བེ་མིག་གི་རྩོམ་བཏུས་ཁག་གསུམ་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »བེ་མིག་གི་རྩོམ་བཏུས་ཁག་གསུམ་པ།
བེ་མིག་གི་རྩོམ་བཏུས་ཁག་གསུམ་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/4/3ལྟ་ཀློག (2994)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

       བེ་མིག་ནི་ས་འཛིན་སྒེག་མོའི་ལང་ཚོའི་དཔལ་རྗོགས་པའི་དུས་ཚིགས་ཤིག་ལ་རྨ་ལྷོ་རྫོང་ཁུ་སིན་ཡུལ་ཚོ་རུ་ལྟེ་ཁྲག་འཐོར་བའི་མི་བུ་དཀྱུས་མ་ཞིག་ཡིན་ཞིང་། ཉེ་ལམ་ཁོ་རང་ཉིད་ཀྱི་དགའ་ཕྱོགས་ལས་མཆེད་པའི་སྙན་རྩོམ་རེ་འགའ་ཁྱེད་ཀློག་པ་པོའི་གཟིགས་རྟེན་དུ་ཚོར་བའི་ཕྱི་ནང་མེད་པར་ཕུལ་ཟིན་པ་དེ་ལས་མ་འདས་སོ། །

སྐད་འཕྲིན།   876394451


འཁོར་བ།
             
འཁོར་བ་སྲིད་པའི་རྩེ་ན་ལྗིད།།
འཁོར་བ་གནམ་མཁའི་ཁྱོན་ན་འབར།།
ཐམས་ཅད་ཕལ་བའི་མི་ཡིན་པས།།
ང་ཚོ་འཁོར་བའི་མགྲོན་པོ་ཡིན།།

འཁོར་བའི་མི་ལ་སྐྱེ་འཆི་ཡོད།།
འཁོར་བའི་མི་ལ་སྐྱིད་སྡུག་ཡོད།།
འགྲོ་བ་ཐམས་ཅད་འཁོར་བའི་མི།།
འཁོར་བའི་མི་ལ་བྱེ་བྲག་མེད།།

འཁོར་བ་སྒྲོལ་མའི་རུམ་ན་ཡོད།།
འཁོར་བ་གྲྭ་བའི་མལ་ན་ཡོད།།
མདུན་དང་གམ་ན་འཁོར་བ་ཡོད།།
ང་ཚོ་འཁོར་བའི་འགྲོ་བ་ཡིན།།

ལོ་ཟླའི་འཁོར་བ་ཟད་རྒྱུ་མེད།།
རིམ་གྲོའི་འཁོར་བ་ཟློག་རྒྱུ་མེད།།
ཐར་བའི་ལམ་ལ་ཐག་རིང་པས།།
འཁོར་བར་རྡོལ་བ་སོར་སྐྱེས་ཡིན།།

སོ་སོ་འཁོར་བའི་འགྲོ་བ་ཡིན།།
ཆགས་སྡང་འཁོར་བའི་མི་ལ་ཡོད།།
གང་དྲན་བློ་ཡིས་གཞལ་བྱ་མིན།།

མཐོང་ཐོས་ཡོད་ཚད་བདེན་པ་མིན།།    

       ༢༠༡༤/༩/༧ཉིན་མགོ་ལོག་ནས།



ཀ་ཕྲེང་སུམ་ཅུའི་མགུར།
               
ཀྭ་ཡེ་གསོན་དང་སྙན་ངག་སྨྲ་བའི་ཁྱུ།།
ཁ་ཁོག་མེད་པའི་མགུར་ཞིག་མཉམ་དུ་ལེན།།
ག་ལེར་ག་ལེར་ཉོན་དང་བདེན་པའི་གཏམ།།
ང་ཡིས་འབྲི་བཞིན་གླེང་བཞིན་ཡོང་གི་ཡོད།།

ཅ་ཅོ་འདུ་འཛི་སྤོངས་ནས་སྦྱངས་ལ་བརྩོན།།
ཆ་རྒྱུས་བྲལ་བའི་སྡུག་གྲོགས་རིང་དུ་སྤོངས།།
ཇ་ཁང་ཆང་ཁང་ཉུལ་བ་རིང་དུ་དོར།།
ཉ་རིགས་མི་ལེགས་ཟས་ལ་སྤྱོད་པ་གཟོབ།།

ཏ་ལའི་མཚན་ཅན་འགྲོ་བའི་གཙུག་ཏུ་ལོངས།།
ཐ་ཤལ་སྤྱོད་པ་སྤོངས་ལ་བཟང་སྤྱོད་བརྩོན།།
ད་རེས་སྦྱངས་ལ་མི་བརྩོན་ནམ་རེ་བརྩོན།།
ན་ཆུང་གཞོན་ནུའི་ཚོགས་ལ་གཏམ་འདི་སྒྲོན།།

