བེ་མིག་གི་བཏུས་རྩོམ་གསར་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »བེ་མིག་གི་བཏུས་རྩོམ་གསར་བ།
བེ་མིག་གི་བཏུས་རྩོམ་གསར་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/3/31ལྟ་ཀློག (2035)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བརྗེད་དཀའ་བའི་འཚོ་བ།

              བེ་མིག༼རྨ་ལྷོ༽

གསོལ་འདེབས་ཐོག་རྒོད་མ། ༼མུ་འགོད༽ 


ཙན་དན་ལོ་མ་སེར་པོ་གང་སར་གཏོར།། 
ཞོགས་པའི་ཉི་ཟེར་ཁང་རྩེག་ཚང་དུ་ཡུབ།། 
འདི་ཕྱི་བདེ་སྡུག་རྒྱལ་བའི་ཞིང་ལ་འདེབས།། 
སྒོ་གསུམ་གུས་པའི་རྐྱང་ཕྱག་ཞིང་ལ་འཚལ།། 

རྒྱལ་བ་བློ་བཟང་གྲགས་པའི་གདོང་མདུན་ནས།། 
ལྟོག་སྒོམ་འདྲེས་མའི་འཚོ་བ་རོལ་མྱོང་བྱས།། 
རྒྱ་བོད་འདྲེས་མའི་གྲོགས་འགར་གྲོཊ་ལ་བསྟེན།། 
བརྩོན་འགྲུས་ཆེན་པོ་ཐོབ་པའི་སྨོན་ལམ་གཏབ།། 

གསེར་གདོང་ཆེན་པོ་མཇལ་བའི་སྨོན་པ་ཤོར།། 
རྒྱལ་བའི་འཛད་པ་དྲན་ནས་དད་པ་སྐྱེས།། 
སྒོ་གསུམ་རྐྱང་ཕྱག་འཚལ་ནས་ལུས་པོ་འདར།། 
དང་པོའི་སྨོན་པ་རྗོགས་པའི་སྨོན་ལམ་འདེབས།། 

ལ་དང་ལུང་བ་བརྒྱུད་ནས་ཞིང་འདིར་མཇལ།། 
དང་པོ་མཇལ་བའི་དགའ་བ་ཚད་མེད་སྐྱེས།། 
བར་དུ་རྐྱང་ཕྱག་ཕུལ་བའི་ཨ་ཐང་ཆད།། 
མཐའ་མར་ཨ་གསར་ཡལ་བའི་གསོལ་བ་བཏབ།། 

དེ་རིང་གི་སེམས་ཚོར།  ༢༠༡༣ལོའི༨པའི་༡༩ཉིན་སྐུ་འབུམ་ནས།


རྒྱང་གི་འཚོ་བ།  ༼མུ་འགོད༽ 

སྦྲང་དཀར་རྩམ་པའི་བྲོ་བ་མེད།། 
ཤ་མར་ཇ་ཡིས་མཆོད་པ་མེད།། 
རྣམ་པར་དག་པའི་སྨོན་ལམ་འདིས།། 
ཞིང་འདིར་མཇལ་བའི་སྐལ་བཟང་ཐོབ།། 

མི་རིགས་མི་འདྲ་མང་པོ་གདའ།། 
ཆོས་ལུགས་མི་འདྲ་མང་པོ་གནས།། 
སྐུ་འབུམ་རྒྱལ་བའི་གདོང་མདུན་ནས།། 
འདི་ཕྱིའི་ལེགས་ཚོགས་ཞིང་འདིར་བཅོལ།། 

རྒྱ་གོར་དཀར་བོ་ཁ་ལ་ཞིམ།། 
ཆུ་རྐྱང་ཞིམ་པོ་སྐོམ་ལ་དྲིན།། 
བརྐྱངས་ཕྱག་ཕུལ་བའི་དགེ་བ་ཡིས།། 
ངན་ངོན་འཚོ་བ་སྐྱིད་དུ་ཤར།། 

ཕ་ཡུལ་བསྐྱུར་ནས་རྒྱང་ལ་བཞུད།། 
བྱམས་པར་བྲལ་ནས་ཞིང་འདིར་མཇལ།། 
རྒྱལ་བའི་ཞིང་ལ་སྒོ་གསུམ་གུས།། 
བློ་བཟང་གྲགས་པར་གསོལ་བ་འདེབས།། 

