འཛམ་གླིང་གི་ཕུལ་བྱུང་མི་རིགས་ཡ་ཧུ་དྷ་པའི་དཔལ་འབྱོར་སློབ་གསོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དཔལ་འབྱོར།» དཔལ་འབྱོར་རིག་པ། »འཛམ་གླིང་གི་ཕུལ་བྱུང་མི་རིགས་ཡ་ཧུ་དྷ་པའི་དཔལ་འབྱོར་སློབ་གསོ།
འཛམ་གླིང་གི་ཕུལ་བྱུང་མི་རིགས་ཡ་ཧུ་དྷ་པའི་དཔལ་འབྱོར་སློབ་གསོ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/4/16ལྟ་ཀློག (23834)རྩོམ་ཁུངས: གླིང་སྲས་འཕྲིན་སྟེགས།པར་འདེབ།


འཛམ་གླིང་གི་ཕུལ་བྱུང་མི་རིགས་ཡ་ཧུ་དྷ་པའི་དཔལ་འབྱོར་སློབ་གསོ།


     རྒྱུ་མཚན་ཅིའི་ཕྱིར་འཛམ་གླིང་གི་སྒོར་མོ་ཨ་རིའི་སྒོར་ཁུག་ཏུ་ཡོད་ལ།  ཨ་རིའི་སྒོར་མོ་ཡ་ཧུ་དྷ་པའི་སྒོར་ཁུག་ཏུ་ཡོད། ཟེར་བ་རེད། ངས་གྲོགས་མཱ་ལགས་ངོ་ཤེས་རྗེས་ད་གཟོད་སྐད་ཆ་འདིའི་དོན་རྟོགས་བྱུང་། འཇིག་རྟེན་པའི་འགྲོ་ལུགས་ཤིག་གི་དབང་གིས།  ང་ཚོ་ཀྲུང་གོ་བས་སྒོར་མོ་ནི་མིའི་རྩིས་ཐང་ལ་གནོད་པར་འདོད་དེ།  བུ་ཕྲུག་ལ་སྒོར་མོ་སྙེག་པའི་ཐད་ནས་སློབ་གསོ་གཏོང་མཁན་ཉུང་ཉུང་ཡིན།  ཡིན་ནའང་།  དེ་དང་མཉམ་དུ་ང་ཚོས་བུ་ཕྲུག་ལག་ཆགས་རྗེས་སྒོར་མོ་མང་པོ་བསྙེགས་པ་དང་ཐོབ་ནའང་བསམ་པ་རེད།  འཛམ་གླིང་གི་ཕྱུག་པོ་རྩེ་གྲས་ལ་ཕྱིན་པའི་ཡ་ཧུ་དྷ་པ་མི་རིགས་ལ་མཚོན་ན། བུ་ཕྲུག་འབྱོར་ལྡན་ལ་བསྐྱེད་བསྲིང་བྱ་དགོས་ན།  ཁོ་ཚོར་བྱིས་དུས་ནས་སྒོར་མོ་བསྙེག་པར་སློབ་སྦྱོང་བྱ་རུ་བཞག་ན་ཁེ་ཕན་ཡོད་པར་ཡིད་ཆེས་པ་རེད།  གྲོགས་མཱ་ལགས་ལ་ཆུང་དུས་ནས་ཨ་ཕས་ཚོང་གི་སྐོར་ནས་ཤེས་བྱ་བརྒྱུད་སྤྲོད་བྱས་པ་ངས་ཐོག་མར་གོ་དུས།   ང་དགོད་ཁ་ཤོར་སོང་།   སེམས་ནང་ལ་ཡ་ཧུ་དྷ་པ་ཚོ་སྒོར་མོར་དགའ་ནས་དངོས་ནས་སྨྱོ་འུ་འདུག་སྙམ་པ་ཡིན།  དེ་ནས་གྲོགས་མཱ་ལགས་ཀྱིས་ཞིབ་མོར་ཁོའི་ཆུང་དུས་ཀྱི་གནས་ཚུལ་གླེང་བྱུང་བས།  ངས་ཁོ་ལ་བཟུང་བའི་ལྟ་ཚུལ་ལ་འགྱུར་བ་དྲག་པོ་བྱུང་།   