང་ཡི་གེ་འདི་ཉམས་སོང་ན་བོད་ཀྱི་ཆོས་འདི་ཉམས་འགྲོ་བ་དང་། བོད་ཀྱི་ཆོས་འདི་ཉམས་སོང་ན་དེ་ནས་འཛམ་གླིང་ཞི་བདེར་བསྐྲུན་ཐུབ་མེད་པ་བཅས་དེའི་ཕྱོགས་ཀྱི་བསམ་བློ་བཏང་ན་ང་ཚོའི་བོད་ཀྱི་སྐད་ཡིག་འདི་ཉམས་ན་འཛམ་གླིང་གི་གྱོང་གུད་ཆེན་པོ་ཞིག་ཡིན་འདུག་པ་དང་གཅིག   གཉིས་ང་ཚོའི་བོད་པ་ཞེས་པ་དེ་མདོ་དབུས་ཁམས་གསུམ་ང་ཚོ་གཅིག་འགྱུར་ཡིན་པ་དང་དེ་ནས་ཕྱིའི་དཔལ་ཡོན་གྱི་ཆ་ནས་ང་ཚོ་སྔོན་ཐོན་མ་ཟད་རྗེས་ལུས་ཞིག་རེད་དེ་ཡིན་ནའང་ནང་སེམས་ཀྱི་དཔལ་ཡོན་གྱི་ཆ་ནས་སྔོན་ཐོན་ཞིག་རེད་ཅེས་བཤད་ན་མི་ཆོག་ པ་མེད་པ་དེ་ཡང་ཆོས་ཀྱི་བཀའ་དྲིན་རེད།  དེ་ལ་བསམ་བློ་བཏང་ན་ཡང་ང་ཚོའི་སྐད་ཡིག་འདི་ཉམས་རྒུད་དུ་གཏོང་མི་བྲ་བ་རེད།   ང་ཚོའི་ཆོས་ལུགས་ཞེས་པ་འདི་བོད་ལ་གདོད་མ་ནས་ཡོད་འདུག་པ་ཞིག་མ་རེད།   སྔོན་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་བེ་རོ་ཙཱ་ན་ལ་སོགས་པའི་ལོ་ཙཱ་བ་བཀའ་དྲིན་ཅན་དག་དང་པཎྜི་ཏ་ཁོང་རྣམ་པས་དཀའ་བ་ཁྱད་དུ་བསད།  ངལ་བ་དང་དུ་བླངས། ལུས་སྲོག་འབེན་དུ་བཙུགས། ཤ་ཁྲག་ཟན་དུ་བོར་ནས་རྒྱ་གར་སོགས་ཕྱིའི་རྒྱལ་ཁབ་མང་པོ་ཞིག་གི་ནང་ནས་ང་ཚོའི་བོད་ཀྱི་སྐད་དང་ཡི་གེའི་སྟེང་དུ་བསྒྱུར་བ་ཞིག་དང་བོད་རང་གིས་ཀྱང་དེ་ལ་ཞིབ་ འཇུག་བྱས་ནས་དགོངས་འགྲེལ་གྱི་བསྟན་བཅོས་མང་པོ་ཞིག་བརྩམས་ནས་དེ་རིང་སང་ཉིན་ཆ་ཚང་བ།    ཚད་དང་ལྡན་པ། ཚུལ་དང་མཐུན་པ།   དེ་ལྟ་བུའི་ཕུན་སུམ་ཚོགས་པ་ཞིག་ཡོད་འདུག   དེ་ཡོད་ན་སྔོན་གྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལ་སོགས་ཁོང་རྣམ་པ་མི་གཅིག་གཉིས་ཞིག་གི་དོན་དུ་ཆོས་ལུགས་འདི་བོད་ལ་སྤེལ་བ་ཞིག་མ་རེད།   ང་ཚོ་གཙོ་བྱས་པའི་བོད་ཀྱི་མི་རབས་ནས་མི་རབས་ཀྱི་ཆེད་དུ་བྱ་བ་འདི་བསྒྲུབས་པ་ཞིག་རེད།   དེས་ན་ང་ཚོའི་སྐད་ཡིག་འདི་དང་ཆོས་ལུགས་འདི་མི་ཉམས་དར་སྤེལ་དང་རྒྱུན་སྐྱོང་ཡང་དག་པ་ཞིག་བྱས་ན་སྔོན་བྱོན་གོང་མ་རྣམས་ལ་བཤེས་ཤེས་དྲིན་བཟོ་ཞིག་གི་བྱ་བ་ལེགས་པོ་ཞིག་རེད་བསམ་འདུག  