ཟླ་འདིའི་ཚེས་13ཉིན་ཨ་རིའི་སྲིད་འཛིན་ཟུར་བ་བྷེར་ཁི་ལེན་ཁྲོན་(Bill Clinton)གྱི་ལྕམ་ཧེ་ལི་རིས་ཁི་ལེན་ཁྲོན(Hillary Clinton)གྱིས་ཁོ་མོ་སླར་ཡང་2016ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་སུ་ཞུགས་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་འདུག ཐེངས་སྔོན་མའི་འོས་འདེམས་སྐབས་སུ་ཨ་རིའི་མི་དམངས་ལ་སྔོན་ཆད་དང་མི་འདྲ་བའི་འདམ་ག་གཉིས་བྱུང་ཡོད་ལ་དེ་ནི་ཨ་རིའི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་མི་རིགས་ནག་པོའི་སྲིད་འཛིན་ཞིག་དང་ཡང་ན་བུད་མེད་སྲིད་འཛིན་ཞིག་རེད། གང་ལྟར་སྐབས་དེའི་མི་དམངས་ཀྱི་མཐའ་མའི་ཐག་གཅོད་ནི་ཐོག་དང་པོའི་མི་རིགས་ནག་པོའི་སྲིད་འཛིན་རེད། གང་ལྟར་ཁི་ལེན་ཁྲོན་གྱི་རེ་བར་ཁོ་མོས་ཨ་རིའི་ལོ་རྒྱུས་ཐོག་གི་བུད་མེད་སྲིད་འཛིན་དང་པོ་དེ་བྱེད་ཐུབ་ན་འདོད་ཀྱིན་ཡོད་པ་དང་དེ་ནི་ཁོ་མོ་ལ་འགྲན་ཞུགས་པ་གཞན་ལ་མེད་པའི་ཆ་རྐྱེན་དམིགས་བསལ་བ་དེ་ཡང་ཆགས་ཡོད་པ་རེད་འདུག འོན་ཀྱང་ཚོགས་པ་གཞན་གྱི་འགྲན་ཞུགས་པ་ཚོས་ཁོ་མོ་ལ་ཨ་རིའི་མི་དམངས་ཀྱིས་ཡིད་ཆེས་བྱེད་མི་སྲིད་སོགས་མང་པོ་ཞིག་བཤད་ཀྱིན་ཡོད་ན་ཡང་ད་ལྟའི་སྲིད་འཛིན་ཨ་བྷ་མས་ཁོ་མོས་སྲིད་འཛིན་ཁྱད་དུ་འཕགས་པ་ཞིག་བྱེད་ཐུབ་ཀྱི་རེད་ཅེས་བཅའ་འདྲི་ཞིག་གི་སྐབས་གསུངས་འདུག
