སྦྲ་སར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 12 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» ཚོགས་པ་ངོ་སྤྲོད། »སྦྲ་སར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་པ།
སྦྲ་སར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/6/7ལྟ་ཀློག (34464)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཚོགས་པ་བཙུགས་ལོ་དང་ཚོགས་མིའི་སྣེ་ཁྲིད།

ཚོགས་མི་ལྷན་འཛོམས།

      སྦྲ་སར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ནི་མཚོ་སྔོན་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་སྦྲ་སར་རུ་ཕྱི་ལོ་༢༠༡༢ལོའི་སྤྱི་ཟླ་བདུན་པའི་ཚེས་བདུན་ཉིན་སྦྲ་སར་ཚེ་རིང་བསམ་འགྲུབ་ཀྱིས་མཐུན་རྐྱེན་འོག་ས་གནས་དམངས་ཁྲོད་ནས་སྐྱ་སེར་ཕོ་མོ་ཁག་ཅིག་གིས་མ་གྲོས་རང་མཐུན་ངང་བཙུགས་པའི་ཚོགས་པ་ཞིག་ཡིན་ལ་ཚོགས་པ་འདིས་༼རང་ས་རང་གིས་བདག་དབང་དང་བདག་གཉེར་༽གྱི་དམིགས་ཡུལ་བཟུང་ནས་ད་ལྟའི་བར་དུ་ལོ་བཞི་ཙམ་གྱི་རིང་ལ་སྦྲ་སར་ས་གནས་སྲིད་གཞུང་དང་།  སྦྲ་སར་བོད་ཡིག་བཅའ་སྡོད་སློབ་ཆུང་།  གྲོང་བབས།  སྦྲ་སར་དགོན་པ། སྦྲ་སར་དགེ་བསྙེན་གླིང་།   ད་དུང་རྟ་རྒྱུག་འགྲན་ཚོགས་དང་།  གཉེན་སྟོན། ཆོས་ཚོགས་སོགས་ཀྱི་སྐབས་སུ་གད་སྙིགས་འཐུ་བ་དང་ཆེད་ལས་ཀྱི་དོ་དམ།  ཁོར་ཡུག་གཙང་སྦྲ་དང་རི་སྐྱེས་སྲོག་ཆགས་དང་སྐྱེས་དངོས་སྲུང་སྐྱོབ་སོགས་ཀྱི་བྱ་བ་མི་ཉུང་བ་ཞིག་བསྒྲུབས་མྱོང་།

