མགར་དམག་གི་བཏུས་རྩོམ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »མགར་དམག་གི་བཏུས་རྩོམ།
མགར་དམག་གི་བཏུས་རྩོམ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/3/25ལྟ་ཀློག (2054)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


གངས་རི་དང་ཀེང་རུས།


མགར་དམག


གངས་རི་དེ་༼རྩྭ་གསེང་གི་ཀེང་རུས་ལས་ཅུང་ཙམ་མཛེས༽་མོད

གྲོག་མ་གཅིག་གི་གདུང་སེམས་ཀྱི་མེ་ལྕེ

གྱེན་ནས་གྱེན་དུ་འཕྱུར་ཏེ་ས་གཞི་འདིའི་ཕྱེད་ཀ་བསྲེགས་ཚར་དུས

ཀེང་རུས་དེ་བདག་སེམས་ཀྱི་གངས་རི་ལས་རབ་ཏུ་མཛེས

2014.10.8


གཙང་བོ་སྒུག་པ


མྱ་ངན་གྱིས་སྐྱེས་པའི་ཤིང་སྐམ་དེའི་སླད་དུ

རྨི་ལམ་དུ་ཡང་ཡང་འཁོར་མྱོང་བའི་ནགས་ཚལ་དང

རི་དྭགས་ཚོའི་སེམས་ཀྱི་ས་གཞི

ཁྱེད་ཀྱིས་ཡང་ཡང་བརྡར་ཏེ་ཤིན་ཏུ་ཕྲ་བའི་སྐུད་པ་སྦོམ་པོ་ཞིག་གྲུབ་རྗེས

ཨ་ཐང་ཆད་པའི་རང་ཉིད་ཀྱི་ལུས་པོ་འཚེམ་དུ་མ་གྲུབ་པ་པར་རྡུལ་དུ་ཟགས

གནམ་སའི་སྲུབས་བར་ནས་ལྡང་བའི་རླུང་བུས་གང་སར་སྤུར་ཏེ་ཅི་ཡང་མེད་པར་གྱུར


བར་སྣང་དུ་གཡོ་བའི་སྐར་མའི་ཡོལ་བ

ཁྱེད་ཀྱིས་ཅི་ཡང་ཡིན་པར་འདོད་དེ་སྙིང་ལ་ཉར


ཤམ་བྷ་ལའི་མཚན་མོ་སླར་བཞིན་འཕྱུར་དུས

བར་སྣང་ཞེས་པ་ནི་ཐག་རྡང་མེད་པའི་སྒེའུ་ཡོལ་ཐད་པོ་ཞིག

ཁྱེད་ཀྱི་ལུས་སྟེང་དུ་འབབ་ཀྱིན་པའི་ཚ་དུག་ཀྱང་འགོག་མི་ནུས


ཁྱེད་ཉིད་སླར་ཡང་ལམ་ལ་ཆས

ཕྱི་དྲོ་ཞིག་ལ་ཞེན་ཆགས་ཀྱི་རོ་བག་ཤིན་ཏུ་ཚ་བའི་དུར་ཁྲོད་ཅིག་ལ་སླེབས

2014.4.16


པོ་ཏ་ལ


ཁྱེད་ཀྱིས་རླུང་བུ་མཁྲེགས་པོ་དེ་གྱོན་ནས་མི་ལོ་ག་ཙམ་འདས་སོང

མེ་བཞིན་ཚ་བའི་འཁྱགས་རོམ་གྱི་བརྩིགས་པ་ཞིག་གིས་རང་ཉིད་ཡོངས་སུ་བསྐོར་ཏེ

བདག་མེད་ཀྱི་རྣམ་ཤེས་དང་ང་རྒྱལ་བརྩིགས་པའི་ནང་ལོག་དུ་འདྲུད་དུས

པོ་ཏ་ལ

བདག་གི་གྲིབ་མའི་ནང་དུ་སེང་གེ་ཞིག་ངུ་བཞིན་འདུག

2014.12.30


འཇིག་རྟེན་ན


