སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པ་འོས་སྦྱོར་དང་ཞལ་འདེབས་ཞུ་ཡིག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» བརྡ་སྦྱོར་གླིང་། »སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པ་འོས་སྦྱོར་དང
སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པ་འོས་སྦྱོར་དང་ཞལ་འདེབས་ཞུ་ཡིག
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/7/1ལྟ་ཀློག (7390)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་ཞལ་འདེབས་ཞུ་ཡིག


དང་པོ།   ཚོགས་པ་ངོ་སྤྲོད་མདོར་བསྡུས།

           ༼སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པ༽ནི།   མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་སློབ་གླིང་དུ།   མི་རིགས་དང་རིག་གནས་ལ་དུངས་པ་ཟབ་ཅིང་།   འགན་ཁུར་གྱི་འདུ་ཤེས་ལྕི་བའི་དགེ་རྒན་ཆེན་མོ་འགྱུར་མེད་ལགས་ཀྱི་སྣེ་ཁྲིད་འོག  རང་གི་སློབ་སྦྱོང་ལ་འཆར་གཞི་གསལ་ཞིང་།སྤྱི་ཚོགས་ཞབས་ཞུ་ལ་སྤྲོ་བ་བརྟས་པ།  ཕ་ཡུལ་འཕེལ་རྒྱས་ལ་རེ་སྨོན་ཆེ་ཞིང་།   སློབ་ཆེན་སློབ་མ་ཡི་འོས་འགན་འཁུར་བའི་ཕུལ་བྱུང་སློབ་མ་འགས།  སློབ་ཆེན་པའི་ཁོར་ཡུག་གམ་དུས་རབས་གསར་པའི་སློབ་ཆེན་པའི་སྡེ་ནས་ཀྱང་།  བོད་ཀྱི་རིག་གནས་སློབ་གསོ་སྤྱི་དང་།  སྒོས་སུ་རང་གི་སྐད་དང་ཡི་གེ་རྒྱུན་འཛིན་དར་སྤེལ་ལ་རང་ནུས་ཀྱིས་ཞབས་འདེགས་ཞུ་ནུས་ན་བསམ་པའི་ལྷག་བསམ་རྣམ་དག་དང་།  སྤོབས་པ་ཆེར་བསྐྱེད་ཀྱིས༢༠༠༦ལོར༼ཕ་སྐད་འཛིན་སྐྱོང་ཚོགས་པ༽ཞེས་པ་བཙུགས་ཏེ་བྱ་འགུལ་སྣ་ཚོགས་སྤེལ།  དེའི་རྨང་གཞིའི་སྟེང་བྱ་འགུལ་རྒྱ་བསྐྱེད་དང་ཚོགས་པ་ཚད་ལྡན་དུ་བཏང་སྟེ༢༠༡༠ལོའི་ཟླ༦པར་ཚོགས་པ་འདི་དངོས་སུ་བཙུགས།   སློབ་གྲྭ་རིམ་པའི་ཆོག་མཆན་ཐོབ་ཅིང་ད་ལྟ་ཚོགས་མི༢༠༠ལྷག་གིས་གྲུབ།  གོང་རིམ་གྱི་མཛུབ་སྟོན་ལྟར་དོན་སྙིང་ཆེ་བའི་བྱ་འགུལ་མང་པོ་ལོ་རེར་སྤེལ་བཞིན་པ་ལ།  སློབ་གྲྭའི་ནང་དུ།༼ཨམ་སྐད་སྦྱོང་བརྡར་འཛིན་གྲྭ༽དང་།༼དབུས་སྐད་སྦྱོང་བརྡར་འཛིན་གྲྭ།༽༼ཁམས་སྐད་སྦྱོང་བརྡར་འཛིན་གྲྭ།༽༼དགེ་རྒན་གདན་ཞུའི་འཆད་ཁྲིད།༽༼དཔེ་ཀློག་དཔྱད་གླེང་འགྲན་སྡུར།༽༼གསུང་རྩོམ་བློར་འཛིན་འགྲན་སྡུར།༽༼ཕ་སྐད་གཙང་མའི་བགྲོ་གླེང་།༽༼བོད་ཀྱི་དུས་ཆེན་ངོ་སྤྲོད།༽༼ཕ་སྐད་གཙང་མའི་མལ་ཁང་།༽༼གཟའ་རེའི་བོད་ལྭའི་ཉིན་མོ།༽༼གཟའ་མཇུག་སྐོར་བྲོའི་དགྱེས་འཛོམས།༽སོགས་ཀྱི་བྱ་འགུལ་སྤེལ་བ་གཙོ་བྱས།  ཞོར་དུ་སློབ་ཆེན་པའི་ཕྱོགས་སྣ་ཚོགས་ཀྱི་ནུས་རྩལ་སྦྱོང་བརྡར་དང་།   གཞི་རིམ་གྱི་སློབ་གསོར་ཡང་ཞབས་འདེགས་ཞུ་ཕྱིར།   སློབ་གྲྭའི་ཕྱི་རུ།  དབྱར་དགུན་གནང་གི་སྐབས་སུ་དཔའ་ལུང་གཙོ་བྱས་པའི་མཚོ་ཤར་གྱི་རྫོང་བཞིའི་སྡེ་བ༤༥ཙམ་ལ་སྔ་ཕྱིར་ཐེངས༡༧ལ་བསྐྱོད་དེ་གཞི་རིམ་སློབ་གསོར་ཞབས་འདེགས་ཞུས།  འདིའི་གོ་རིམ་ཁྲོད་དུ་ཙོང་ཁ་སྙིང་རྗེ་རོགས་སྐྱོར་ཚོགས་པ་དང་།  སེང་གཤོང་བྱམས་བརྩེ་དམངས་སྐྱོང་ཚོགས་པ།  བྱ་ཁྱུང་དགོན་གཞུང་སོགས་ཀྱིས་གཙོ་བྱས་གཞུང་སྒེར་གྱི་ལྷག་བསམ་ཅན་མང་པོས་འགྲོ་གྲོན་ཐད་བཀའ་དྲིན་ཆེན་པོས་བསྐྱངས་པར་བརྟེན།  ད་ལྟའི་བར་དུ་རྒྱུན་བསྐྱངས་ཤིང་གྲུབ་འབྲས་ཀྱང་ཇེ་བཟང་ཇེ་ཆེ་ཡིན་པས་གཞི་རིམ་མང་ཚོགས་ནས་ཀྱང་དགའ་བསུ་ཆེན་པོ་ཐོབ།