ཚོགས་མི་ཚོས་གྲོང་གསེབ་ཀྱི་ཆུ་རྐ་ལས་གད་སྙིགས་བསལ་བ།

ཚོགས་མི་ཚོས་རྟ་རྒྱུགས་དང་ཆོས་ཚོགས་སོགས་མི་མང་འདུ་ས་ནས་གད་སྙིགས་བསལ་བ།

ཚོགས་མི་དག་གིས་སྒེར་ཐོག་ནས་སྒོར་མོ་རུག་ནས་གད་སྙིགས་དབོར་གྱིན་པ།

ཚོགས་པས་བསྒྲུབ་པའི་ལས་གཞི་ཆེ་ཤོས།

       2014ལོའི་ཟླ་བ་ 9 བའི་ནང་ལ་སྦྲ་སར་རུ་དགོན་གཉིས་དབུ་བརྙེས་ནས་ད་ལྟའི་བར་དུ་བྱུང་མ་མྱོང་བའི༼གཏེར་ཁ་སྔོག་འདོན་༽གྱི་ལས་གཞི་ཞིག་ཐོན་ནས་སྦྲ་སར་༼ དབྱར་གནས་ལུང་བའི་རྡོ་སོལ་གཏེར་ཁ་༽བསྔོག་རྩིས་ཀྱི་ཐད་ལ་ཚོགས་པའི་ཚོགས་གཙོ་སྦྲ་སར་ཚེ་རིང་བསམ་འགྲུབ་ལགས་ཀྱི་གཙོས་པའི་ཚོགས་མི་དག་གིས་ནུས་ཤུགས་ཆེན་པོ་བཏོན་པ་དང་སྦྲ་སར་ས་གནས་སྲིད་གཞུང་དང་མང་ཚོགས་ཀྱིས་ཀྱང་རྒྱབ་སྐྱོར་ཆེན་པོ་བྱས་ནས་བཀག་ཐུབ་པ་བྱུང་ཡོད།འདི་བཀག་འགོག་ཐུབ་པ་ནི་སྦྲ་སར་གྱི་སྐྱེས་ཁམས་ ཁོར་ཡུག་དང་ལྷག་པར་དུ་གཉན་པོ་གཡུ་རྩེའི་མཐའ་འཁོར་གྱི་རི་དྭགས་དང་སྐྱེས་ཁམས་ཁོར་ཡུག་ཕན་ཐོགས་ཧ་ཅང་ཆེ།

འགྱིག་སྣོད་དང་འགྱིག་ཁུག་ནི་སྦྲ་སར་ཡུལ་གྱི་གད་སྙིགས་ཆེས་མང་ཤོས་དེ་ཆགས་ཡོད་པ།

ཁོར་གཙང་ལས་འགུལ་སྤེལ་ཡུལ་དང་དེས་ཕན་འབྲས།

    ཚོགས་པས་ཁོར་གཙང་ལས་འགུལ་སྤེལ་ཡུལ་གཙོ་བོ་ནི་སྦྲ་སར་དགོན་པ་དང་།   ས་གནས་སྲིད་གཞུང་། གྲོང་བབས། དགེ་བསྙེན་གླིང་སོགས་ཁྱོན་བསྡོམས་ན་དུད་ཁྱིམ་༼སུམ་བརྒྱ་༽ལྷག་གི་གད་སྙིགས་གཙང་སེལ་བྱེད་ཀྱིན་ཡོད་ལ།མི་གྲངས་༼སྟོང་གཉིས་༽ལྷ་གི་འཚོ་གནས་ཀྱི་གད་སྙིགས་ཉུང་བའི་ཕན་འབྲས་རྒྱ་ཆེན་པོ་ཐོབ་ཡོད་པར་མ་ཟད་མང་ཚོགས་ཚོས་ཀྱང་རྒྱབ་སྐྱོར་དང་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད།

རི་གྲོང་དང་ལམ་ཁར་གཙང་སྦྲ་བྱེད་པ།

      ད་བར་དུ་ཚོགས་མི་ཡོངས་རྫོགས་མཉམ་པོར་འདུས་ནས་ལས་འགུལ་ཆེན་མོ་ཐེངས་ཉེར་གཉིས་ཙམ་སྤེལ་བ་ཡིན་ལ་ཚོགས་མི་ཚང་མ་མ་འདུས་པར་ཚོགས་མི་རེ་ཟུང་གིས་ཁོར་གཙང་ གི་ལས་ཀ་མང་པོ་སྤེལ་མྱོང་།   ཐེངས་རེ་རེའི་ལས་འགུལ་ལ་འགྲོ་སོང་མི་ཉུང་བ་ཞིག་འགྲོ་སྲིད་ལ། དཔེར་བཞག་ན།    གད་སྙིགས་དྲུད་གླ་དང་།  གད་སྙིགས་སྲེག་བྱེད་རླངས་སྣུམ།   གད་སྙིགས་ཁྱེར་སྣོད་འགྱིག་སྒྱེ།  ལག་ཤུབས།  གད་སྙིགས་བསལ་བྱེད་ལག་ཆ།  སྐབས་ཀྱི་ཟས་རིན་སོགས་འགྲོ་སོང་ཚང་མ་༼སྦྲ་སར་ཚེ་རིང་བསམ་འགྲུབ་༽ལགས་ཀྱིས་མ་དངུལ་མང་ཙམ་སྦྱིན་མྱོང་ལ་གཞན་རྣམས་ཚོགས་མི་དག་གིས་སྒེར་ཐོག་ནས་སྒོར་མོ་རུག་འདུ་བྱས་ནས་ས་གནས་མི་དམངས་ལ་ཞབས་འདེགས་ཞུ་བཞིན་ཡོད།

