དགོན་སྡེའི་གསར་འགྱུར་གལ་ཆེན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »དགོན་སྡེའི་གསར་འགྱུར་གལ་ཆེན།
དགོན་སྡེའི་གསར་འགྱུར་གལ་ཆེན།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/10/6ལྟ་ཀློག (6168)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


གངས་རིའི་ལྗོངས་འདིར་ཟབ་མོ་དབུ་མའི་ལམ། །

སུས་ཀྱང་མ་རྟོགས་ཚུལ་འདིར་མ་བཟོད་ནས། །

འཇམ་པའི་དབྱངས་ཉིད་མི་ཡི་ཟོལ་གྱིས་ནི། །

བྱོན་པའི་ཙོང་ཁ་པ་དེ་གཏན་གྱི་སྐྱབས། །

       ཞེས་པའི་མཆོད་བརྗོད་སྔོན་དུ་བཏང་ནས་འདིར་གང་གླེང་བར་བྱ་བ་ནི།  དྲི་བ་བཅུ་པ།  བསྟན་བཅོས་ལས། དབུ་མ་པའི་མཚན་ཉིད་གསུམ་གྱི་འཇོག་ལུཊ་ནི་ཞེས་པ་ནས་ཡང་རང་བཞིན་ནི་ཆོས་ཉིད་ཀྱི་རང་བཞིན་ལ་བྱ་སྟེ། འདི་ལྟར་རང་བཞིན་དེ་ནི་ཉན་ཐོས་ལ་སོགས་པས་མ་བྱས་པར་དངོས་པོའི་གཤིས་ལུཊ་སུ་གནས་པའི་ཕྱིར་རོ། །

ཞེས་པའི་གཞུང་རྣམས་གུང་བསྒྲིཊ་ཏེ་གཤིས་ལུཊ་སུ་གྲུབ་པ་ཐ་སྙད་དུ་འཇོག་མིན་རྗེའི་ལེགས་བཤད་རྣམས་དང་མི་འགལ་བའི་སྒོ་ནས་བརྡར་ཤ་བཅད་རྒྱུ་ཞེས་པ་འདི་རྣམས་རེད།

སྐབས་འདིར་ས་བཅད་གསུམ་དུ་བྱས་ན་སྟབས་བདེ་བས་ལེཊ་བཤད་སྙིང་པོ་ལས་གསུངས་ཚུལ་དང་།  རྩ་ཤེ་ཊྰིཀ་ཆེན་ལས་གསུངས་ཚུལ།  དགོངས་པ་རབ་གསལ་ལས་གསུངས་ཚུལ་གསུམ་ཡོད། 