གཉིས་པ། གཞི་རིམ་དུ་བསྐྱོད་པའི་བྱ་བའི་ཕྱོགས་སྡོམ།

༡ བྱ་འགུལ་གྱི་དུས་ཡུན།

        ལོ་རེའི་དབྱར་གནང་སྐབས་དང་།  དགུན་གནང་སྐབས་ཀྱི་ཟླ་གཅིག་རེའི་ཡུན་ཏེ།  ལོ་གཅིག་ལ་བསྡོམས་པས་ཟླ་བ་གཉིས་ཀྱི་ཡུན།

༢ བྱ་འགུལ་སྤེལ་གནས། 

      མཚོ་ཤར་ཁུལ་དཔའ་ལུང་རྫོང་གིས་གཙོ་བྱས། བདེ་ཁམས་རྫོང་དང་། ལུང་མདོ་རྫོང་། བཀའ་མ་ལོག་རྫོང་བཅས་ཀྱི་སྡེ་ཚོ༤༥ཙམ་སྟེ། ༼ཆེས་མང་བ་ནི༢༠༡༢ལོའི་དགུན་གནང་གི་སྡེ་ཚོ༦༨དང་ཆེས་ཉུང་བ་ནི༢༠༠༩ལོའི་དབྱར་གནང་གི་སྡེ་ཚོ༡༨༽ཁྱོན་བསྡོམས་ད་ལྟའི་བར་དུ་ས་གནས་༤༦༨ཙམ་དུ་སྤེལ།

༣ བྱ་འགུལ་གྱི་ནང་དོན།

      སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཆུ་ཚད་དང་འཚམ་པར་བོད་ཡིག་དང་།  རྒྱ་ཡིག་དབྱིན་ཡིག་བཅས་ཟུར་ཁྲིད་ཀྱི་ཞོར་དུ།  བྱིས་པའི་དགའ་ཕྱོགས་དང་ནུས་རྩལ་སྦྱོང་བརྡར་བྱས། གཞན་ཡང་མང་ཚོགས་ཀྱི་ཡིག་རྨོངས་སེལ་བའམ་ཡུལ་སྲོལ་སླར་གསོའི་ཕྱིར་རིག་རྩལ་བྱ་འགུལ་ཡང་ཐེངས་མང་སྤེལ།













