བོད་མིའི་བདེ་ཐང་གི་ཆེད་དུ་བརྒྱུད་བསྐུར་དགོས་པའི་གསར་འགྱུར་ཞིག
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 7 ཚེས 17 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »བོད་མིའི་བདེ་ཐང་གི་ཆེད་དུ་བརྒྱུད་བསྐུར་དགོས་པའི་གསར་འགྱུར་ཞི
བོད་མིའི་བདེ་ཐང་གི་ཆེད་དུ་བརྒྱུད་བསྐུར་དགོས་པའི་གསར་འགྱུར་ཞིག
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/6/8ལྟ་ཀློག (18776)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཁུལ་དུ་ཤ་རུལ་བསླད་སྐྱོན་ཅན་ཟ་མཁན་ཇེ་མང་དུ་ཕྱིན་ཡོད།
ཕག་ཤ་བསླད་སྐྱོན་ཅན་མི་ཉོ་བར་མཁྱེན།

དང་བོ།  ཕར་བལྟས་ན་མདོག་སོགས་ཡག་པ་ཡོད་ཀྱང་དོན་གྱིས་རུལ་བ་མཉམ་བསྲེས་ཀྱི་ཕག་ཤ་ཡིན།

གཉིས་པ།   ཕག་ཤ་འདི་བཙོས་ཚར་རྗེས་མདོག་ནག་པོར་འགྱུར་བ་ནི་ནད་དུག་ཡོད་པའི་རྟགས་ཡིན།

འདི་འདྲའི་གནས་ཚུལ་རྣམས་ལ་ཀུན་གྱིས་ཐུགས་ཁུར་གནང་དགོས། དེང་སང་འདི་འདྲ་ཇེ་མང་རེད།

      ངེད་དྲ་བའི་ཁམས་ཀྱི་གསར་འགོད་པ་བློ་སྦྱིན་གྱིས་གནས་ཚུལ་འདིའི་སྐོར་ལ་རྒྱུས་ལོན་བྱས་པ་ལྟར་ན་ཕག་ཤ་རུལ་བོ་འདི་ནི་ཁ་སང་༢༠༡༥ ༠༦ ༠༧ ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ལབ་དགོན་པའི་ཉེ་འདབས་སུ་རྒྱ་རིགས་ཚོང་གཉེར་བ་ཞིག་གི་ཚོང་ཁང་ནས་བྱུང་བའི་དོན་དངོས་ཤིག་རེད།    དེའི་ནང་ནས་བོད་པ་འགའ་ཞིག་གིས་ཕག་ཤ་མདོག་ཡག་པོ་རྒྱ་མ་ཆ་རེ་ཉོས་ནས་བཙོས་འདུག   ཕག་ཤ་རྒྱ་མ་གང་རེ་ལ་སྒོར་ ༡༢ ཡིན་པ་དང་བཙོས་ནས་ཚོས་པ་དང་མཉམ་དུ་མདོག་ནག་ནོག་ཅིག་ཏུ་གྱུར་བས་མྱུར་དུ་ངེད་དྲ་བས་འཕྲོད་བསྟེན་སྡེ་ཁག་ལ་ཡར་ཞུ་དང་འདིའི་སྐོར་སྨན་གྱི་ཆེད་མཁས་པ་འགའ་ལ་བཅར་འདྲི་བྱས་ཡོད་པ་གཤམ་དུ་བཀོད་ཡོད།


ཆེད་མཁས་པའི་བརྗོད་དོན།



ངེད་དྲ་བས་བོད་ཀྱི་དངུལ་ཁབ་མཁན་པོ་སྨན་རམས་པ་བྱང་རིག་ཁོ་ལ་དྲྭ་ཐོག་ནས་བཅར་འདྲི་བྱས་ཡོད།

དྲི་བ།  

         ད་སྐབས་བོད་ཁུལ་དུ་ཤ་རིགས་འདི་འདྲ་ཉོ་མཁན་མང་བས་འདི་ཟོས་ན་ཕན་གནོད་སྐོར་ནས་ཏོག་ཙམ་གསུངས་རོགས།

ལན།

        ཤ་རྗིད་པོ་སྟེ་ཤ་མེད་ཀེང་རུས་ཀྱི་ཤ་རིགས་ཐམས་ཅད་ནི་ཤི་ཤ་དང་དུག་ཤ་ལ་རྫས་དང་སྐུལ་རྩིའི་རིགས་ཀྱིས་སྤོད་བཏང་ན་མིག་ལམ་དུ་མཛེས་བཟོ་ཙམ་མ་གཏོགས་ལུས་ཀྱི་ཟུངས་སུ་འགྱུར་བ་ཕལ་ཞོག་ཚིགས་དང་ལུས་ཁམས་ཀྱི་གཟུགས་དབྱིབས་འགྱུར་ལ་སྐྲན་རིགས་སྣ་ཚོགས་སྐྱེད་ལ་ནང་རྙིང་ལྡང་ཞིང་མ་ཞུ་བ་སོགས་བད་ཀན་གྱི་ནད་རིགས་སྣ་འདྲེན་བྱེད་པ་རེད་དོ། །