༢༠༡༣/༨/༢༠ཉིན་སྐུ་འབུམ་བྱམས་པ་གླིང་ནས་སྦྱར། 



སྐུ་མདུན་གྱི་མཐོང་པ།༼མུ་འགོད༽ 


རྒྱལ་བའི་གསེར་གདོང་སྐུ་མདུན་ནས།། 
རྒྱ་མོ་འགའ་ཡིས་གདུང་རབས་གླེང་།། 
རྗེ་བོའི་རྣམ་ཐར་ཕྲན་ཙམ་གླེང་།། 
ཉན་མཁན་འགའ་ལ་མགོ་སྐོར་ཕེབས།། 

བློ་བཟང་བླ་མའི་གདུང་མདུན་ནས།། 
རང་རིགས་སྤུན་ཟླ་ལྐུག་པ་རེད།། 
རྗེ་བོའི་རྣམ་ཐར་བཤད་མཁན་མེད།། 
རང་ལྕེ་གཞན་ལ་ཤོར་བའི་སྐྱོ།། 

གསེར་གདོང་ཐོག་རིམ་གོང་མ་ན།། 
སྟོང་མཆོད་མཆོད་པ་གྲལ་དུ་བསྒྲིགས། །
འདོན་མཁན་ཨ་ཁུ་ངོ་སོ་བསྟོད།། 
མཆོད་རྗས་ཆད་པ་ཡིད་རེ་སྐྱོ།། 

གྲྭ་ཤག་འགའ་ཡིས་སྒོ་འགྲམ་ན།། 
སྒོ་སྲུང་བཙན་པོ་རྒྱ་ཁྱིའི་གཟུགས།། 
ཅང་མེད་ང་ཡིས་གཉེན་དུ་གྱུར།། 
སྒོ་སྲུང་འདི་ནི་གང་གི་སྤྲུལ།། 

༢༠༡༣/༨/༢༡ཉིན་སྐུ་འབུམ་ནས།


སྐུ་འབུམ་ཡུལ་གྱི་བསྟོད་པ་ཐན་ཐུན།༼མུ་འགོད།༽ 


འཁོར་བཞི་ཁ་ལོ་སྒྱུར་མཁས་པ།། 
སྐད་རིགས་སྣ་ཚོགས་བཤད་མཁས་པ། 
སྒོ་སྲུང་བཙན་པོ་སྐྱོང་མཁས་པ།། 
སྐུ་འབུམ་དགོན་པའི་གྲྭ་བཙུན་བསྟོད།། 

རྒྱང་རིང་མགྲོན་པོ་ཕེབས་ལ་སྤྲོ།། 
པར་ཆས་ཆེ་ཆུང་འདོགས་ལ་སྤྲོ།། 
མཚམས་སྦྱོར་ཕྲན་ཙམ་གླེང་ལ་སྤྲོ།། 
གནས་སྐོར་མི་སྣ་ཁྲིད་མཁན་བསྟོད།། 

རྒྱལ་བའི་མཛད་རྗེས་འདི་ན་མང་།། 
དད་ལྡན་སྐྱ་སེར་འདི་ན་མང་།། 
སྦྲགས་སྐད་བཤད་མཁས་འདི་ན་མང་།། 
སྐུ་འབུམ་དགོན་པའི་ཁོར་ཡུག་བསྟོད།། 

རྒྱང་རིང་མགྲོན་པོ་བྱམས་པའི་བརྩེ།། 
ཁ་བརྡ་ཐན་ཐུན་གླེང་བར་སྤྲོ།། 
མགྲོན་པོ་མགྲོན་ལ་བསུ་པར་དགའ།། 
གནས་ཚང་བདག་པོ་བདག་གིས་བསྟོད།། 

༢༠༡༣/༨/༢༢ཉིན་སྐུ་འབུམ་དགོན་པའི་གནས་ཚང་ནས་བརྩེ་མིག་ནས་མུ་འབྲེལ་སེམས་ཚོར 
ཐེངས་བཞི་བ་སྦྱར་བ་བོ། 


མཚན་གུང་གི་མཐོང་བ་དངོས་བྲིས།༼མུ་འགོད།༽ 


གནས་ཚང་སྐུ་ལོའི་ངུར་བ་འདུ་རུ་རུ།། 
སྒོ་སྲུང་བཙན་པོའི་སུག་སྐད་གྲག་ལྷང་ལྷང་།། 
མདུན་གྱི་ཆུ་བོའི་བཞུར་སྒྲ་སྙན་ཤག་ཤག། 
མཚན་རིང་ཡིད་ཀྱི་སེམས་ཚོར་ཐོལ་གྱིས་བྲིས།། 