པ་ཏྲ་རི་མོ་སྤུས་ལེགས་བྲིས་ཤེས་ཆོག།
ཕ་མ་སློབ་དཔོན་དམ་པར་བཀུར་ཤེས་ཆོག།
བ་ལང་དུད་འགྲོའི་འདུ་ཤེས་མྱུར་སྤོངས་ལ།།
མ་ཡུམ་གངས་ཀྱི་ལྗོངས་ནས་ཀི་ཞིག་ཐོབ།།

ཙ་གེ་ཙིག་གེའི་རྩེད་འཇོ་རབ་ཆགས་པའི།།
ཚ་བོ་ཚ་མོོའི་ཚོགས་ལ་ཁ་ཏ་བྱོས།།
ཛ་དྲག་ཚ་དྲག་དབྱུགས་པའི་གླན་དགོས་ཀྱང་།།
ཝ་ལེར་གཞུང་ལུགས་འཆར་བའི་དཀའ་སློབ་སྩོལ།།

ཞ་ཞང་ཉུལ་བའི་འཁྱམས་པོར་མ་གཏོང་བར།།
ཟ་ཤེས་འཐུང་ཤེས་ཙམ་ཞིག་མ་ཡིན་པར།།
འ་འུར་འདུ་འཛི་ཆགས་པ་མ་ཡིན་པའི།།
ཡ་མཚན་མཁས་བྲལ་ཚུད་པའི་གཏམ་ཞིག་ཤོད།།

ར་མ་ལུག་གི་སྤྱོད་པའི་མ་གོས་པ།།
ལ་ལུང་འཁྱམས་པའི་ལང་ཤོར་མ་ཡིན་པ།།
ཤ་དར་ཁྲག་དར་རྒྱས་པའི་ན་གཞོན་ཚོར།།
ས་ལམ་རང་གི་ཆོད་པའི་གཏམ་ཤིག་སྨྲོས།།

ཧ་ཅང་ཤེས་མདོག་སྟོན་པ་མ་ཡིན་པར།།
ཨ་ཁུ་ཚ་བོའི་ཚོགས་ལ་མགུར་ཞིག་བླངས།།
ཀ་མུད་སུམ་ཅུའི་སྒྲིགས་པའི་རྡོལ་གཏམ་ཞིག།
ཚོམས་ཁྲིམས་སྲུང་ཁུལ་ཙམ་དུ་སྤྲིངས་པ་ལགས།།

ཧོར༡༤/༨/༡ཉིན་སྙན་ངག་གི་ཕ་ཁྱིམ་གླིང་གི་ཀ་རྩོམ་འབྲི་བར་གྲོས་ཐག་བཅད་པས་ངས་ཀྱང་ས་བཅད་མ་གཏོང་བར་དུ་རྨ་འགྲམ་ནས་སྦྱར།


དྲི་བ་སྐོར་འཕེན་མར་བྲིས་པའི་ཕལ་བའི་ཉིན་ཐོ་ཞིག
                           
ཁ་སང་ནུབ་ཟས་སྟབས་ཐུག་ཕོར་གང་ཡིན།།
མདང་ནུབ་རྨི་ལམ་མག་མོག་རབ་རིབ་རེད།།
ཞོགས་པར་ལུས་པོ་ལྗིད་ལྗིད་ཏིག་ཏིག་རེད།།
ལག་གཡས་རིང་དུ་བསྲིངས་ནས་ཁ་པར་བཙལ།།

ལག་གཡོན་དམ་དུ་བཅངས་ནས་སྐད་འཕྲིན་སློག།
སྲང་ལམ༡༠བར་ཞེན་ཧྭ་དཔེ་ཁང་སྙེགས།།
འགྲོགས་པའི་གྲོགས་ནི་མི་ཚོགས་ཁྲི་མ་འབུམ།།
སོ་སོའི་ཕ་མ་སྐྱེས་ཁུངས་སུ་ལ་དྲི།།

Bཟས་ཁང་གི་ཟས་ལེགས་སྙན་སྒྲོན་རྒྱས།
ཞབས་ཞུ་ཆུང་བ་མཛེས་རབས་ཡག་རབས་ཟེར།།
ཞབས་ཞུའི་རྣམ་འགྱུར་ལེགས་རབས་བསྟོད་པའི་གྲགས།།
ཡིན་ཡང་དོ་ནུབ་ང་ལས་འགྲོན་པོ་དབེན།།

གླེང་མོལ་ནང་དུ་དྲྭ་གྲོགས་སྟོང་ཕྲག་ལྷག།
བོད་སྐད་མི་ཤེས་བོད་ཡིག་མི་ཤེས་གདའ།།
ངོ་ཤེས་རེ་འགའ་རྟག་པར་གྲགས་འགུལ་མེད།།
རྒྱུན་པར་འུར་སྒྲ་ཆེ་བ་རྒྱ་མོ་དག།