ཡ་ཧུ་དྷ་པས་བུ་ཕྲུག་ལ་སློབ་པའི་ཚོང་ནི་ང་ཚོའི་མིག་ནང་གི་བྱིས་པ་ཞོར་ལས་ལ་གཏོང་བ་ཙམ་གྱི་སླ་མོ་དང་རགས་ལས་ཙམ་མ་རེད། ཁོ་ཚོས་བྱིས་པར་སྒེར་ཚུགས་དང་འགན་འཁྲི། མདུན་སྐྱོད།   ད་རུང་སྒོར་མོ་མང་པོ་ཐོབ་པའི་ནུས་པ་བསྐྱེད་བསྲིང་བྱེད་ཀྱིན་པ་རེད། ལོ་བདུན་གྱི་སྟེང་ཐོག་དང་པོའི་ཚོང་ལས་གཉེར་བ།  གྲོགས་མཱ་ལགས་ལ་ལོ་བདུན་གྱི་སྟེང་ཨ་ཕས་བཙན་ཚུགས་བྱས་ཏེ་ཚགས་པར་སྐྱེལ་བའི་ལས་ཀ་ཞིག་ཁོར་ལས་སུ་བཞག  དེ་ན་ཚགས་པར་བསྐྱལ་ནས་ཁྱིམ་ཚང་རེ་རེར་ཕྱིན་དགོས་པས་ཞོར་དུ་ཁོས་འཁོར་རྟགས་དང་སྲུང་ཁེབས་འགྲེམ་བརྡ་བྱས་ཏེ་ཁྱིམ་ཚང་རེ་རེར་བསྐྱོད་པ་ན།  ཁྱིམ་ཚང་ཤུགས་ཆེ་བས་ཁོ་བྱིས་པ་ཞིག་ཡིན་པར་ཤ་ཚ་ནས་ཁ་ངོ་གཅོག་མི་ནུས། དེའི་རྐྱེན་གྱིས་ཁོས་ཨ་ཕ་ལ་རྒྱུན་དུ་འཁོར་རྟགས་དང་སྲུང་ཁེབས་སོགས་སྡེབ་ཉོ་བྱེད་དུ་བཞག་སྟེ་ཕར་བཙོང་། ཐེངས་ཤིག་ཁོས་སྐྱེ་པ་ཞིག་ལ་འགྲེམ་བརྡ་བྱས་པས་གཞན་གྱིས་ཉོ་མི་དགོས་པར་སྨྲས།  དེ་ནས་ཁོས་ཁྱོད་ལ་རླངས་འཁོར་གཅིག་ཡོད་པ་མ་ཡིན་ནམ།  དེའི་འཁོར་རྟགས་རྙིང་ནས་གོག་གོག་ཏུ་ཡང་གྱུར་འདུག་ཅེས་སྨྲས་པས།  མི་དེས་ཅི་མི་སྙམ་པའི་སྒོ་ནས་དེ་ངའི་ཆུང་མའི་རླངས་འཁོར་རེད་ཅེས་ལན་བཏབ། ཁོས་ཡང་བསྐྱར་དེ་ན་ཁྱོད་ཀྱིས་ཅིའི་ཕྱིར་གཅིག་ཉོས་ཏེ།  ཟླ་བ་འགའ་ལ་སྤྱོད་ཅིང་འཁོར་རྟགས་གང་གི་སྤུས་ཀ་བཟང་མིན་ལ་ཚོད་ལྟ་ཞིག་མི་བྱེད་པ་ཡིན་ཞེས་དྲིས།  ཁོས་ང་ལ་གལ་ཏེ་ངས་བཞི་བཙོང་རྒྱུ་མ་རེད་ཀྱང་།  གཅིག་ཚོང་ནའང་དོན་བཟང་ཡིན།  ཞེས་ལབ་པས། ཁོར་ཆུང་དུས་ཞིག་ནས་ཅི་འདྲའི་གནད་ལ་ཁེལ་བའི་སེམས་ཤིག་འདུག ལོ་བཅུའི་སྟེང་སྨི་༡༠༠༠ནང་འཁོར་དུ་ཚོང་ལས་གཉེར་བ། མཚོ་འགྲམ་དུ་རྩེ་རུ་འགྲོ་དུས་ཁོས་མཚོ་འགྲམ་གྱི་ཚུར་ཕྱོགས་ནས་དབུལ་བོའི་བྱིས་པའི་ས་ནས་རིན་གོང་བདེ་མོས་རི་མོའི་དཔེ་ཆ་ཉོས།  དེ་ནས་ལྕགས་རྟར་ཞོན་ནས་མཚོ་འགྲམ་གྱི་ཕར་ཕྱོགས་སུ་ཕྱིན་ནས་ཕྱུག་པོའི་བུ་ཕྲུག་ལ་རིན་གོང་མཐོན་པོས་བཙོང་།  ཕྱོགས་གཉིས་ཀྱི་བར་ཐག་ནི་སྨི་༡༠༠༠ཙམ་ཡིན་རུང་།   