༤ ཞིབ་ཕྲའི་གནས་ཚུལ།

   དུས་ཚོད། དང་བླངས་དགེ་རྒན། ས་གནས། སློབ་མ།

༢༠༠༦ལོའི་དགུན་གནང་ནས་བཟུང་སྐབས་རེ་རེར་གཞི་རིམ་དུ་བསྐྱོད་ཡོད་མོད་སྔ་མ་རྣམས་ཀྱི་ཡིག་ཚགས་མི་གསལ་བས་འདིར་ཞིབ་ཕྲ་མ་བཀོད།

དུས་ཚོད།

དགེ་རྒན།

ས་གནས།

སློབ་མ།

༢༠༠༩ལོའི་དབྱར།

30

18

67

༢༠༠༩ལོའི་དགུན།

40

22

142

༢༠༡༠ལོའི་དབྱར།

50

37

862

༢༠༡༠ལོའི་དགུན།

70

50

1120

༢༠༡༡ལོའི་དབྱར།

85

48

1240

༢༠༡༡ལོའི་དགུན།

110

68

1249

༢༠༡༢ལོའི་དབྱར།

100

45

2157

༢༠༡༢ལོའི་དགུན།

130

54

2312

༢༠༡༣ལོའི་དབྱར།

70

27

2292

༢༠༡༣ལོའི་དགུན།

73

29

1455

༢༠༡༤ལོའི་དབྱར།

81

33

1200

༢༠༡༤ལོའི་དགུན།

93

36

1850

སྡོམ་གྲངས།

919

480

15946

༥ བྱ་འགུལ་གྱི་དམིགས་ཡུལ།

      བྱ་འགུལ་སྤེལ་ཡུལ་གྱི་ངོས་ནས།  གཞི་རིམ་གྱི་སློབ་གསོ་ལ་རམ་འདེགས་དང་།   བྱིས་པའི་དགའ་ཕྱོགས་སྐྱེད་སྲིང་།  ཡུལ་སྲོལ་གོམས་གཤིས་སླར་གསོ་སོགས་ལ་དམིགས་པ་དང་།  བྱ་འགུལ་སྤེལ་མཁན་གྱི་ངོས་ནས་བོད་ཀྱི་སློབ་ཆེན་པའི་ནུས་རྩལ་སྦྱོང་བརྡར་དང་སྤྱི་ཚོགས་ཞབས་ཞུའི་འདུ་ཤེས་ཤུགས་དྲག་ཏུ་གཏོང་བ་སོགས༼སློབ་ཆེན་པ“གཞི་རིམ་དུ་བསྐྱོད་པ་གསུམ”༽༼大学生“三下乡”༽གྱི་དགོངས་དོན་ལག་ལེན་དུ་བསྟར་ཕྱིར་ཡིན།

༦ བྱ་འགུལ་གྱི་གྲུབ་འབྲས།

     སློབ་གྲྭ་དང་མགོ་ཁྲིད་ཀྱི་མཐོང་ཆེན་དང་།  སྦྱིན་བདག་རྣམས་ཀྱི་ལྷག་བསམ།  མང་ཚོགས་རྣམས་ཀྱི་རྒྱབ་སྐྱོར།   ཚོགས་པ་རང་གི་ཉམས་མྱོང་དང་ནན་ཏན་བཅས་ལ་བརྟེན་ནས་བྱ་འགུལ་ཐེངས་མང་སྤེལ་བར་ས་གནས༣༥ཙམ་གྱི་མང་ཚོགས་ཡོངས་ནས་དགའ་བསུ་ཆེན་པོ་ཐོབ་ཅིང་།   སློབ་གྲྭས་ཀྱང་གཟེངས་བསྟོད་ཐེངས་མང་ཐོབ།

