མ་ལེ་ཞི་ཡའི་མི་ཁྲི་ཁ་ཤས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »མ་ལེ་ཞི་ཡའི་མི་ཁྲི་ཁ་ཤས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱས།
མ་ལེ་ཞི་ཡའི་མི་ཁྲི་ཁ་ཤས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/9/20ལྟ་ཀློག (4417)རྩོམ་ཁུངས: བོད་ལྗོངས་དྲྭ།པར་འདེབ།

ཉེན་རྟོག་པ་དང་རྔམ་སྟོན་མི་སྣ་ཕན་ཚུན་ཁ་གཏད་དུ་ལངས་པའི་རྣམ་པ།

   ཟླ་ ༩ པའི་ཚེས་ ༡༦ ཉིན། མ་ལེ་ཞི་ཡའི་རྒྱལ་ས་ཁལ་ལུང་ཕུ་ནས་གཞི་རྒྱ་ཆེ་བའི་ཁྲོམ་སྐོར་བྱ་འགུལ་སྤེལ་བ་དང་། མ་ལེ་ཞི་ཡའི་མི་འབོར་ཁྲི་ ༣ ལྷག་ལ་ཉེ་བ་གྲོང་གི་དཀྱིལ་དུ་འདུས་ཏེ། གཞུང་རྒྱུ་ཧམ་བཟའི་མིང་རྟགས་ངན་པ་ཐོབ་པའི་ཙུང་ལི་ན་ཅི་པུ་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱས་པ་རེད། ཁོ་ཚོས་ཕྱིར་སྡོད་ཀྲུང་གོ་བའི་སྲིད་ཏང་གིས་ཟླ་སྔོན་མའི་ཟླ་མཇུག་ཏུ་ན་ཅི་པུ་ལ་ངོ་རྒོལ་བྱེད་པའི་གཞི་རྒྱ་ཆེ་བའི་འོས་ལངས་སྤེལ་བ་དེར་རྒོལ་གཏམ་བཏང་། མ་ལེ་ཞི་ཡའི་ནང་ཁུལ་གྱི་འཐབ་རྩོད་དེ་མིག་སྔར་རྒྱ་བསྐྱེད་དེ་སྤྱི་ཚོགས་རང་བཞིན་གྱི་གནད་དོན་ཞིག་ཏུ་གྱུར་འདུག་པ་དང་། གསར་ལམ་ཁ་ཤས་སུ། མ་ལེ་ཞི་ཡའི་རྒྱལ་ནང་དུ་ཡང་བསྐྱར་ཀྲུང་གོར་རྒོལ་བའི་རྦ་རླབས་དྲག་པོ་འཕྱུར་ཏེ། མ་ལེ་ཞི་ཡའི་རིགས་རྒྱུད་འགལ་བའི་རྣམ་པ་དེ་སྔར་ལས་ཛ་དྲག་ཅན་དུ་འགྱུར་སྲིད་པ་བསྟན་འདུག


ཁྲོམ་སྐོར་གྱི་ཡུལ་དངོས།

     དེ་སྔོན་གསར་ལམ་ཁ་ཤས་སུ་སྒྲོག་སྤེལ་བྱས་པ་ལྟར་ན། ན་ཅི་པུ་ཡིས་མ་ལེ་ཞི་ཡའི་བདག་དབང་མ་དངུལ་གྱི་སྟེང་ཨ་སྒོར་དུང་ཕྱུར་ ༧ ལྷག་གསོག་ཉར་བྱས་ཡོད་པའི་མི་སྒེར་གྱི་རྩིས་ཚན་བཙུགས་ཡོད་པ་དང་། ཕྱི་ཕྱོགས་ནས་མི་མང་པོས་ཁོས་གཞུང་དངུལ་ལྐོག་ཟོས་བྱས་ཡོད་མེད་ལ་དོགས་འདྲི་བྱེད་བཞིན་འདུག་པ་རེད། ན་ཅི་པུ་ཁོ་རང་ཉིད་ནས་དེའི་ལན་དུ་དེ་ནི་ཆབ་སྲིད་ཀྱི་ཞལ་འདེབས་མ་དངུལ་ཡིན་ཟེར་བ་ལས་ཁ་གསལ་བའི་རྩིས་སྤྲོད་གང་ཡང་བྱས་མི་འདུག

    བདེ་སྲུང་ཉེན་རྟོག་པས་ཁལ་ལུང་ཕུའི་ཀྲུང་གོ་བའི་འདུས་སྡོད་ཁུལ་དུ་ལྭ་དམར་གྱོན་མཁན་གྱི་ཕྱོགས་སུ་ཆུ་མདའ་འཕེན་པའི་ཚུལ།