       དང་པོ་ནི།  ལེགས་བཤད་སྙིང་པོ་ལས།  དབུ་མ་པའི་མཚན་ཉིད་གསུམ་གྱི་འཇོག་ལུཊ་ནི་ཡུམ་གྱི་མདོའི་དོན་འཇུག་འགྲེལ་ལས་བཤད་པ་འདི་བཞིན་བྱའོ། །དེ་ལ་རྣམ་བཏཊ་ནི་གཟུཊ་ནས་སངས་རྒྱས་ཀྱི་བར་གྱི་རྟེན་འབྱུང་གི་གཞན་དབང་ལ་བྱ་སྟེ། གཙོ་བོའི་དབང་དུ་བྱས་པའོ།  །གཟུཊ་ནས་སངས་རྒྱས་ཀྱི་བར་ལ་ངོ་བོ་ཉིད་དུ་བཏཊ་པ་ཀུན་བརྟཊ་སུ་བཤད་པའི་ངོ་བོ་ཉིད་ནི་གཤིས་སམ་རང་བཞིན་ལ་བྱ་ཞིང་། གཞན་དབང་དེར་ཡོད་པ་ཀུན་བརྟཊ་ཡིན་ཡང་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡུལ་ན་དེ་ཡོད་པ་ཡོངས་གྲུབ་བོ།  །དེ་ཡང་གཞན་དབང་ཡིན་ལུཊ་སུ་ཡོད་པའི་ཀུན་བརྟཊ་ཀྱིས་སྟོང་པ་དེ་གཞན་དབང་གི་ཡིན་ལུཊ་ཡིན་པ་དེ་ཉིད། སངས་རྒྱས་ཀྱིས་དོན་དམ་མཁྱེན་པའི་ཡུལ་ན་ཡོད་པས་ཡིན་ལུཊ་གཅིག་ཉིད་གཞི་སོ་སོ་ལ་བལྟོས་ནས་ཀུན་བརྟཊ་དང་ཡོངས་གྲུབ་གཉིས་སུ་འཇོག་པའོ།  །ཞེས་པའི་བར་རེད། འདིའི་དོན་བསྡུས་ནས་བཤད་ན། ཐལ་འགྱུར་བའི་མཚན་ཉིད་གསུམ་གྱི་འཇོག་ལུཊ་འདི་རྒྱས་འབྲིང་བསྡུས་གསུམ་གྱི་དོན་ཡིན་པར་འཇུག་པར། བདེ་བླག་རྙེད་ཅིང་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་སོགས་ཀྱི་རང་འགྲེལ་དུ་འདི་ལྟར། དཔེར་ན། སྦྲུལ་ནི་ཐག་པས་བསྡོམས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བརྟཊ་པ་ཡིན་ཏེ། དེ་དེ་ལ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཞེས་སོགས་ཀྱི་མཚན་ཉིད་གསུམ་འཇོག་ཚུལ་ཞིག་གསུངས་པ་དེ་བཞིན་འཇོག་དགོས་པ་དང་། དེ་ལ་རྣམ་བཏཊ་ནི། ཞེས་པ་ནས།   གཙོ་བོའི་དབང་དུ་བྱས་པའོ། །ཞེས་པ་འདིས་གཞན་དབང་ངོས་བཟུང་བ་དང་། འདིར་རྣམ་བཏཊ་ཞེས་པ་ནི། འདིས་རྣམ་པར་བཏཊཔ་དང་འདི་ལ་རྣམ་པར་བཏཊ་པ་གཉིས་ཀྱི་ནང་ནས་ཕྱི་མ་གཙོ་བོ་ཡིན་ཞེས་པའི་དོན་ནོ།  །དཔེར་ན། བུམ་པ་གཟུཊ་སོ་ཞེས་པ་ལྟ་བུ་ལ་མཚོན་ན། བུམ་པ་གཟུཊ་ཡིན་པ་དེ་འདི་ལ་རྣམ་པར་བཏཊ་པ་ཡིན། དེ་བརྗོད་པའི་སྒྲ་དང་། བརྗོད་འདོད་ཀྱི་རྟོག་པ་རྣམས་ནི།  འདིས་རྣམ་པར་བཏཊཔ་ཡིན། གཟུཊ་ནས། ཞེས་པ་ནས། ཀུན་བཏཊ་ཡིན་ཡང་། ཞེས་པའི་བར་གྱིས་ཀུན་བཏཊ་ངོས་བཟུང་བ་དང་། སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡུལ་ན་ཡོད་པ་ཡོངས་གྲུབ་བོ། །ཞེས་པ་འདིས་ཡོངས་གྲུབ་ངོས་བཟུང་བ་ཡིན།  དང་པོ་ནི།  སྐབས་འདིའི་རང་བཞིན་ལ་ཀླུ་སྒྲུབ་ཀྱི་གཞུང་ལས་ཁྱད་ཆོས་གཉིས་བཞག་པ་དེར་ཟླ་གྲཊ་ཀྱིས་གཅིག་བསྣོན་པ་བརྒྱབ་ནས་གསུམ་བཞག་པ་རེད། དེ་ལྟར་ཡིན་པ་ཡང་རྩ་ཤེ་ལས། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དང་། ཚིག་གསལ་ལས། དུས་གསུམ་དུ་ཡང་མེ་ལ་མི་འཁྲུལ་བ། ཞེས་པ་ནས། རྒྱུ་དང་རྐྱེན་ལ་བལྟོས་པ་དང་བཅས་པ་མ་གྱུར་པ་གང་ཡིན་པ་དེ་ནི་རང་བཞིན་ཡིན་པར་བརྗོད་དོ། །ཞེས་གསུངས། དེས་ན། རང་བཞིན་ཁྱད་ཆོས་གསུམ་ལྡན་ནི།  ཆོས་དེའི་གཉུག་མའི་ངོ་བོ་ཡིན་པ། ཆོས་དེ་ལ་དུས་གསུམ་དུ་མི་འཁྲུལ་བ། ངོ་བོ་རྒྱུ་རྐྱེན་གཞན་ལ་བལྟོས་པ་མེད་པ་གསུམ་པོ་འདི་རེད། དེས་ན། གཞན་དབང་དེར་ཡོད་པ་ཀུན་བཏཊ་ཡིན་ཡང་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡུལ་ན་དེ་ཡོད་པ་ཡོངས་གྲུབ་བོ་ཞེས་པ་ནི།  གཞན་དབང་ཁྱད་ཆོས་གསུམ་ལྡན་གྱི་རང་བཞིན་དུ་གྲུབ་པ་དགག་བྱའི་ཀུན་བཏཊ་དང་། རྣམ་མཁྱེན་གྱི་ཡུལ་ན་དེ་ཡོད་པ་ཡོངས་གྲུབ་ཡིན་ཞེས་པའི་དོན་ནོ།  །