གསུམ་པ།   བྱ་འགུལ་གྱི་འཆར་གཞི་དང་དཀའ་ཁག

༡ མ་འོངས་པའི་འཆར་གཞི།

      དེང་གི་དུས་འདིར་སྲིད་ཇུས་བཟང་པོའི་ཉི་འོད་ཡངས་པའི་རྒྱལ་ཁམས་ཀུན་ལ་འཕྲོས་ཏེ།   རྒྱལ་ཁབ་དང་མི་རིགས།   གྲོང་ཁྱེར་དང་གཞི་རིམ་སོ་སོས་རང་གི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་ཁྱད་ཆོས་ཉམས་པ་སླར་གསོ་དང་།   མ་ཉམས་དར་སྤེལ་ལ་རེམ་པའི་གོ་སྐབས་བཟང་པོ་འདིར།   ངེད་སློབ་ཆེན་པའི་སྡེ་ནས་ཀྱང་།   སློབ་ཆེན་པའི་འོས་འགན་ལ་ངོས་ཟིན་ཐོབ་ཅིང་།   སྤྱི་ཚོགས་ཀྱི་ཞབས་ཞུ་ལ་ཀུན་སློང་གཙང་བའི་སྔོན་འགྲོའི་སྟེང་།   རང་གི་རིག་གནས་ཀྱི་རིན་ཐང་རྟོགས་ཤིང་།   མ་འོངས་ཕ་ཡུལ་ལ་རེ་སྨོན་ཆེ་བའི་ལྷག་བསམ་ཁོ་ནས་སྐད་ཡིག་དར་སྤེལ་རྩ་བ་དང་།  གཞི་རིམ་སློབ་གསོ་རྨང་གཞིར་བལྟས་ཏེ།  སློབ་གྲྭའི་ཕྱི་ནང་གཉིས་སུ་ཚོགས་པའི་སྔར་ཡོད་ཀྱི་བྱ་འགུལ་རྣམས་ཇེ་བཟང་ཇེ་རྒྱས་དང་།  མགོ་ཁྲིད་དང་སྦྱིན་བདག་མང་ཚོགས་སོགས་ཀྱི་རེ་བ་ལྟར་བྱ་འགུལ་གསར་པ་གང་མང་གང་ལེགས་ཀྱིས་སྤེལ་འཆར་ཡོད།

༢ ཚོགས་པའི་དཀའ་ཁག

      ང་ཚོའི་ཐེངས་རེའི་འགྲོ་གྲོན་ལ།   དང་བླངས་པ་མི་ངོ་རེར་ལམ་གླ་དང་འཚོ་བའི་རོགས་དངུལ་སྒོར༡༠༠༠དང་།   ཟླ་གཅིག་གི་མི་ལུས་ཉེན་སྲུང་ལ་སྒོར་༤༠རེ།   བསླབ་གཞི༢༠༠༠ལ་ཉེ་བ།  སྒོ་སམ་དང་ས་སྨྱུག་མེད་སར་དེ་དག་ཉོ་བ་སོགས་ཐེངས་རེ་རེར་དམངས་སྒོར་ཁྲི༡༠ཡས་མས་དང་།  ལོ་གཅིག་ལ་བསྡོམས་པས་དམངས་སྒོར་ཁྲི༢༠ཙམ་གྱི་འགྲོ་གྲོན་ཡོད་ལ།   ངེད་ཚོགས་པར་ངེས་གཏན་གྱི་སྦྱིན་བདག་དང་ཚོགས་པའི་མ་དངུལ་ཡོང་ཁུངས་གང་ཡང་མེད་པས་སྐབས་རེ་རེར་སྦྱིན་བདག་རྣམ་པའི་རོགས་སྐྱོར་ལ་བརྟེན་ནས་ད་ལྟའི་བར་དུ་རྒྱུན་བསྐྱངས།   ད་ལོར་མཚོན་ནའང་དབྱར་གནང་སྐབས་སུ་གཞི་རིམ་དུ་བསྐྱོད་པའི་གྲ་སྒྲིག་སྟེ།  སྡེ་བར་འབྲེལ་གཏུགས་དང་།   དང་བླངས་པ་སྡུད་འདེམ།ཉེན་སྲུང་ཉོ་བ།   གོང་རིམ་ལ་རེ་ཞུ།  སློབ་དེབ་དང་སྒོ་སམ།   ས་སྨྱུག་སོགས་ཉོ་བ་རྣམས་མགོ་བརྩམས་ཟིན་ཀྱང་།   དང་བླངས་པའི་ལམ་གླ་དང་འཚོ་བའི་རོགས་དངུལ་ཐད་དཀའ་ཁག་ཆེན་པོར་འཕྲད་ཡོད་པས།  སྤྱི་ཚོགས་ཡོངས་ཀྱི་གཞུང་སྒེར་གང་ཡིན་ཀྱང་།  འཆར་སྒོ་ཡངས་པའི་ཉམས་མྱོང་ཅན་དང་།  དགེ་ལ་སྤྲོ་བའི་འབྱོར་བ་ཅན།  མ་འོངས་དཔྱོད་པའི་མིག་རྒྱང་ཅན།   ཁ་བཤད་མིན་པའི་ལག་ལེན་ཅན་རྣམས་ཀྱིས་ཕྱོགས་གང་ཐད་ནས་རོགས་སྐྱོར་ཡོང་བའི་རེ་བ་སྙིང་ནས་ཞུ།།