རིན་གོང་མཐོ་དམན་གྱིས་ཉོ་ཚོང་བྱས།  གཟའ་འཁོར་རེ་རེར། ཁོ་གྲོང་ཟུར་གྱི་ཚོང་ཁང་དུ་སོང་སྟེ་འཁྱག་ཞོ་ལས་བྱེད་ཀྱི་རྫས་དང་སྣོད་ཀ་ཉོས་རྗེས།  ཤོ་སྦག་རྒྱག་གིན་པའི་ལོ་བདུན་ཅུར་སོན་ཟིན་པའི་ཨ་ཕྱི་ཚོར་བཙོང་ན།  ཁོ་ཚོས་དགའ་དགའ་བྱས་ཏེ་ཉོ་བར་མ་ཟད་ད་རུང་ཐེངས་རྗེས་མར་སྐྱེལ་དགོས་པའི་གྲོས་ཆོད་ཀྱང་བྱེད།  དུས་ཚོད་ལ་སླེབས་དུས།  གྲོགས་མཱ་ལགས་ཀྱིས་ཨ་ཕྱི་ཚོའི་དགོས་མཁོ་ལྟར་ཅ་ལག་བསྐྱལ་ན།  འདི་ནི་ཅུང་ཙམ་ཡོང་སྒོ་ཡོད་ཅིང་ངེས་གཏན་ཡིན་པའི་ལས་ཀ་ཞིག་ཡིན་ལ།  ཆེད་དུ་གན་རྒྱ་ཡང་འཇོག་མི་དགོས་པས།  ཕྱོགས་གཉིས་ལ་ཕན་པའི་ལས་ཀ་ཡང་མོ་ཞིག་ཡིན། ལོ་བཅུ་གཉིས་སྟེང་གོར་སྤོ་ཐང་དུ་གོར་སྤོ་རྒུམ་པ། ལོ་བཅུ་གཉིས་སྟེང་དུ་ཞོར་ལས་ལ་འགྲོ་མི་ཆོག་པས།   ཁོ་དང་ཁོའི་སློབ་གྲོགས་ཚོ་གོར་སྤོ་ཐང་དུ་གོར་སྤོ་རྒུམ་དུ་སོང་སྟེ་ཡོངས་སྐད་དུ་སྤོ་ཕྲུག་བྱས། སློབ་གྲོགས་གཞན་ཚང་མས་ལྗིད་ཚད་ཧ་ཅང་ཆེ་བའི་སྤོ་ཁུག་ཅིག་ཁུར་ནས་དུས་ཚོད་ལྔ་རིང་ལ་གོར་སྤོ་བརྒུམ་ན་ད་གཟོད་ཨ་སྒོར་བཅུ་རེ་ལས་གླར་འབྱོར།  ཡིན་ནའང་།  གྲོགས་མཱ་ལགས་ཀྱིས་དེ་ལྟར་བྱས་པ་ཕམ་སོང་བར་འདོད།  ཁོས་དེ་ལས་མྱུར་བའི་སྒོར་མོ་བཙལ་ཐབས་ཤིག་ཡོད་པར་རེ་སྙེག་བྱེད་པ་རེད།  ང་ཚོས་གོ་བ་ནི།  ཁོ་ལ་ཆུང་དུས་ནས་དེ་ལྟ་བུའི་གཏིང་ཟབ་པའི་ཚོང་ལས་ཀྱི་ཤེས་བྱ་ཐོབ་ཀྱིན་འདུག  ཁོས་བུ་ག་བཅུ་གསུམ་པ་ཧ་ཅང་གཟར་བའི་རི་ངོས་ཤིག་ཏུ་ཡོད་པ་དང་། དེ་རུ་མི་གཞན་གྱིས་སྤོ་ཁུག་ཁུར་ཏེ་འགྲོ་མི་ནུས་པ་ཤེས་ཚོར་བྱུང་རྗེས།ཁེན་སྟེགས་ཤིག་དེ་རུ་བཞག་ནས་སྤོ་ཕྲུག་མེད་པའི་མི་དག་འདིའི་ཕྱོགས་ལ་ཡོང་ཚེ། ཁོ་ཚོར་སྤོ་ཁུག་ཁུར་རོགས་བྱས་ཏེ་རི་རྩེར་འཛེག་ཐེངས་རེར་ཨ་སྒོར་གཅིག་རེ་རིན་པར་བླངས།  ཁོས་འདི་ལྟར་ཤིན་ཏུ་ཚེགས་ཡང་མོས་སྒོ་ནས་སློབ་གྲོགས་ལས་ལྡབ་གཉིས་ཀྱི་གླ་སྒོར་ལོན། གོར་སྤོ་བརྒུམས་ཏེ་བཙོང་ནའང་སྒོར་མོ་ལོན་ཐུབ། བྱིས་པ་ཤུགས་ཆེ་བ་ན་ཁུག་དང་ཤིང་འཚུབ་ཡོད་སར་སོང་སྟེ་གོར་པོ་རྒུམ་མོད། གོར་སྤོ་ཚང་མ་ཆུ་རྫིང་དུ་ལྷུང་ཡོད་པས་རྫིང་བུར་བརྒལ་ནས་གོར་སྤོ་རྒུམ་མཁན་མེད།  