སྨོན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »སྨོན།
སྨོན།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/3/31ལྟ་ཀློག (1606)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འཇང་ཚ་འཁྱམ་པོ།

ཁེར་རྐྱང་གིས་སེམས་པ་གཅུན་ན་

ཁྱོད་ཀྱིས་

སྒྲ་མི་དག་པའི་བརྩེ་གླུ་ཞིག་སྣ་གླུ་རུ་གྱེར་སྲིད་དམ།

དེ་སྲིད་ན་

མཛེས་པའི་མི་

ངའི་དུང་བ་བརྩེ་གླུ་དེ་ཡིན་པར་སྨོན་

ཁེར་རྐྱང་གི་སྐྱོ་ངལ་སེལ་བའི་

སྒྲ་མི་དག་པའི་བརྩེ་གླུ་དེ་ཡིན་པར་སྨོན།


དྲ་རྒྱ་ཡིས་སྙིང་གཏམ་བསྐྱལ་ན་

ཁྱོད་ཀྱིས་

མངོན་མི་གསལ་བའི་འཛུམ་མདངས་ཤིག་ཞལ་ངོ་རུ་ཤར་ཡོད་དམ།

དེ་ཡོད་ན་

དམར་བའི་མི་

ངའི་དུང་བ་དེ་སྙིང་གཏམ་རང་ཡིན་པར་སྨོན་

ཞལ་ངོ་རུ་འཛུམས་མདངས་སློང་བའི་

ཚགས་མི་དམ་པའི་སྙིང་གཏམ་རང་ཡིན་པར་སྨོན།


ཚིག་ཚོགས་ཀྱི་རྩེད་རྡོ་བསྒྲིགས་ན་

ཁྱོད་ཀྱིས་

ཅི་མི་སྙམ་པར་༼སྙན་ངག་༽དེ་མིག་གིས་འདེད་མྱོང་ངམ།

དེ་མྱོང་ན་

བརྩེ་བའི་མི་

ངའི་དུང་བ་༼སྙན་ངག་༽དེ་ཡིན་པར་སྨོན་

མིག་འབྲས་ཀྱི་ཡུལ་དུ་བཟུང་བའི་


ཡི་མ་རིང་བའི་༼སྙན་ངག་༽དེ་ཡིན་པར་སྨོན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41989187
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1