ཚོགས་མིའི་གྲངས་ཀ་དང་སྒྲིག་ལམ།

ཚོགས་མི་ནི་མང་ཆེ་བ་ས་གནས་ཀྱི་མི་ཏག་ཏག་ཡིན་ལ། སི་ཁྲོན་དང་། པེ་ཅིང་། མཚོ་སྔོན་སོགས་ནས་ཀྱང་ཚོགས་མི་རེ་ཟུང་ཞིག་ཡོད། བསྡོམས་པའི་ཚོགས་མི་སུམ་ཅུ་སོ་དྲུག་ཡོད།

སྒྲིག་ལམ་ནི།

①ཕོ་མོ་དང་སྐྱ་སེར་ལ་དབྱེ་བ་མེད་པར་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་ལ་ལྷག་བསམ་རྣམ་དག་གི་མོས་པ་ཡོད་མཁན་ཞིག་ཡིན་དགོས།

②ས་གནས་ཀྱི་ཆོས་དང་སྲིད་གཉིས་ཀྱི་ལུགས་དང་མི་འགལ་ནི་ཞིག་ཡིན་དགོས།

③ཚོགས་པས་རྩ་འཛུགས་བྱས་པའི་སྒྲིག་ལམ་དག་གཙུག་སྲུང་ཐུབ་མཁན་ཞིག་ཡིན་དགོས།

མ་འོངས་པའི་འཆར་གཞི་དང་ལས་ཀ།

2015ལོའི་ཟླ་དང་པོ་ནས་འཆར་གཞི་གསར་བ་ཞིག་གྲོས་མོལ་བྱས་ནས།  ཁོར་གཙང་རུ་ཁག་དང་།  སྐྱེ་ཁམས་རྟོག་ཞིབ་རུ་ཁག་གཉིས་ཀྱང་རྩ་འཛུགས་བྱས་པ་ཡིན།

ཁོར་གཙང་རུ་ཁག་གིས་གཙོ་བོ་གད་སྙིགས་བསལ་བའི་ཁྲོད་ནས་གད་སྙིིགས་ཀྱི་རིགས་བཀར་རྒྱུ་དང་།  གད་སྙིགས་དོ་དམ་ཕྱོགས་ལ་ཤེས་ཚོད་ཀྱིས་ཞིབ་འཇུག་བྱེད་རྒྱུ་དང་།

སྐྱེས་ཁམས་རྟོག་ཞིབ་རུ་ཁག་གིས་སྦྲ་སར་ས་གནས་ཀྱི་སྐྱེ་དངོས་ཚད་ལེན་དང།  སྲོག་ཆགས་ཚད་ལེན། ཆུ་འགོ་གྲངས་ལེན་སོགས་ཀྱི་བྱ་བ་གཉེར་རྩིས་ཡོད།

རྒྱལ་སྤྱིའི་རི་སྐྱེས་སྐྱེས་དངོས་ཚོགས་པའི་ཚོགས་མི་ངག་དབང་གདན་འདྲེན་བྱས་ཏེ་ཉིས་སྟོང་བཅོ་ལྔ་ལོའི་བྱ་བའི་འཆར་གཞི་བཟོས་པ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
kh9n བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: སྦྲ་སར་ཚེ་རིང་བསམ་འགྲུབ། སྤེལ་དུས:2015/6/17
ངེད་སྦྲ་སར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་པ་ལ། བཙན་པོའི་མགར་གྱི་དྲ་བས་རྒྱབ་སྐྱོར་དང་མཐོང་ཆེན་བྱེད་ནོ་བཀའ་དྲིན་ཆེ་ཞུ། རྗེས་སོར་མུ་མཐུད་དུ་རྒྱབ་སྐྱོར་དང་ལམ་སྟོན་གང་མང་གནང་རྒྱུ་རེ་བ་སྙིང་བཅངས་ཞུ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
46318971
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1