དེའི་རྒྱུ་མཚན་གྱིས་ཁོས་ལྷམ་ཕུད་དེ་ཆུ་རྫིང་དུ་ཕྱིན་ནས་རྐང་སྣེ་གོར་སྤོར་འཕྲད་ན་རྐང་མཛུབ་ཀྱིས་གཅུར་སྟེ་ཆུ་ཁར་ལེན།  འདི་ལྟར་བཙལ་ཐེངས་རེར་གོར་སྤོ་བརྒྱ་ཁ་གྲངས་རྙེད་ཐུབ་པས།  ཁྱིམ་དུ་བཟུང་སྟེ་གཙང་པོ་རེ་བཀྲུས་རྗེས་གཞན་ལ་བཙོང་།  ཡིན་ནའང་།   འདི་ལྟར་བྱས་རྗེས་རིམ་གྱིས་ཡོང་བའི་གནད་འགག་ནི་མི་རྣམས་ཀྱིས་གོར་སྤོ་རྙིང་བ་ཉོ་མི་འདོད་པ་དེ་རེད།  དེའི་ཕྱིར།   ཁོས་ཅུང་གསར་བའི་གོར་སྤོ་བཅུ་གཉིས་རེ་ཚོགས་ཁག་རེར་དབྱེ་རྗེས་སྐོག་ཤུན་བརྒྱབ་སྟེ་རྟགས་མར་བསྒོས།  གོར་སྤོ་རེར་རིན་པ་སྒོར་གཉིས་རེ་བྱས་ཏེ་ཚོམ་རེར་བཅུ་གཉིས་ཡོད་པ་མཉམ་པོར་བཙོང་།  གཞན་རྟགས་མ་མེད་པ་དང་ཅུང་ཙམ་རྙིང་བ་དག་ལྔ་བཅུ་རེ་ཚོགས་ཁག་རེར་བསྒོས་ཏེ།   གོར་སྤོ་རེར་ཨ་དངུལ་ཟུར་ལྔ་བཅུ་རེ་བྱས་ཏེ་ཚོམ་རེ་བཙོང་། མི་རྣམས་ཀྱིས་སྦྱོང་བརྡར་གྱི་ཆེད་དུ་འདི་ལྟ་བུའི་རིན་གོང་བདེ་མོའི་གོར་སྤོ་ཉོ་བར་ཤིན་ཏུ་དགའ།  ངས་ཐོག་དང་པོར་གྲོགས་མཱ་ལགས་ཀྱི་བྱིས་དུས་ཀྱི་འདས་དོན་འདི་དག་ཚོར་དུས།  ང་དངོས་ནས་ཧང་སངས་སོང་།  འོན་ཀྱང་།  ཡ་ཧུ་དྷ་པའི་ཁྱིམ་ཚང་ལ་མཚོན་ན་འདི་དག་ནི་རྒྱུན་ལྡན་གྱི་དོན་དག་ཙམ་ལས་ཅིའང་མིན།  སྒོར་མོ་བཙལ་ཐབས་གསར་བ་རེ་རྙེད་ཆེད།  ཡ་ཧུ་དྷ་པའི་བྱིས་པ་རེ་རེ་ཡིས་ཧུར་བརྩོན་ཡར་ཐོན་གྱིས་སློབ་སྦྱོང་དང་བསམ་གཞིག་བྱེད་ཀྱིན་ཡོད། ཁྱེད་ཀྱིས་བྱིས་པར་རྩེད་ཆས་ཉོ་བར་འཐད་པ་ཡོད་ན།  དེ་ན་ཅིའི་ཕྱིར་ཁོ་ཚོར་ཚོང་ཇི་ལྟར་བྱེད་པའི་ཐབས་ཤེས་ཤིག་སློབ་ཏུ་མི་འཇུག་པ་ཡིན།  དེས་ཀྱང་བྱིས་པར་དགའ་ཚོར་ལྷོད་མེད་སྟེར་ཐུབ། ཞེས་པ་འདི་ནི་ཡ་ཧུ་དྷ་པ་ཚོའི་རིག་ལམ་རེད།  གྲོགས་མཱ་ལགས་ཀྱི་ཐབས་ཤེས་འདྲ་མིན་སྣ་ཚོགས་ལ་ང་ཧ་མི་ལས་ག་མེད་བྱུང་།  