ངེད་དྲ་བས་དམངས་ཁྲོད་སྨན་པ་རིན་བཟང་ལ་དྲྭ་ཐོག་ནས་བཅར་འདྲི་བྱས་ཡོད།

དྲི་བ།

         ཁྱེད་རང་དམངས་ཁྲོད་སྨན་པ་ཞིག་ལ་མཚོན་ན་ཤ་འདིའི་རིགས་ཟོས་ན་བཟང་ངམ་མི་བཟང་ཉམས་མྱོང་སྟེང་ནས་གསུངས་རོགས།

ལན།

        བོད་ཀྱི་གཏམ་དཔེ་ཞིག་ལ།  ཤ་རུལ་སྨན་དང་ཐུད་རུལ་དུག་ཟེར་བ་ཞིག་ཡོད་མོད་དེ་ནི་ཤ་འདིའི་རིགས་དང་གཏན་ནས་འདྲ་ཡི་མེད།  གཙོ་བོ་ཤ་རུལ་བ་ཟོས་ན་ལུས་ཀྱི་ཕྲ་ཕུང་རེ་རེ་ན་ང་ཚོ་གསོན་ཐུབ་པའི་སྲིན་འབུ་མང་བོ་ཞིག་ཡོད་པ་གསོད་པས་དོན་ལྔ་སྣོད་དྲུག་ལ་གནོད་པ་ཧ་ཅང་ཆེ།   དེ་བས་ང་ཚོས་ཟས་རིགས་བསྟེན་སྐབས་དུས་ཚོད་ལྟར་བསྟེན་པ་དང་ཡང་ན་སྔ་དྲོ་ཟས་རྒྱག་ཙམ་ཟ་བ་དང་།  ཉིན་གུང་འབྲིང་ཙམ།  ཕྱི་དྲོར་ཉུང་ཙམ་ཟ་དགོས་ཀྱི་རེད།  དེ་མ་གཏོགས་ལྷག་པར་དུ་དེང་སང་ཟས་རིགས་སྣ་ཚོགས་སྨན་རྫས་ཀྱིས་བསླད་ཡོད་པས་དེ་ཟོས་ན་ནད་རིགས་སྣ་ཚོགས་སྐྱེད་བྱེད་དུ་འགྱུར་བཞིན་ཡོད།  ང་ཚོས་ཤི་ཤ་དང་ཕག་ཤ་འདིའི་རིགས་བཟའ་བ་ལས་དཀར་ཟས་བསྟེན་ན་ཡག་ཤོས་སུ་སྣང་།  ངས་སྔོན་ཆད་ཤ་ཟོས་པ་ཡིན་ཡང་ལུས་ཕུང་རྒྱུན་དུ་མི་བདེ་བ་བྱུང་ཐལ།  རྗེས་མ་ཤ་ཟོས་པ་མིན།  དེ་བས་ད་སྐབས་གཟུགས་པོ་བདེ་ཐང་རེད།  རེ་བ་ཡིན་ན་ཚང་མས་ཤ་རིགས་སྣ་ཚོགས་གང་ནས་ཡོང་བ་དང་དེ་གང་དང་གང་གི་ཤ་ཡིན་པའང་ངོས་ཟིན་དཀའ་བས་ལྷག་པར་དུ་ཆ་ཆེན་ཟ་མི་ཆོག་པ་ཞིག་གིས་འདི་བཟའ་བ་ནི་གཏན་ནས་མི་འོས་སོ།  །


ངེད་དྲ་བས་དམངས་ཁྲོད་སྨན་པ་ཨ་ཁུ་བཀྲ་ཤིས་རྒྱ་མཚོ་ལ་སྐུད་ལམ་ནས་བཅར་འདྲི་བྱས་ཡོད།

དྲི་བ།

         ཨ་ཁུ་བཀྲ་ཤིས་རྒྱ་མཚོ་ལགས་ཉིད་ཀྱིས་གཟིགས་ན་ཤ་འདིའི་རིགས་མདོག་ཅིའི་ཕྱིར་འགྱུར་བ་དང་འདི་ཟོས་ན་ལུས་ཕུང་ལ་གནོད་པ་ཡོད་མེད་ཅིག་གསུངས་རོགས་ཞུ།