ང་ཚོའི་སྐད་དང་ཡི་གེ་འདི་སྣང་མེད་དུ་འཕང་ནས་ཉམས་གུད་དུ་བཏང་ན།    སྔོན་གྱི་མེས་དབོན་རྣམ་གསུམ་དང་ལོ་ཙཱ་བ་སྐུ་དྲིན་ཅན་ཁོང་རྣམ་པ་ལ་ང་ཚོས་ཁྲེལ་མེད་བྱས་པ་དེ་ལྟ་བུ་ཞིག་རེད།   དེའི་ཕྱོགས་ལ་བསམ་བློ་བཏང་ན་ང་ཚོའི་སྐད་དང་ཡི་གེ་འདི་མཐའ་གཅིག་ཏུ་ཉམས་མི་རུང་བ་ཡིན།   ཨོ།   ད་འདིར་ངས་དུས་ཚོད་ཆུད་ཟོས་སུ་བཏང་ནས་གཏམ་ཉོག་མང་པོ་ཞིག་བཤད་ནས་བསྡད་ན་ འགྲིག་མི་འདུག  མདོར་བསྡུས་ན་བོད་མདོ་དབུས་ཁམས་གསུམ་གྱི་སྐྱེ་ཕོ་མོ་མེད་པ་ཚང་མས་སྐད་ཡིག་འདིའི་སྟེང་ལ་དོ་སྣང་ཡག་པོ་ཞིག་བྱེད་པར་རེ་ཞུ་དང་།   མ་ཚད་པར་འདིར་མཁས་པའི་དབང་པོ་དང་ལྷག་བསམ་ཅན་སྐྱེས་བུ་དམ་པ་མང་པོ་ཞིག་གི་རིན་ཐང་ཅན་གྱི་གསུང་བཤད་རབ་དང་རིམ་པ་བཞིན་དུ་གནང་རྒྱུ་ཡོད་པར་འདུག     གཅིག་ཁོང་རྣམ་པའི་གསུང་ལ་ལེགས་པོ་གསན་རྒྱུ་དང་། གཉིས་ཚང་མས་དེ་ཐུགས་ལ་ལེགས་པོ་འཛིན་རྒྱུ་དང་། གསུམ་དེ་ལྟར་དུ་ལག་ལེན་ཡག་པོ་ཞིག་བསྟར་བ་དེ་བོད་པ་ཞིག་ཡིན་ནས་བཟུང་ཚང་མ་ལ་རང་གི་རེ་ཞུ་ཚིག་གཅིག་གཉིས་ཙམ་ཞུས་ན་དེ་ཡིན་ལགས།  


  ཞེས་ཁམས་མི་ཉག་ཞི་བདེ་སྐད་ཡིག་དོ་དམ་ཚོགས་པའི་སྐད་ཡིག་སློབ་གསོའི་ཟེར་སྡེར་ལས་བཤུས།   

                                                                      ཡི་གེ་པ་འདན་སངས་རྒྱས་ཆོས་འཕགས།

དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས། གླིང་དུག་སྦྲང་།
འདྲེན་བཀོལ:

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rohv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རྟན་རྡོར་ནས། སྤེལ་དུས:2015/3/26
ངོ་མ་ཡག་པོ་གསུངས་འདུག་ཐུགས་རྗེ་ཆེ།།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
12609733
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号