ང་ཚོའི་བྱིས་པར་སྐྱེས་དུས་ནས་བཟུང་འདི་ལྟ་བུའི་ཡ་ཧུ་དྷ་པའི་སློབ་གསོ་དང་ཐབས་ཤེས་བསླབ་ན་འོས།   རང་ཉིད་ཀྱིས་ཟུར་སྤྱོད་སྒོར་མོ་བཙལ་བར་ཐབས་ཤེས་དང་གོ་སྐབས་སྐྲུན།  ཨ་རིའི་ཁྱིམ་ཚང་གི་བྱིས་པ་ཚོས་ཟུར་སྤྱོད་སྒོར་མོ་ནི་ཁྱིམ་ནས་གང་བྱུང་དུ་ལེན་གྱིན་མེད།  ཁོ་ཚོའི་འགྲོ་སྟངས་ཤུགས་ཆེ་བ་ནི།  ཁྱོད་ཀྱིས་ལས་ཀ་ག་ཚོད་ལས་ན་སྒོར་མོ་ཡང་དེ་ཙམ་ལས་ལྷག་མ་ཐོབ་ཀྱིན་མེད།  ཡིན་ནའང་།  གྲོགས་མཱ་ལགས་ཀྱི་བསམ་པར་དེ་ནི་ཕ་མས་རང་ཤུགས་ཀྱིས་བུ་ཕྲུག་ལ་མཁོ་བ་གཏད་པའི་སྐྱོན་འདུག་པས།  ཁོའི་ཐབས་ཤེས་ནི་བྱིས་པ་ཚོ་ར་སྐོར་དུ་བགྲོད་དུ་བཞག་སྟེ།  ལས་ཀ་ཅི་ཞིག་ཡོད་པ་དང་དེ་ལས་ན་ལས་གླ་ཅི་ཙམ་དགོས་པ་སོགས་གྲོས་བསྡུར་བྱས་ཏེ།  རང་གི་མཁོ་བ་ཕྱོགས་སོ་སོར་ཕྱིན་ནས་བཙལ་བ་དང་།  མཉམ་དུ་སྒོར་མོ་ག་ཙམ་ཐོབ་པ་ལས་གླར་སྤྲད་ན།  ཁོ་ཚོས་ངང་ངམ་ཤུགས་ཀྱིས་ལས་འཆར་འདོན་ཐབས་ཤེས་རྟོགས་ཐུབ་པ་དང་མཁོ་བ་བརྗེ་རེས་ཀྱི་ཁེ་ཕན་ཡང་ཡོད་པར་འདོད།  འདི་ལྟར་བྱས་ན་ད་རུང་ཁེ་ཕན་ཞིག་ཡོད་པ་ནི།  ཁོ་ཚོར་ངེས་གཏན་གྱི་ཟུར་སྤྱོད་སྒོར་མོ་མེད་པས།  མུ་མཐུད་དུ་ཟུར་སྤྱོད་སྒོར་མོ་དགོས་ན་ཅི་ནུས་ཀྱིས་སྒོར་མོ་ལོན་ཐབས་ཀྱི་མཁོ་བ་སྣ་ཚོགས་མི་བཙལ་ག་མེད་ཡིན།  ཨ་རིའི་ཁྱིམ་ཚང་ལ་མཚོན་ན།  ཁྱིམ་ཚང་ཉུང་ཤས་མ་གཏོགས་ལས་གཡོག་པ་གླ་སྟེ་ཁྱིམ་ལས་ལས་མཁན་མེད།  ཁྱིམ་ཚང་གི་ལས་ཀ་ཚང་མ་བྱིས་པ་ཚོས་ཐོབ་རེས་ཀྱིས་ལས་རྔ་རྫོགས་སུ་འཇུག་གིན་པ་རེད།  ཆུང་དུས་ནས་རྒྱུ་དངུལ་དོ་དམ་ཤེས་པ་བསྐྱེད་བསྲིང་བྱེད་པ།  གྲོགས་མཱ་ལགས་ཀྱིས་བཤད་རྒྱུར་ངེད་ཚང་གི་བྱིས་པ་རེར་སྒོར་གསོག་ས་གཉིས་རེ་ཡོད།  ཁོ་ཚོས་ལས་ཀ་ལས་ནས་ཐོབ་པའི་གླ་སྒོར་ཁག་གཉིས་སུ་བསྒོས་ཏེ།  ཁག་གཅིག་ཁྱིམ་ཚང་གི་གསོག་སྒོར་དུ་འཇོག་པ་དང་།   ཁག་གཅིག་རྩེད་ཆས་ཉོ་བྱེད་ཀྱི་གསོག་སྒོར་དུ་བསྲེས།  རྩེད་ཆས་ཉོ་བྱེད་ཀྱི་གསོག་སྒོར་ནི་རང་གིས་གང་བྱུང་དུ་སྤྱོད་ཆོག་མོད།  