ལན།

        ཤ་འདིའི་མདོག་འགྱུར་བ་ནི་ཕལ་ཆེར་ཤ་འདི་ཡུན་རིང་བོར་འཁེང་ཤ་བྱས་ནས་བཞག་པ་ཡིན་ལས་ཆེ་སྟེ།  འཁེང་ཤའི་ནང་གི་ཁྲག་ཡུན་རིང་འགོར་ན་བརླན་ཆུའི་ངོ་བོར་འགྱུར་སླ་ཡི་ཡོད།  དེ་བས་འཁེང་བར་བྱས་པའི་ཕག་ཤ་འདིའི་རིགས་སོགས་མ་ཟོས་ན་བཟང་གི།  ཤ་རུལ་བ་ཡུན་རིང་འགོར་སོང་བ་ཟོས་ན་ལུས་ཀྱིས་འཇུ་དཀའ་བས་འབྱུང་བ་མི་སྙོམས་པ་དང་ནད་རིགས་མང་བོའི་སྣ་འདྲེན་བྱེད་པར་སྣང་།


ངེད་དྲ་བས་མགར་རྩེའི་སྨན་རྒན་བསྟན་འཛིན་རྒྱ་མཚོ་ལ་དྲྭ་ཐོག་བཅར་འདྲི་བྱས་ཡོད།

དྲི་བ།

         དེང་སང་ཤ་སྣ་ཚོགས་རིན་གོང་སླ་མོས་ཉོ་རྒྱུ་ཡོད་ལ་དེ་བས་ཤ་རིགས་འདི་འདྲ་ཟོས་ན་ཕན་གནོད་གང་དག་ཡོད་ལགས།

ལན།

        ཤ་འདིའི་རིགས་ནི་གཙོ་བོ་མི་རྣམས་ཀྱིས་ལས་སྣོན་བྱས་ཡོད་པས་ངོ་བོ་དང་ནུས་པའི་ཆ་ནས་ཅུང་འགྱུར་ལྡོག་བྱུང་ཡོད།   རྒྱུ་ཆ་ཕལ་ཆེ་བ་ཉའི་རིགས་ཡིན་པར་ངོས་འཛིན་གནང་ཡོད་པས་ཤ་ཉོ་སྐབས་ཆུ་གནས་ཤ་རིགས་ཡིན་མིན་ལ་བརྟག་དཔྱད་བྱེད་དགོས་པར་མ་ཟད།    ཤའི་ཁ་དོག་དང་ཤ་སུལ་ལ་ཉམས་འཇོག་ནན་མོ་བྱ་དགོས།   གལ་ཏེ་ཤ་འདིའི་རིགས་བཙོས་རྗེས་ཁ་དོག་ཅུང་ནག་པོར་འགྲོ་བའི་རིགས་ལ་དུག་ཤུགས་ཧ་ཅང་ཆེ་ཞིང་ཁ་དོག་དེ་འདྲའི་ནག་པོ་མིན་ན་དེ་ལ་དུག་ཤུགས་ཅུང་ཞན་པའི་རྟགས་ལ་ངོས་འཛིན་གིན་ཡོད། ཤ་ཟོས་རྗེས་མ་འཕྲོད་པའམ་དུག་ཕོག་པའི་རྟགས་ལ།   ཕོ་བ་མི་བདེ་བ་དང་ཟ་མ་ཟ་འདོད་མེད་པ།   སྐྱུག་སྙམ་བྱེད་པ།   མགོ་ན་བ་སོགས་ཡོད།   ཡང་མི་ལ་ལར་ཟ་འཕྲུག་ལངས་པ།  ལུས་པོར་ཚ་བ་རྒྱག་པ།   དམར་ཐིག་འབབས་པ།   འབྲུམ་ཐོར་འབུད་པ།    གདོང་ལ་ནག་ཐུར་གོན་པ།  ཁྲག་སྲིན་འཕེལ་བ་བཅས་དང།    ད་རུང་ཚབས་ཆེ་ན་ཤ་མ་ཞུ་བར་འགྱུར་བའི་ཉེན་ཁ་ཡོད།  གཙོ་བོ་བོད་གསོ་རིག་གིས་ཐག་བཅད་པ་ལྟར་ན་འདི་ལ་གྱུར་དུག་ཞེས་ལྷ་རྗེ་རྣམ་པ་ཅུད་ཞེད་སྣང་འབྱུང་ངོ་། ། འོན་ཀྱང་ཤ་འདིའི་རིགས་ཀྱིས་ཁྱེད་ཀྱི་བདེ་ཐང་དང་དཔལ་ཡོན་ལ་གནོད་པ་ཚབས་ཆེན་བཟོ་ཉེན་ཡོད་པས་གཏན་དུ་སྤང་བར་བྱའོ། །

སྨན་གྱི་ཆེད་མཁས་པ་དག་གིས་བོད་མིའི་བདེ་ཐང་གི་ཆེད་དུ་དྲི་བར་ལན་བསྐྱོན་པར་བཀའ་དྲིན་ཆེ་ཞུ།

བཙན་པོའི་མགར་གྱི་དྲ་བས།


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b91f བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: སྡོང་བཙུགས་ཚེ་རྒྱལ། སྤེལ་དུས:2015/6/9
ཚང་མའི་བདེ་ཐང་གི་ཆེད་བརྒྱུད་བསྐུར་གནང་རྒྱུར་དགོངས་འཇག་འཚལ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
11753164
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号