འཇིག་རྟེན་ན

འཇིག་རྟེན་ན་སྤྱང་ཀི་དང་ལུ་གུ་ལས་ཅི་ཡང་མེད

དེ་དག་ཀྱང་གཟུགས་འགྱུར་བའི་བྱ་ཚིགས་རྐྱང་རྐྱང་ཡིན

2013.9.23


ལོག་པར་རྟོག་པའི་སྙན་ངག


རབ་ཏུ་འཁྱག་པའི་རྡོའི་སེང་གེའི་མིག་ཆུ

ལོ་ཟླ་འདིའི་ཆེད་དུ་སུ་ཞིག་གིས་ཐེངས་མང་འཐུང་མྱོང


སྐམ་ལ་རུད་པའི་གངས་འདབས་ཀྱི་སྦྲ་ནག

མཚན་མོ་འདིའི་ཆེད་དུ་བདག་གིས་ཐེངས་མང་སྲུང་མྱོང


ཤ་གསེང་ན་དགོད་ལ་ངུ་བའི་རླུང་དང་ཁ་བ

མེ་ནང་ན་འཕྱོ་ལ་ལྡིང་བའི་རི་རབ་དང་ནགས་ཚལ

ཁྱོད་ཀྱིས་གུ་ཡངས་མཛོད་ཅིག

མཐའ་ན་རང་གི་དགྲ་བོ་ལ་ཡང


རྨས་ཟིན་པའི་མེ་ཏོག་ལྡུམ་ར་འདི་བདག་ལ་དབང་ཆོག་པར་ཞུ

འདི་ལས་ཅི་ཡང་མི་དགོས

མཐའ་ན་གསེར་གྱི་གཟེབ་དྲ་དེ་ཡང


ང་ནི་མི་སེར་གྱི་བུ་ཡིན


ཁ་ཆེམས་ལྟ་བུའི་བསྔོ་ཡིག


རི་རྩེ་ནས་སྤྲིན་པར་བསྙེས་ཏེ་ཁྱེད་ལ་བལྟས་ཀྱང

ངལ་རྩོལ་གྱི་རྔུལ་ནག་ཁྲག་ལ་འདྲེས་ཏེ་རྡོའི་བརྩིགས་པ་བརྒྱུད་དེ་མར་མར་བྱེར


ལམ་རིང་མོ་རབ་རུབ་དུ་གྱུར་རྗེས

མི་རྣམས་གཞི་ནས་ལྐུག་སོང་ངམ

ཚངས་མགུར་གྱི་མཉེན་ལྕུག་ཀྱང་སྲ་མཁྲེགས་ཀྱིས་བཅངས་ཏེ

རྡོ་རིང་སྟོང་བ་ཞིག་གི་མིག་ཀོང་ནས་ཟགས


གངས་རི་ཟེར་སའི་ངམ་ངམ་བརྗིད་བརྗིད་ཅིག་ཀྱང་མེད་པར་གྱུར


ལམ་འགྲོ་བ་དབུལ་བོ་ཚོས་རྩམ་སྐྱ་འགམ་བཞིན་རྩྭ་ཐང་ཆེན་པོ་ཞིག་རུམ་ནས་འགྲོ


རྡོའི་སེང་གེ་ཞིག་གི་འཁྱག་སོང་བའི་མིག་ཆུ་དེ

དུར་ཁྲོད་དང་ཕ་བོང་ལས་ཀྱང་འཁྱག་པའི་དེ་རིང་གི་ལོ་ཟླ


ལྕགས་པོ་རིའི་རི་རྩེ་ནས་ངས་ཕ་ཡུལ་དྲན་བྱུང

ས་རུབ་དུས

ཐང་ཆད་པའི་ལུས་པོ་ཤིང་སྐམ་ལྟར་གྱོང་ཡང

སྐམ་ལ་རུད་པའི་ཀེང་རུས་ཀྱི་ལྷུ་ལག་ཤུགས་ཀྱིས་སྒྲུམ

2015- 1—16དགོང་མོ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
1xp4 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41989841
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1