མདོ་སྟོད་ཡུལ་ཤུལ་གྱི་ཡར་སྐུལ་ལོ་དེབ་བསང་མེ་འོས་སྦྱོར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 12 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »མདོ་སྟོད་ཡུལ་ཤུལ་གྱི་ཡར་སྐུལ་ལོ་དེབ་བསང་མེ་འོས་སྦྱོར།
མདོ་སྟོད་ཡུལ་ཤུལ་གྱི་ཡར་སྐུལ་ལོ་དེབ་བསང་མེ་འོས་སྦྱོར།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/8/27ལྟ་ཀློག (3703)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


      དེ་ཡང་སྤྱིར་ས་གནས་ཤིག་གི་འཕེལ་རྒྱས་དེ་དཔལ་ཡོན་ལྡན་པའི་ལམ་དུ་བསྐྱོད་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ། དཔལ་ཡོན་དར་བའི་དུས་རབས་སུ་སྤྱི་ཚོགས་ཀྱི་བདག་པོའང་ཤེས་ཡོན་པ་དག་ཡིན་པ་བཤད་ག་ལ་དགོས།  ཤེས་ཡོན་པ་དག་གིས་རང་གི་མི་རིགས་དང་ས་གནས་ལ་འགན་འཁུར་ནའང་རིག་གནས་སློབ་གསོ་དང་།   ཚན་རིག་ལག་རྩལ་གྱི་སྟེང་ནས་འཁུར་དགོས་ལ། དེ་བས་ཀྱང་འབོད་སྐུལ་དང་བློ་སྒོ་འབྱེད་པའི་ལམ་སྟོན་གྱི་སྟེང་ནས་འཁུར་ན་ད་གཟོད་ཕ་ཡུལ་གྱི་མི་རྣམས་དུས་རབས་གསར་བའི་ལམ་སྣེ་ལ་ཁྲིད་ཐུབ།   གནད་དེར་དམིགས་ཏེ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན་པའི་ཡུལ་ཤུལ་གྱི་སློབ་བུ་དག་གིས་<<བསང་མེ>>ཞེས་པའི་སྣ་འཛོམས་ལོ་དེབ་འདི་ཉིད་རྩོམ་སྒྲིག་བྱས་པ་ཡིན། དེ་ལ་དེབ་ཀྱི་ནང་དོན་གཙོ་བོའམ་དམིགས་ཡུལ་གཙོ་བོ་ནི་ཡུལ་ཤུལ་བའི་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ཡར་སྐུལ་གྱི་ཆེད་དུ་ཡིན།

      དེབ་ཀྱི་ནང་དོན་ནམ་རྣམ་པ། གླེང་བརྗོད་དང་ཚིགས་བཅད། རང་མོས། ལྷུག་རྩོམ། དཔྱད་རྩོམ། སྒྱུར་རྩོམ་དང་།  དམིགས་བསལ་ཡུལ་ཤུལ་གྱི་མཐོ་འབྲིང་སློབ་མ་དག་གི་བརྩམས་ཆོས་བདམས་བཀོད་ཀྱི་ཚན་པ་གཅིག་བཅས་ཁྱོན་ཚན་པ་བདུན་གྱིས་གྲུབ་ཡོད་ལ།

      ཚན་པ་དང་བོ། <མདུང་མོ་རྩེ་དགུ>་ཞེས་པ་ནི་གླེང་བརྗོད་ཀྱི་སྐོར་ཡིན།

      ཚན་པ་གཉིས་པ། <གཡའ་མ་རང་བརྩིགས>་ཞེས་པ་ནི་ཚིགས་བཅད་ཀྱི་སྐོར་ཡིན།

      ཚན་པ་གསུམ་པ། <འུག་པ་མཚན་དགོད་>ཅེས་པ་ནི་རང་མོས་ཀྱི་སྐོར་ཡིན།

      ཚན་པ་བཞི་བ། <ཆུ་མོ་དལ་འབབ>ཅེས་པ་ནི་ལྷུག་རྩོམ་གྱི་སྐོར་ཡིན།

      ཚན་པ་ལྔ་བ། <རྡོ་ཡི་ཞུན་ཁུ>ཞེས་པ་ནི་དཔྱད་རྩོམ་གྱི་སྐོར་ཡིན།

      ཚན་པ་དྲུག་པ། < སྒྲ་སྒྱུར་གླིང་ག>ཞེས་པ་ནི་སྒྱུར་རྩོམ་གྱི་སྐོར་ཡིན།

      ཚན་པ་བདུན་པ། <སློབ་རའི་འཇོལ་མོ་>ཞེས་པ་འདི་ནི་རྩོམ་ལུས་ལ་ལྟོས་པ་མེད་པར་ཡུལ་ཤུལ་གྱི་མཐོ་འབྲིང་སློབ་མ་དག་གི་བརྩམས་ཆོས་བདམས་བཀོད་བྱེད་ས་ཞིག་ཡིན་པས་རྒྱ་ཆེ་བའི་ཀློག་མཁན་གྲོགས་པོ་ཡོངས་དང་ཡང་སྒོས་ཡུལ་ཤུལ་གྱི་ཤེས་ལྡན་གྲོགས་པོ་རྣམ་པས་འདི་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བའི་རེ་བ་སྙིང་ནས་ཞུ།

ཞེས་གྱི་ལིང་འཇིགས་མེད་ཀྱིས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qngt བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41835418
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1