     དོན་བསྡུས་ན་འདི་ལྟར། ཡིན་ལུཊ་གཅིག་ཉིད་གཞི་སོ་སོ་ལ་བལྟོས་ནས་ཀུན་བཏཊ་ཡོངས་གྲུབ་གཉིས་སུ་འཇོག་པའོ་ཞེས་པ་ནི། དཔེར་ན། རྣམ་འགྲེལ་སྐབས་སུ་བསྒྲུབ་བྱའི་ཆོས་ཀྱི་ལྡོག་པ་གཅིག་པུ་དེ་ཉིད་གཞི་རཊ་པ་དང་སྦྱར་ན་རཊ་པའི་མི་རྟག་པ་དང་ཕྲ་བ་དང་སྦྱར་ན་ཕྲ་བའི་མི་རྟག་པར་འགྱུར་ཞེས་པ་དང་འདྲའོ། །

     གཉིས་པ་རྩ་ཤེ་ཊིཀ་ཆེན་ལས་གསུངས་ཚུལ་ནི།  རབ་བྱེད་དང་པོ་དང་བཅོ་ལྔ་པའི་སྐབས་སུ་ཆོས་དེ་དང་དེའི་རང་བཞིན་སྐོར་ལ་བཤད་པ་མང་དུ་ཡོད་ཀྱང་བསྡུས་ན་རབ་བྱེད་དང་པོའི་སྐབས་སུ་ཁྱད་གཞི་རྟེན་འབྱུང་གང་ལ་འགག་སོཊ་གང་ཡོད་པའི་ཁྱད་གཞི་དེ་འགག་སོཊ་དེ་དང་དེར་ཡོད་པ་ཁྱད་གཞི་དེའི་རང་བཞིན་ནམ་གཤིས་ཡིན་མིན་དཔྱད་ནས་ཡིན་པ་འགོག་པ་དེ་རྟེན་འབྱུང་ལ་འགག་སོཊ་དེ་ཁོ་ནར་གྲུབ་པ་འགོག་པའི་དོན་ནོ།  །ཞེས་པ་ནི། ཁྱད་གཞི་རྟེན་འབྱུང་གི་དགག་བྱའི་འགག་སོཊ་བརྒྱད་པོ་དེ་ཁྱད་གཞི་རྟེན་འབྱུང་གི་གཤིས་ལུཊ་མ་ཡིན་ཏེ། དེ་འགོག་པ་དེ་ཁྱད་གཞི་རྟེན་འབྱུང་ལ་འགག་སོཊ་རང་བཞིན་གྱིས་གྲུབ་པར་འགོག་པ་ཡིན་ཞེས་པའི་དོན་ནོ།  །སྤྱིར་རྟེན་འབྱུང་གི་འགག་སོཊ་བརྒྱད་པོ་དེ་རྟེན་འབྱུང་དེ་དང་དེའི་ཁྱད་ཆོས་ཙམ་ཡིན་ཀྱང་རྟེན་འབྱུང་དེ་དང་དེའི་ཆོས་ཉིད་མ་ཡིན་ཏེ། ཀ་བུམ་གཉིས་གཅིག་ཏུ་རང་བཞིན་གྱིས་མེད་པ་དང་། ཀ་བ་ཐ་དད་དུ་རང་བཞིན་གྱིས་མེད་པ་དེ། དེ་རྣམས་ཀྱི་ཆོས་ཉིད་མིན་པས་སོ།  །