ཁྱིམ་ཚང་གི་གསོག་སྒོར་ནི་ལོ་ཕྱེད་རེ་འགོར་དུས་དངུལ་ཁང་དུ་གསོག་འཇོག་དགོས་ལ།  ལོ་གཅིག་རེ་འགོར་རྗེས་ཁོ་ཚོའི་རྐང་འཛིན་གྱི་བར་ཚོང་བར་སྤྲད་དགོས།  རྒྱུ་མཚན་ཅིའི་ཕྱིར་གནའ་སྒྲུང་འཆད་མཁན་དེ་མི་ཆེན་ཡིན་དགོས་པ་རེད།  ངེད་ཚང་གི་བྱིས་པ་ཚོར་མཚན་མོ་མལ་དུ་ཉལ་དུས་གནའ་སྒྲུང་ལ་ཉན་པའི་གོམས་གཤིས་ཆགས་ཡོད།  དེ་ཡང་ཤུགས་ཆེ་བ་ངས་ཁོ་ཚོར་འཆད་ཀྱིན་ཡོད་ལ།  ངས་དུས་ཚོད་འདི་ལ་དམིགས་བསལ་གྱིས་དམ་འཛིན་དང་གཅེས་སྤྲས་བྱེད་ཀྱིན་ཡོད།  ཡིན་ནའང་།  ལན་རེར་ཉིན་དཀར་བྱ་བ་སྣ་ཚོགས་ཀྱི་དབང་གིས་ཧ་ཅང་ཐང་ཆད་པས་གྲོགས་མཱ་ལགས་ལ་ང་རང་འུ་ཐུག་ཡིན་པ་ལས་བདའ་བྱས།  ཁོས་བཤད་རྒྱུར"ཁྱེད་ཀྱིས་རྒྱུ་མཚན་ཅིའི་ཕྱིར་ཁོ་ཚོ་དང་ལྷོད་དུ་བསྡད་ཅིང་།  ཁོ་ཚོའི་སྔུན་ལ་ཅ་ལག་བཞི་སྟེ་ཚི་ལེན་གཅིག་དང་།  སྐེ་དཀྲིས་གཅིག རས་ཨོ་ལོ་གཅིག ཟིན་བྲིས་འབྲི་དེབ་གཅིག་བཅས་བཞག་ནས།  ཁོ་རང་ཚོར་གནའ་སྒྲུང་རེ་སྒྲིག་ཏུ་མི་འཇུག་པ་ཡིན།"ཞེས་བློ་ཐབས་ཕུད་པས།  དུས་དེ་ནས་བཟུང་།གཟའ་འཁོར་གཅིག་གི་ཉི་མ་བཞི་ལ་ངས་ཁོ་ཚོར་གནའ་རབས་འཆད་པ་དང་།  ཉི་མ་གསུམ་ལ་ཁོ་ཚོས་ང་ལ་གནས་སྒྲུང་འཆད་པའི་དུས་ཆོད་བྱས་པ་ཡིན། འདི་ལྟར་བྱས་ན་ཁོ་ཚོའི་གསར་སྐྲུན་གྱི་ནུས་པ་དང་སྒེར་ཚུགས་ཀྱི་བསམ་གཞིག་ནུས་པ་སྐྱེད་ཐུབ་ལ།  ནར་སོན་རྗེས་མི་ཚོགས་འདུས་ས་ནས་གཏམ་བཤད་བྱེད་པར་ཡང་སྐྲག་མི་དགོས།  ཀྲུང་གོའི་སློབ་མ་མང་པོ་ཞིག་མཐོ་འབྲིང་དུ་སོན་དུས་གཏམ་བཤད་ཀྱི་ཐོག་ནས་འབུད་ཐུབ་ཀྱིན་མེད་པའི་རྒྱུ་མཚན་གཙོ་བོ་ནི།  ཁོ་ཚོས་སྦྱོང་བརྡར་ཐོབ་ཀྱིན་མེད་པས་ཡིན།  འོན་ཀྱང་།  མ་འོངས་པར་རང་གི་བྱིས་པས་རིག་གནས་ཀྱི་གོ་ས་ཞིག་ལོན་མིན་ལ་རེ་བ་དང་སེམས་ཁུར་ཡོད་ན་གཏམ་བཤད་ཀྱི་ནུས་པ་བསྐྱེད་རྒྱུ་ནི་ཧ་ཅང་དོ་གནད་ཆེ། ལོ་ཆུང་བྱིས་པ་ཡིན་རུང་།   དོ་དམ་བྱེད་སྟངས་ལའང་སྦྱོང་ཆོག  གྲོགས་མཱ་ལགས་ཀྱིས་རྒྱུན་དུ་བུ་ཕྲུག་སྤྱི་གཉེར་ཁང་དུ་ཁྲིད་དེ།  