གློག་སྒྲོན་སྣ་བརྒྱའི་འོད་མདངས་ཆ་ལམ་ལམ།། 
འདོན་བཟང་ཨ་ཁུའི་དྲིལ་སྒྲ་སིལ་ལི་ལི།། 
མཚམས་བཅོད་གཅོང་སྒྲའི་སྒྲ་སྙན་སྙན་ལྷང་ལྷང་། 
མཚན་གུང་མཐོང་བ་ཤོག་དཀར་ཐང་ལ་ཕབ།། 


དགོང་གི་སྐར་མའི་ཚོགས་རྣམས་སྟོང་སང་སང་།། 
བརྒྱད་པའི་སྟོང་རླུང་རྒོད་པོ་ལྡང་འུར་འུར།། 
འབུམ་ཕྱག་བྲེལ་བའི་མི་བུ་ཚང་ཤུག་ཤུག། 
གསེར་གདོང་མདུན་གྱི་མཐོང་པ་ཐོལ་གྱིས་ཤོར།། 

རྐྱང་ཕྱག་ཕུལ་བའི་མི་བུ་ཐང་ཆད་ཆད།། 
སྐོམ་གྱིས་མནར་བའི་ཆུ་རྐྱང་དྲོ་ཞིམ་ཞིམ།། 
ཨ་ཐང་ཆད་པའི་ལུས་པོ་འདར་སུག་སུག། 
བརྗེད་མེད་མི་ཚེའི་དྲན་ཤིང་འདི་ན་གདའ།། 

༢༠༡༣/༨/༢༣ཉིན་གསེར་གདོང་ཆེན་མོའི་མདུན་ནས་ཐོལ་གྱིས་ཤོར། 



ཙོང་ཁ་བདེ་མོ་བྱོས།༼མུ་འགོད༽ 

ཕ་མའི་བཀའ་ཆད་ཐོན་ནས་འགྲོ་ལ་རན།། 
བཙན་པོའི་བཀས་བཅད་ཐོན་ནས་འགྲོ་ལ་རན།། 
གནས་སྐབས་བྱ་བའི་དབང་གི་འགྲོ་ལ་རན།། 
འདིར་འཛོམས་གྲོགས་པོ་ཚང་མ་བདེ་མོ་བྱོས།། 


རྒྱ་ལྕང་ལོ་མ་སེར་པོ་གང་སར་གཏོར།། 
ཕྱོགས་ཡོང་སྐུ་མགྲོན་ཚང་མ་ཡུལ་ལ་བྲེལ།། 
ཟང་ཟིང་གྲོང་ཁྱེར་འདི་ནས་རང་ཡུལ་དྲན།། 
ང་ཡང་མི་འདུག་བདེ་མོ་འཇོག་ལ་རན།། 

གནས་ཚང་བདག་པོའི་སྐུ་དྲིན་བརྗེད་མེད་ཡིན།། 
རྐྱང་ཕྱག་ཕུལ་བའི་འཚོ་བ་བརྗེད་མི་སྲིད།། 
ཙོང་ཁའི་ཡུལ་ནས་འཕྲད་པའི་གྲོགས་པོ་ཚོ།། 
བརྩེ་མིག་མི་འདུག་ཡུལ་ལ་འགྲོ་རན་སོང་།། 


མི་ཚེའི་བརྗེད་མེད་དྲན་ཤིང་འདི་ན་གདའ།། 
དད་ལྡན་སྐྱ་སེར་ཁྲི་སྟོང་འདི་ན་གདའ།། 
བདག་གི་མུ་འབྲེལ་ཟིན་བྲིས་འདི་ན་གདའ།། 

དེ་རིང་མུ་འབྲེལ་ཟིན་བྲིས་རྗོགས་པར་བྱས།།

མཐར་གསེར་གདོང་ཆེན་མོའི་མདུན་གྱི་ཆུ་རྐྱང་འཐུང་རོགས་ཀྱི་གྲོགས་པོ་ཡོངས་ཀྱི་སྨོན་འདུན་མྱུར་མོར་འགྲུབ་པའི་སྨོན་ལམ་འདེབས།

༢༠༡༣/༨/༢༤ ཉིན་སྐུ་འབུམ་གྱི་ཟིན་བྲིས་རྗོགས་སོ། །

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41990606
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1