མ་ལེ་ཞི་ཡའི་གསར་ལམ་ཁག་ཏུ་སྒྲོག་སྤེལ་བྱས་པ་ལྟར་ན། ལུས་ལ་ལྭ་བ་མདོག་དམར་གྱོན་པའི་རྔམ་སྟོན་མི་སྣ་བརྒྱ་ཕྲག་འགས་ཐེངས་མང་པོར་ཁལ་ལུང་ཕུའི་ཐང་མིའི་ཁྲོམ་དུ་འཛུལ་རྩིས་བྱས་ལ། ཁོ་ཚོས་ན་ཅི་པུའི་སྐུ་པར་ལ་རྡོག་བརྫིས་གཏོང་མཁན་དག་ཕྱིར་འདོན་བྱེད་རྒྱུ་ཡིན་པ་བསྒྲགས་པ་དང་། དེར་ཉེན་རྟོག་པས་བཀག་འགོག་བྱས་པ་རེད། ཡིན་ཡང་རྔམ་སྟོན་མི་སྣས་ད་དུང་མཚམས་མ་བཞག་པར་ཏོན་ཁྲིན་ཀྲེན་ལུའུ་སྲང་ལམ་བཙན་བཟུང་བྱས་པས་རྣམ་པ་ཛ་དྲག་ཆེ་བར་གྱུར།

ཁྲོམ་སྐོར་གྱི་ཡུལ་དངོས།

ཉེན་རྟོག་པས་ཐང་མིའི་ཁྲོམ་གྱི་ཉེ་འཁོར་དུ་ལམ་ཁའི་བཀག་རྐྱེན་གང་མང་འཐེན་ཁྲིད་བྱས་པ་དང་། ཉེན་རྟོག་པ་སྔར་ལས་མང་དུ་མངགས་གཏོང་བྱས་ནས་གནས་དེར་བཅའ་སྡོད་སྲུང་སྐྱོབ་བྱས་པ་རེད། རྔམ་སྟོན་མི་སྣ་སྔར་བཞིན་ནང་དུ་འཛུལ་རྩིས་བྱས་མོད། ཉེན་རྟོག་པས་བཙན་ཤུགས་ཀྱིས་བཀག་འགོག་བྱས་པ་མ་ཟད། མི་སྣ་འགའ་ཤས་འཛིན་བཟུང་བྱས་པའི་གནས་ཚུལ་ཡང་ཐོན་འདུག

དེ་ཡང་ཁ་མདོག་དམར་པོ་ནི་མ་ལེ་ཞི་ཡའི་སྲིད་འཛིན་ཏང་དང་མ་ལེ་ཞི་ཡའི་མི་རིགས་གཅིག་གྱུར་ཚན་ཁག་གི་མཚོན་བྱེད་ཡིན་པས། རྔམ་སྟོན་ཁྲོམ་སྐོར་པ་ཕལ་ཆེ་བས་ལུས་ལ་མདོག་དམར་ཅན་གྱི་ལྭ་བ་གྱོན་འདུག མི་རིགས་གཅིག་གྱུར་ཚན་ཁག་གི་དཔོན་རིགས་ཤིག་གིས་ཁོ་ཚོས་མ་ལེ་མི་རིགས་ཀྱི་ལ་རྒྱ་སྲུང་འཛིན་བྱེད་དགོས་ཞེས་བརྗོད། དེ་ལས་གཞན་དེ་སྔོན་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཁྲོམ་སྐོར་བ་མང་ཆེ་ཤོས་ནི་ཀྲུང་གོ་བ་རེད་ཟེར། BBC ཡིས་དེར་དབྱེ་ཞིབ་བྱས་པ་ལས་བསྟན་དོན། ཁྲོམ་སྐོར་གྱིས་མ་ལེ་ཞི་ཡའི་ནང་ཁུལ་གྱི་རིགས་རྒྱུད་འགལ་བའི་རྣམ་པ་དེ་སྔར་ལས་ཛ་དྲག་ཏུ་བསྒྱུར་སྲིད་པར་ངེས།

མ་ལེ་ཞི་ཡའི་ནང་ཁུལ་གྱི་རིགས་རྒྱུད་འགལ་བའི་འབྲེལ་བ་དེ་སྔར་ནས་ཡོད་པ་ཞིག་ཡིན་པ་དང་། མ་ལེ་རིགས་ཀྱིས་རྒྱལ་དམངས་ཡོངས་ཀྱི་སུམ་ཆའི་གཉིས་ལྷག་ཟིན་ཡོད་ལ། དེས་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་བབ་ཁྲོད་གལ་འགངས་ཆེ་བའི་གོ་གནས་བཟུང་ཡོད་པ་རེད། ཀྲུང་གོ་བས་རྒྱལ་དམངས་ཡོངས་ཀྱི་བཞི་ཆའི་གཅིག་ཟིན་ཡོད་པ་དང་། ཁོ་ཚོར་མི་འབོར་བསྡུར་ཚད་དེ་ལས་འདས་པའི་རྒྱུ་ནོར་འཛོམས་པ་རེད། སྤྱི་ལོ་ ༡༩༦༤ ལོ་དང་སྤྱི་ལོ་ ༡༩༦༩ ལོར། མ་ལེ་ཞི་ཡ་ནས་ཀྲུང་གོ་བར་རྒོལ་བའི་ཟིང་འཁྲུག་ལངས་མྱོང་བ་དང་། སིང་ཀ་ཕོར་ནི་ ༡༩༦༤ ལོའི་ཟིང་འཁྲུག་དེའི་རྗེས་ནས་མ་ལེ་ཞི་ཡ་དང་འབྲེལ་ཐག་ཆད་དེ་རང་བཙན་གྱིས་བཙུགས་པའི་རྒྱལ་ཁབ་ཡིན་པ་རེད།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmft བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41398465
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1