བུ་ཕྲུག་ལ་ལས་མིའི་ལས་ཀ་ལས་སྟངས་འདི་འདྲ་ནི་འགན་ཁུར་གྱི་བསམ་བློ་དང་།  གན་འདྲ་ནི་འགན་འཁྲི་དང་དོ་དམ་མེད་པའི་ལས་ཀ་ལས་སྟངས་ཡིན་པ་སོགས་ལ་དཔྱད་བརྗོད་བྱས།  ཕྱི་ལ་ཟ་མ་གསོལ་དུ་འགྲོ་དུས་ཞབས་ཞུ་བའི་ལས་ཀ་ལས་སྟངས་ཅི་འདྲ་ཡིན་པ་བུ་ཕྲུག་ལ་བརྗོད།  ཅི་འདྲ་ནི་ཐབས་ཆག་དང་གང་འདྲ་ནི་ཕུལ་བྱུང་ཡིན་པའི་གནས་ལུགས་འདི་དག་ནི་སློབ་ཆེན་དུ་ཆེད་དུ་སོང་སྟེ་སྦྱངས་མི་དགོས་ཤིང་རྒྱུན་དུ་ཤ་ཁྲག་ལ་ཟུག་གིན་པའི་རྒྱུན་ཤེས་དག་དག་ཡིན།  ངོ་མ་བཤད་ན་ང་ཚོ་རྒྱུན་དུ་འདི་ལྟ་བུའི་དོན་དག་ལ་འཕྲད་ཀྱིན་ཡོད་མོད།  ང་ཚོས་གོ་སྐབས་འདི་དག་རྒྱབ་ཏུ་གཡུག་སྟེ་བྱིས་པ་ནར་སོན་རྗེས།   ད་གཟོད་འགྲོ་གྲོན་མང་པོ་བཏང་ནས་བྱིས་པར་གསབ་ཚོགས་བྱེད་དུ་འཇུག་གིན་ཡོད།   དོན་ངོ་མས་ཁྱིམ་བདག་གི་འོས་འགན་ནི་ཅི་ཞིག་ཡིན།   ཀྲུང་གོའི་ཕ་མས་བུ་ཕྲུག་ལ་བག་སྟོན་གཉེན་ཁང་ཉོ་བར་གྲོགས་མཱ་ལགས་དང་ཁོའི་ཁྱིམ་པ་སོགས་ཀྱིས་ཁྱད་མཚར་གྱི་ལྟ་སྟངས་རེ་བཟུང་འདུག   ཉེ་བར་ཡང་ཨ་རིར་ཁང་པ་ཉོ་མཁན་མང་པོ་བྱུང་བ་ཚང་མ་ཀྲུང་གོའི་ཕྱུག་བདག་ཚོ་ཡིན་ལ།   ཁོ་ཚོས་བྱིས་པ་ཨ་རིར་སློབ་སྦྱོང་བྱེད་ཀྱིན་ཡོད་པས་ཆེད་དུ་ཁོ་ཚོར་ཉོས་པ་རེད།   གྲོགས་མཱ་ལགས་ཀྱིས་འདི་ལྟར་བྱས་པ་ནི་ཕ་མས་བུ་ཕྲུག་ལ་འགན་མི་ཁུར་བའི་བསམ་བློ་ཡིན་པར་འདོད།   བུ་ཕྲུག་ལ་སློབ་གསོ་གནང་བ་དང་འོས་འཚམ་གྱི་རོགས་སྐྱོར་བྱ་བ་ནི་ཕ་མའི་འོས་འགན་ཡིན་མོད།   བུ་ཕྲུག་ལ་ཚོད་མེད་ཀྱི་འཚོ་བ་བཀོད་བསྒྲིགས་བྱ་བ་ནི་ཧ་ཅང་བླུན་པོའི་ལས་སྟངས་ཤིག་ཡིན་པར་འདོད།   གྲོགས་མཱ་ལགས་སློབ་ཆེན་དུ་ཡོད་དུས།   ཁོའི་ཨ་མས་ནཱོས་ཡོ་གྲོང་ཁྱེར་དུ་སྤྱི་གཞིས་ཤིག་ཉོས་པས།   ཁོས་ཨ་མར་དེ་རུ་ཁོ་རང་སྡོད་ཨེ་ཆོག་ཅེས་དྲིས་པ་ན།   ཨ་མས་ཁོ་ལ།  ངས་ཁང་པ་འདི་ཕྱི་གླ་བྱས་པའི་རིན་གོང་ལྟར་ཁྱོད་ལ་གླ་སྒོར་ཡོད་ན་ནང་དུ་སྡོད་ཆོག  དེ་མིན་མི་འོས་ཞེས་གླེང་རྗེས་ཁོ་རང་གི་ཧམ་འདོད་ལ་ངོ་ཚ་ཆེན་པོ་སྐྱེས།   