བཞི་བ། ཟུར་བཀོད།

༢༠༡༤ལོའི་དགུན་གནང་སྐབས་ཀྱི་སྦྱིན་བདག་རྣམས་ཀྱི་མཚན་ཐོ།

ཞལ་འདེབས་གནང་མཁན།

ས་གནས་སམ་ལས་ཁུངས།

སྒོར་གྲངས།

མཁའ་མདའ་སྤྲུལ་སྐུ།

མཁའ་མདའ་དགོན།

༢༠༠༠༠

སེང་གཤོང་བྱམས་བརྩེ་དམངས་སྐྱོང་ཚོགས་པ།

རེབ་གོང་།

༡༠༠༠༠

ར་ཁོ་སྤྲུལ་སྐུ་བློ་བཟང་བསྟན་པའི་དབང་ཕྱུག་མཆོག

མདོ་སྨད་སྐུ་འབུམ་དགོན།

༡༠༠༠༠

བླ་མ་མཆོག་སྤྲུལ་ལྷ་བཟང་།

མགོ་ལོག་བཻ་ཚ་དགོན།

༡༠༠༠༠

ཨ་ལགས་གཅན་ཚ་ཚང་།

བྱ་ཁྱུང་དགོན།

༣༠༠༠

ཨ་ལགས་རྡོ་ཕུང་ཚང་།

བྱ་ཁྱུང་དགོན།

༥༠༠

གྲྭ་བཙུན་ལུང་རྟོགས།

བྱ་ཁྱུང་དགོན།

༥༠༠

གྲྭ་བཙུན་དོན་ལྡན།

བྱ་ཁྱུང་དགོན།

༡༠༠

སློབ་གཙོ་བཟོད་པ།

བྱ་ཁྱུང་དགོན།

༡༠༠༠

བསོད་ནམས་དོན་འགྲུབ།

བོན་བརྒྱ་སྡེ་བ།

༡༠༠༠

ཚེ་རིང་།

གཤོང་ཞན་ཐང་།

༥༠༠

ཀུན་དགའ།

ཚེ་རིག་སྐེ་བ།

༡༠༠

གྲྭ་བ་ལུང་རིཊ།

སྐུ་འབུམ་དགོན།

༡༠༠༠

གྲྭ་བཙུན་སྦྱིན་པ།

སྐུ་འབུམ་དགོན།

༡༠༠༠

ཆོས་འབྱོར།

གཤོང་ཞན་གླིང་ཀྱཱ་སྡེ་བ།

༥༠༠

རབ་རྒྱས།

གཤོང་ཞན།

༥༠༠

འགྱུར་མེད་ཆོས་གྲུབ།

བེའུ་བརྒྱ་དཀྱིལ་དགོན་པ།

༣༠༠

མགོན་པོ་སྐྱབས།

གཤོང་ཞན་གདོང་གཞུག་སྡེ་བ།

༡༠༠༠

ཨོ་རྒྱན།

གཤོང་ཞན་ ལོག་མ་སྡེ་བ།

༢༠༠

༢༠༡༤ལོའི་དབྱར་གནང་སྐབས་ཀྱི་སྦྱིན་བདག་རྣམས་ཀྱི་མཚན་ཐོ།

ཞལ་འདེབས་གནང་མཁན།

ས་གནས་སམ་ལས་ཁུངས།

སྒོར་གྲངས།

ཨ་ལགས་མཁའ་མདའ་ཚང་།

མཁའ་མདའ་དགོན།

༣༠༠༠༠

སེང་གཤོང་བྱམས་བརྩེ་དམངས་སྐྱོང་ཚོགས་པ།

རེབ་གོང་།

༡༠༠༠༠

བྱ་ཁྱུང་དགོན་གཞུང་།

བྱ་ཁྱུང་དགོན་གཞུང་།

༡༠༠༠༠

འཇིགས་མེད་ཆོས་འབྱོར།

རེབ་གོང་རོང་བོ་དགོན།

༡༠༠༠༠

བསྟན་འཛིན་བཟང་པོ།

རེབ་གོང་དགོན་ལ་ཁ་དགོན།

༡༠༠༠༠

བཀྲ་ཤིས་རྒྱལ།

ཟི་ལིང་བོད་མིའི་ཁྲོམ་རིག་བཅུ་དཔེ་ཁང་།

༥༠༠༠

སྤྲིན་གྱི་མེ་ཏོག

