སི་རུ་ཡཱའི་བྱིས་ལོ་༣ཅན་རྐྱེན་ལམ་དུ་ཤོར་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »སི་རུ་ཡཱའི་བྱིས་ལོ་༣ཅན་རྐྱེན་ལམ་དུ་ཤོར་བ།
སི་རུ་ཡཱའི་བྱིས་ལོ་༣ཅན་རྐྱེན་ལམ་དུ་ཤོར་བ།
རྩོམ་སྒྲིག་པ།  ཆར་བ། སྤེལ་དུས། 2015/9/5ལྟ་ཀློག (4388)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སི་རུ་ཡཱའི་བྱིས་པ་ལོ་༣ཅན་རྐྱེན་ལམ་དུ་ཤོར་བ།

      སི་རུ་ཡཱའི་བྱིས་པ་ལོ་༣ཅན་བཙན་བྱོལ་སྐབས་མཚོ་ནང་དུ་ཤི་བའི་རྐྱེན་ངན་དེ་ཉིན་འདི་དག་ལ་དྲ་བ་དང་ཚགས་ཤོག་སྒང་ན་ཧ་ཅང་འཛའ་དྲག་ཆེ་བའི་གསར་འགྱུར་ཞིག་ཏུ་གྱུར་ཡོད།

      བྱིས་པ་དེའི་མིང་ལ་ཨེ་ལན་ཟེར་བ་དང་གཟའ་ཚང་གང་བོ་སི་རུ་ཡའི་གནོད་ཐེབས་ཡུལ་འཁྱར་ཏུ་གྱུར་ཏེ་ཨ་མ་དང་ལོ་ལྔ་ཅན་གྱི་ཕོ་བོ་གྷི་ལེ་ཕུའུ་དང་བཅས་ཟླ་འདིའི་ཚེས་༢ཉིན་ཐུར་ཁེའི་པོ་ཏི་ལོ་མོའོ་ས་ཆ་ནས་གྷི་རིག་གི་ཁོ་སི་གླིང་ཕྲན་ལ་བཙན་བྱོལ་དུ་སོང་།  འགྲོ་བའི་ལམ་བར་ནས་གྲུ་ཁ་ལོ་འགྱུར་ཏེ་ཁྱོན་མི་༢༣ཡོད་པ་ལས་༡༢རྐྱེན་ལམ་དུ་རྐྱེན་ལམ་དུ་ཤོར་བའི་ཁྲོད་དུ་ཨེ་ལན་མ་བུ་གསུམ་ཡོད།  ཁྱིམ་ཚང་འདིའི་ཤུལ་ཏུ་ཨ་ཕ་ཨེ་བྷོ་ཏོ་ལཱ་གཅིག་པུ་ལས་ལྷག་མེད།  ཉིན་གཉིས་པར་ཨེ་ལན་གྱི་བེམ་པོ་ཐུར་མཚོའི་འགྲམ་དུ་ཆུས་ཁུར་ཡོང་ཡོད།  ཁ་སྦུབས་སུ་ངོ་གདོང་བྱེ་འདམ་ནང་སྦྱར་ཞིང་ལུས་ལ་མཚོ་རླབས་ཀྱི་རྩེ་མོས་བར་མེད་རྡེག་པའི་རྣམ་པ་སྙིང་རྗེ་ཞིང་སྐྱི་གཡའ་བ་དེ་ཡུལ་དེའི་དམག་མིས་མཐོང་ནས་དེ་འཕྲལ་གནས་ཚུལ་གསལ་བསྒྲགས་བྱས་ཤིང་དེ་ནི་ཨེ་ལན་གྱི་བེམ་པོ་ཡིན་པ་ཤེས་གསལ་དུ་གྱུར།

( ཨེ་ལན་གྱི་བེམ་པོ་ཐུར་ཁེའི་མཚོ་འགྲམ་དུ་ཁུར་ཡོང་བ)