Appleཟེར་བ་མ་གོ་མ་རིག་ལ།།
གྲོགས་ཀྱི་ཚོགས་ཀྱང་ཕལ་ཆེར་དེ་འདྲ་ཉིད།།
སྐད་འཕྲིན་བར་དུ་ཚོར་བའི་བདེ་སྡུག་གླེང་།།
རང་ཉིད་མི་རུ་སྐྱེས་པའི་དན་རྟགས་ཙམ།།

བསམ་བློ་བཏང་མེད་འཚོ་བའི་ཉིན་ཐོ་ཡིན།།
དྲི་ལན་ལེགས་དང་མ་ལེགས་མི་ཤེས་མོད།།
རྣམ་འགྱུར་དྲང་བོར་ཡིན་པར་གདོན་མི་ཟ།།
དྲི་ལན་ཙམ་དུ་ཨ་ཁུ་ལྷམ་ཀོག་གུས།།

དྲི་བ་སྐོར་འཕེན་ཡོད་ཀྱང་མེད་ཀྱང་ཆོག།
ཉིན་རེའི་ཉིན་ཐོ་ཙམ་དུ་གུས་པའི་བྲི།།
ད་རེས་དྲི་ལན་འདེབས་མཁན་མང་མོད་ཀྱང་།།
ཕལ་བ་ཕལ་བའི་ལོན་ཞིག་བདག་གིས་བྲིས།།
          ༣/༡༥ཉིན་སོག་རྫོང་ནས་གུས་པའི་སྦྱར།

ཚོར་བས་དཀྲོལ། སེམས་ཀྱིས་ལེན།
                                 
མཚན་གུང་རྨི་ལམ་འཁྲུགས་པ་སུ་ཡིས་བསླུས།།
འདྲེ་གདོན་སུ་ཡིན་གང་ཡིན་སྙིང་ལ་འཚང་།།
སྙིང་ལ་གས་ཆག་ཤོར་བ་རྐྱེན་ནི་གང་།།
རྐྱེན་དེ་སྒྱུ་མ་མ་ཡིན་རྣམ་རྟོག་གམ།།

བདག་ཡིད་དབུས་སུ་ཚེར་མའི་མེ་ཏོག་ཟུག།།
ཟུག་པའི་ཚེར་མ་གཉུག་མའི་རྒྱུ་འབྲས་ལན།།
ཡུན་རིང་འཁོར་ཞིང་འཁྱམས་པའི་མུན་གླིང་དུ།།
བདེ་བར་ཆགས་པ་ང་ཡོད་ཁོ་ཡང་ཡོད།།

འཁོར་བའི་བུ་ལོན་ལན་ཆགས་ཡལ་བ་དབེན།།
དད་པའི་མུན་གྲོལ་བདེ་ལ་འགོད་པ་ཁག།
ཡོད་ཚད་སེམས་ཡིན་སེམས་འདི་གདོན་འདྲེ་ཡིན།།
གདོན་དེ་རང་ཡིན་རང་དེ་སྒྱུ་མ་ཡིན།།

རྡོ་འདི་བྲག་ཡིན་བྲག་འདི་བཙན་སྒྲིག་ཡིན།།
ཚིག་འདི་རྣོ་ཡིན་རྣོ་འདི་ཚོར་བ་ཡིན།།
ཤེས་ན་གདམས་ཡིན་མ་ཤེས་ཆིག་ལབ་ཉིད།།
དཀྲོལ་ལེན་ལེགས་སམ་མི་ལེགས་ཉན་མཁན་འོ།།
          ཧོར༢༠༡༥/༡/༩ཉིན་མཚན་གུང་དུ་སྦྱར།


བསླུ་བྲིད་ཀྱི་ཟི་ལིང་།
               
རྒྱ་ལམ་གྱི་བཞི་མདོ་རུ།
ཚོར་བའི་སྙིགས་རོ་རྒུམ་གྱིན་པ་ནི་གསང་མྱུལ་བ

མིག་ཟུང་ཕར་ལ་གཏད་པ་ནི།
གཅེར་བུ་བུད་པའི་རྣམ་ཤེས་ཀྱི་ཚོགས

རྣ་བར་གཟན་པའི་དུང་བརྡ་གཟུ་བོ་དེ
ནག་པོ་རྐྱང་རྐྱང་གི་རྨི་ལམ་ཞིག
རྨི་ལམ་དེ་བསླུ་བྲིད་ཀྱིས་བཟི་འགྲོ་བའི་ཟི་ལིང་རེད།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
if7l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41990637
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1