ཟི་ལིང་སྲོང་བཙན་རིག་གནས་ཞབས་ཞུ་ལྟེ་གནས།

༥༠༠༠

བྱ་ཁྱུང་།

ལུང་རྟོགས་ཚང་།

༣༠༠༠

ངག་དབང་མཁས་བཙུན།

དན་ཏིག་དགོན།

༣༠༠༠

གཡག་རྫི་ཉོ་ཚོང་ཚད་ཡོད་ཀུང་སི།

ཟི་ལིང་།

༢༠༠༠

བློ་བཟང་བསྟན་འཛིན།

མདོ་སྨད་བྱ་ཁྱུང་དགོན།

༡༠༠༠

བླ་མ།

མདོ་སྨད་བྱ་ཁྱུང་དགོན།

༡༠༠༠

ཚུལ་ཁྲིམས།

མདོ་སྨད་བྱ་ཁྱུང་དགོན།

༡༠༠༠

བློ་བཟང་ཆོས་གྲགས།

མདོ་སྨད་བྱ་ཁྱུང་དགོན།

༡༠༠༠

དགེ་འདུན་བསྟན་འཛིན།

མདོ་སྨད་བྱ་ཁྱུང་དགོན།

༡༠༠༠

གྲགས་པ་རྒྱ་མཚོ།

མདོ་སྨད་བྱ་ཁྱུང་དགོན།

༡༠༠༠

བསྟན་འཛིན་རབ་རྒྱས།

མདོ་སྨད་རྩེ་བཀྲ་ཤིས་དགོན།

༡༠༠༠

བན་ཏེ་སྐྱབས།

མཚོ་སྔོན་མི་རིགས་སློབ་ཆེན།

༡༠༠༠

ཚེ་དབང་རྡོ་རྗེ།

གཤོང་ཞན་ཡུལ་ཚོ།

༡༠༠༠

ཚེ་རིང་།

དཔའ་ལུང་མི་ཉག་ཞོལ་མ་སྡེ་བ།

༡༠༠༠

ཕག་མོ་རྡོ་རྗེ།

དཔའ་ལུང་མི་ཉག་ཞོལ་མ་སྡེ་བ།

༡༠༠༠

ཤ་བོ།

དཔའ་ལུང་མི་ཉག་ཞོལ་མ་སྡེ་བ།

༡༠༠༠

བསྐལ་བཟང་སྦྱིན་པ།

བྲག་དཀར་རྫོང་ཆུ་རིང་སྡེ་བ།

༡༠༠༠

ཟླ་གྲགས།

ཙོང་ཁ་སྒྱུ་རྩལ་ཇུས་འགོད་ཞབས་ཞུ་ལྟེ་གནས།

༥༠༠

རྡོ་རྗེ་ཕུན་ཚོགས།

དཔའ་ལུང་ཚེ་རིག་སྡེ་བ།

༥༠༠

དབང་གྲགས།

ཙོང་ཁ་རིག་གཞུང་ཕུན་ཚོགས་ནོར་གླིང་།

༥༠༠

འབྲུག་ལོ་ཐར།

མཚོ་སྔོན་མི་རིགས་སློབ་ཆེན།

༣༠༠

བསོད་ནམས་གཡང་འཛོམས།

རེབ་གོང་རོང་བོ་ལྷ་སྡེ།

༢༠༠

སྐལ་བཟང་སྐྱིད།

ཟི་ལིང་།

༡༥༠

སྟག་ལྷ།

དཔའ་ལུང་དགེ་ཕྱུག་སྡེ་བ།

༥༠


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qnft བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: མེ་ཏོག སྤེལ་དུས:2015/7/1
ངོ་མ་བཟང་གི
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41174340
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1