      འཛམ་གླིང་རྒྱལ་ཁབ་སོ་སོ་དང་གསར་ཤོག་ཆེ་ཆུང་གང་ཡིན་གྱིས་དེའི་སྐོར་གྱི་གསར་འགྱུར་གང་ཡོད་བཀོད་དེ་གསར་ལམ་ཁག་ཏུ་གྲག་འགུལ་ཆེན་པོ་བཟོས་སོང་།  ལོ་ངོ་འདི་དག་གི་རིང་ལ་ནང་འཁྲུག་འཇགས་པ་མེད་པའི་སི་རུ་ཡའི་རྒྱལ་ཁབ་ནས་འཇིགས་སྐུལ་རིང་ལུགས་པའི་ཧམ་ཤེད་དང་དྲག་སྤྱོད་ལ་བྱོལ་བའི་གནོད་ཐེབས་ཡུལ་འཁྱར་གྲངས་ལས་འདས་པ་ཡོ་རབ་ཏུ་བཙན་བྱོལ་བྱེད་ཀྱིན་ཡོད་ལ།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསལ་བསྒྲགས་ལྟར་ན།  ༢༠༡༡ལོ་ནས་ད་བར་སི་རུ་ཡའི་བཙན་བྱོལ་བ་མི་གྲངས་ཁྲི་༤༠༠ལྷག་ཐུར་ཁེ་དང་པཱ་ལེ་ལན།  ཡེ་ཏན་སོགས་སུ་ཡུལ་འཁྱར་བྱས་ཡོད།  ལོ་འདིའི་ནང་དུ་རྐྱེན་ལམ་དུ་ཤོར་བའི་བཙན་བྱོལ་བ་༢༥༠༠ལྷག་ས་དབུས་རྒྱ་མཚོའི་ནང་དུ་དུར་འཇུག་བྱས་ཡོད།

     ད་ཐེངས་སྙིང་རྗེ་བའི་བྱིས་པ་ཨེ་ལན་མ་བུ་གསུམ་འཇིགས་སྐུལ་རིང་ལུགས་པར་བྱོལ་བའི་ཁྲོད་རྐྱེན་ལམ་དུ་ཤོར་བ་འཛམ་གླིང་མི་དམངས་ལ་མིག་ཆུ་བཞུར་བའི་གནས་སུ་གྱུར།  འདི་ལ་རྐྱེན་བྱས་ནས་རྒྱལ་ཁོངས་སོ་སོའི་མི་མངས་ཀྱིས་དམག་འཁྲུག་ལ་རྒོལ་བ་དང་ཞི་བདེར་འབོད་པ་གཏོང་བའི་སེམས་ཤུགས་ཇེ་དྲག་དང་སྐད་སྒྲ་ཇེ་མཐོ་རུ་བཏང་སོང་།

 (ཨེ་ལན་གྱི་བེམ་པོ་རྙེད་པ)

   རི་མོ་སྒྱུ་རྩལ་བ་ཁ་ཤས་ཀྱིས་འཆར་རྟོག་མི་འདྲ་བའི་ལམ་ནས་ཨེ་ལན་ལ་མྱ་ངན་ཞུ་བའི་ཐོལ་བྱུང་རི་མོ་སྣ་ཚོགས་བརྩམས་ནས་གསར་ལམ་དུ་བཀྲམ་ཡོད་པ་དེས་ཀྱང་བྲག་ཅ་ཆེན་པོ་བཟོས་ཡོད། རི་མོ་དེ་དག་ཚང་མའི་ཕུག་གི་བསྟན་དོན་ཧ་ལམ་གཅིག་འདྲ་ཆགས་ཡོད་དེ།ཨེ་ལན་དཀོན་མཆོག་དང་མཉམ་དུ་ཡོད་པའམ་ཡང་ན་དག་ཞིང་དུ་སླེབས་པ་ལྟ་བུའི་བྱམས་བརྩེ་དང་དྲོད་སྣང་གིས་ཁྱབ་པར་བྱས་ཏེ་གདུང་ཤུགས་དང་སྙིང་རྗེ།རེ་སྨོན་སོགས་མཚོན་ཡོད།དེ་དག་ལས་རི་མོ་འགའ་གཤར་ལྟར།

 

༢༠༡༥ལོའི་ཟླ༩ཚེས་༥ཉིན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rogu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41423918
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1