ཡ་ཧུ་དྷ་པའི་འཚོ་བའི་ལམ་ཡིག་ནི།   འཚོ་ཐབས་ནུས་པ་ནི་བྱིས་པར་མཚོན་ན་ཆེས་གལ་ཆེན་པོ་དེ་ཡིན།  སྒོར་མོ་སྙེག་པ་ནི་འཚོ་ཐབས་ཀྱི་ཐབས་ཤིག་ཡིན་ལ།   སློབ་སྦྱོང་གི་དམིགས་ཡུལ་ནི་འཚོ་ཐབས་ལ་ཞབས་ཞུ་བྱེད་བའི་ཆེད་དུ་ཡིན།   ངས་འདི་ལྟ་བུའི་སློབ་གསོ་ལ་ཐོག་མར་བསམ་བློ་གཏོང་དུས།  ཅུང་ཙམ་ཐལ་དྲགས་པའི་སྣང་བ་སྐྱེ་མྱོང་།  ཡིན་ནའང་།འདི་ལྟར་མུ་མཐུད་དུ་མཇུག་བརྐྱངས་ན་བྱིས་པའི་ཁྱད་ནུས་རྩལ་དུ་འདོན་འོང་།  བྱིས་པ་ཚོས་དཀའ་ཁག་གི་ཁྲོད་ནས་རང་ལོ་དང་འདྲ་བའི་བྱིས་པའི་མཐོང་རྒྱ་ལས་རྒྱ་ཆེན་བརྒལ་ལ།  ཁོ་ཚོ་རིམ་གྱིས་རང་འགུལ་དང་འབད་བརྩོན།  རང་རྟོན་ཆེས་ཆེར་ཡོད་པའི་བྱིས་པ་རིག་རྒོད་ལ་འགྱུར་ཐུབ། ཡ་ཧུ་དྷ་པས་གསེར་ལོ་སེང་སེང་དུ་དཀྲུགས་ཏེ་བྱིས་པ་འཇིག་རྟེན་དུ་སྐྱེས་བར་སྣེ་ལེན་བྱས་པས།   དེ་ནི་རྒྱུ་ནོར་མོད་པོ་སྐྲུན་པའི་སྨོན་ལམ་ཡིན།  གཅིག་བཤད་ན།  འདི་ནི་ཁོ་ཚོས་གཟི་བརྗིད་དང་རིན་ཐང་ལ་འགྲེལ་བ་གཞན་པ་ཞིག་ཡིན་ངེས།   དེ་ལས་སློབ་གསོ་དང་སློབ་སྦྱོང་ནི་དམིགས་ཡུལ་འདི་འགྲུབ་པའི་ཆེད་དུ་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན།  འོན་ཀྱང་།   ཀྲུང་གོའི་ཕ་མར་བུ་ཕྲུག་རྒྱུ་ལ་འབྱོར་བའི་སེམས་འདུན་ཡོད་མོད།   ནམ་ཡང་སེམས་སུ་སྦས་ཏེ་གསལ་བོ་མི་བཤད་པ་རེད། མདོར་བསྡུས་ན།  ང་གྲོགས་མཱ་ལགས་ཀྱི་གཏམ་ཐུང་འདིར་ཧ་ཅང་གིས་འཐད་པ་ཡོད།   གལ་ཏེ་ཁྱོད་ལག་ཆགས་ནས་འབྱོར་བདག་ཅིག་བྱེད་འདོད་ན།  ཐོག་མར་རང་གི་སྔུན་དུ་ཡོད་པའི་དོན་དག་ལ་ཤེས་ཡག་མཛོད།   རྒྱུ་མཚན་ཁྱོད་རང་ནར་སོན་རྗེས་དོན་དག་འདི་དག་གིས་ཁྱོད་ལ་མཁོ་བ་སྣ་ཚོགས་སྟེར་ངེས་པས་ཡིན་ནོ།།

ཡིག་སྒྱུར་བ།  བོད་སྐད་བཤད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rogu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41033998
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1