རྩོམ་སྐུལ་བརྡ་ཐོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» བརྡ་སྦྱོར་གླིང་། »རྩོམ་སྐུལ་བརྡ་ཐོ།
རྩོམ་སྐུལ་བརྡ་ཐོ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/3/26ལྟ་ཀློག (2591)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


       ངེད་༼ཚོན་ལྔའི་རྨུ་ཐག༽གི་བྱིས་དུས་ཀྱི་ལོ་ཟླ་ཧྲིལ་བོ་གཅིག་ཕར་བསྐྱལ་བའི་གོ་རིམ་དུ། ལྟ་ཚུལ་དང་ཉམས་མྱོང་གི་རེ་བའི་ཆར་ཆེན་དུས་སུ་བབས་ཤིང་། ཆུ་ལུད་དྲོད་གཤེར་འཛོམས་པའི་དཔྱིད་དུས་ཀྱི་གཤིན་ས་བཟང་བོ་ཞིག་ད་ལོར་ལྟོས་བཅས་ཀྱི་ཡོད་ཟེར་ན་བཤད་ཆོག་ཆོག་ཡིན།   རྒྱུ་མཚན་ཐག་ཉེ་རིང་ནས་སྒེར་གཉེར་ལོ་དེབ་ཅིག་གི་གྲལ་དུ་བཞག་པ་དང་མིང་བཏགས་པ་ཙམ་མ་ཡིན་པར་དོན་ཡོད་པ་དང་།    སྒོས་སུ་ཕྱི་ནང་གི་དཀའ་ཁག་ཡོད་ཚད་ལ་ཐབས་ཤེས་གཉིས་སྤྱོད་དང་། རྒྱང་བསྐྱོད་ཀྱི་འདུ་ཤེས་རིང་དུ་སྲིང་དགོས་པའི་གནད་ཀྱི་སྐུལ་མ་མང་བོ་མཐོ་བ་གནམ་དང་། དམའ་བ་ས་ནས་བསྩལ་ཡོོད་པས་དེ་དག་ངེད་རྩོམ་སྒྲིག་ཚན་ཆུང་གིས་མིག་རིག་རིག་དང་རྣ་ཀྲོང་ཀྲོང་གི་ངང་ནས་ཕྱོགས་སུ་བཏུས་ནས་སྙིང་རྐང་རུས་པའི་དཀྱིལ་དུ་བཀོད་ཡོད།      

      ཡིན་ནའང་མིང་དོན་མཚུངས་པའི་ལོ་དེབ་ཅིག་ཡོང་བར་གཙོ་བོ་རྒྱ་ཆེ་བའི་སྨྱུག་ཐོགས་པ་རྣམས་ལ་རག་ལས་ཕྱིར་ལག་ཟུང་ཐལ་མོ་དང་བཅས་སློང་ཡིག་འདི་མི་བསྒྲེང་ཐུ་མེད་ཡིན་པས་དོན་ཡོད་པར་སྨོན།    འདིར་སྔར་བཞིན་མང་མོས་རེ་འདོད་བཞིན་ཆོས་ལུགས་རིག་གནས་ཀྱི་མཚོན་པའི་སྲིད་འབྱོར་རིག་གསུམ་དང་།    འདས་མ་ད་གསུམ་ལ་གནད་དུ་སྨིན་པའི་རྩོམ་ཡིག་ཡིན་ན་ཆོག་པས་དེའི་ལུགས་ཀྱི་ལྗགས་རྩོམ་དྭངས་མ་རེ་བསྐུར་གནང་ཞུ་ཞེས་གཤམ་གྱི་དོན་ཚན་འདི་གར་གཟིགས་རོགས།

    ༼གཅིག༽ དཔྱད་རྩོམ་ཡིན་ན་ཚད་མཐོ་བའི་རྩོམ་སྒྲིག་ཚད་གཞི་ལྟར་རྩོམ་ཡིག་གི་མགོར་ནང་དོན་གནད་བསྡུས་དང་བརྡ་ཆད་གཙོ་བོ། ཟུར་ལྟའི་དཔྱད་གཞི་སོགས་བཀོད་དགོས།

   ༼གཉིས༽ རྗོད་བྱེད་བརྡ་སྤྲོད་དང་མཐུན་ཞིང་བརྗོད་བྱ་ཁྲིམས་མཐུན་ཡིན་དགོས།

   ༼གསུམ༽ རྩོམ་པ་བོའི་མཚན་དང་བཞུགས་གནས། ལས་གནས་དང་འབྲེལ་གཏུགས་བྱ་ཡུལ་སོགས་འབྲི་དགོས།

   ༼བཞི་བ༽ ཚགས་དེབ་དྲ་གསུམ་གང་རུང་དུ་མ་བཀོད་པའི་རྩོམ་ཡིག་ཡིན་དགོས། ལྷག་ཏུ་སྐད་འཕྲིན་ལྟ་བུར་བཀོད་པའི་སིལ་རྩོམ་རིགས་མི་དགོས།

   ༼ལྔ་བ༽ ལུགས་རྙིང་གི་ཟླ་བརྒྱད་པའི་སྔོན་དུ་འདི་གར་འབྱོར་གནང་ཞུ།

     ཡིག་ཟམ159473235@qq.con

     སྐད་འཕྲིན. yundan123

    འབྲེལ་གཏུགས་. 13893957676 13884055521

    བསང་ཆུ་རྫོང་འབོ་རའི་༼ཚོན་ལྔའི་རྨུ་ཐག༽རྩོམ་སྒྲིག་ཁང་ནས་སྤེལ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmes བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41550541
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1