      གསུམ་པ་དགོངས་པ་རབ་གསལ་ལས་གསུངས་ཚུལ་ནི།  རང་བཞིན་བཀག་པ་ནི་མིག་སོགས་གཤིས་ལུཊ་ཡིན་པ་བཀག་པ་ཡིན་ལ། ཞེས་པ་ནི་དགག་བྱའི་རང་བཞིན་དེ་མིག་སོཊ་ཀྱི་གཤིས་ལུཊ་བཀག་པ་ཡིན་གྱི་ཆོས་ཉིད་ལ་རང་བཞིན་དུ་བྱས་པའི་རང་བཞིན་དེ་བཀག་པ་མིན་ཏེ།  དགོངས་པ་རབ་གསལ་ལས། རང་བཞིན་ཁས་བླངས་པ་ནི་བཀག་པ་དེ་མིག་སོཊ་ཀྱི་ཆོས་ཉིད་ཅེས་པའི་རང་བཞིན་དུ་འདོད་པ་ཡིན་པས། དངོས་པོ་རང་བཞིན་གྱིས་གྲུབ་པ་བཀག་པ་དང་། དངོས་པོའི་ཆོས་ཉིད་ཀྱི་རང་བཞིན་ཁས་བླངས་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། ། དེ་ལྟར་ཡིན་པའི་ཁུངས་ནི།  འཇུག་པའི་རང་འགྲེལ་ལས། འདིར་སྨྲས་པ། ཞེས་པ་ནས། གལ་ཏེ་མིག་ལ་སོགས་པ་རྣམས་ཀྱིས་རང་གི་ངོ་བོ་རྟེན་ཅིང་འབྲེལ་བར་འབྱུང་བ་བྱིས་པའི་སྐྱེ་བོས་གཟུང་བར་བྱ་བ་གང་ཡིན་པ་དེ་ཉིད་དེ་རྣམས་ཀྱི་རང་བཞིན་ཡིན་ན་ནི།  རང་བཞིན་དེ་ཕྱིན་ཅི་ལོག་ཏུ་གྱུར་པས་ཀྱང་རྟོགས་པའི་ཕྱིར། ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་ན།  གང་གི་ཕྱིར་འདི་ཉིད་རང་བཞིན་མ་ཡིན་པ་དེའི་ཕྱིར། དེའི་ལྟ་བའི་དོན་དུ་ཚངས་པར་སྤྱོད་པ་དོན་དང་བཅས་པར་འགྱུར་རོ། །ཞེས་ཁ་ཅིག་གིས་རང་བཞིན་གྱིས་གྲུབ་པ་མི་འདོད་པ་དང་། ཆོས་ཉིད་རང་བཞིན་དེ་འདོད་པ་ལ་འགལ་བརྗོད་མཛད་པའི་སྐྱོན་སྤོང་གི་ལན་ལས་ཀྱང་ཤེས་སོ།  །ཕྱི་མ་ནི་ཆོས་ཉིད་ལ་རང་བཞིན་དུ་བྱས་པའི་རང་བཞིན་དེ་སུས་ཀྱང་མ་བྱས་ཀྱང་དེ་བཞིན་གཤེཊ་པ་སོཊ་ཀྱིས་གསལ་བར་བྱེད་པ་དང་དངོས་པོ་རང་རང་གི་གཤིས་སུ་གནས་པར་གསུངས་ཀྱང་རང་རང་གི་གཤིས་ལུཊ་ཡིན་པས་གཤིས་ལུཊ་སུ་གནས་ཞེས་བརྗོད་པ་ཙམ་ཡིན་གྱིགཤིས་ལུཊ་སུ་གྲུབ་པ་ཡོད་པར་མི་འདོད་དོ། །

སྨྲས་པ།

འདིར་འབད་རང་བློས་ནོངས་བ་ཅི་མཆིས་པ། །

གཟུར་གནས་བློ་ལྡན་རྣམས་ཀྱི་སྤྱན་སྔར་འཆགས། །

འདིར་འབད་རྣམ་དཀར་དགེ་བ་ཅི་མཆིས་པས། །

འགྲོ་ཀུན་ཀུན་དཀྲིས་མྱུར་དུ་དག་པར་སྨོན། །

སེར་སྨད་སྟོང་སྐོར་དགེ་བཤེས་ཉི་མས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
0wo3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཧོར་ཞོགས་སྤྲིན། སྤེལ་དུས:2015/10/7
࿐ ལུང་རིགས་དབྱར་རྔ་སྒྲོག་པའི་ལྷ་ལམ་དུ།།བྱམས་བརྩེའི་ཆུ་འཛིན་དཀར་པོས་སློབ་བུ་སྐྱོང་།།ཐར་ལམ་པད་མའི་མེ་ཏོག་གཏེར་རྡོལ་བའི།།བཤེས་གཉེན་ཐུ༵བ་བསྟ༵ན་ཉི༵་མ༵ར་སྙིང་ནས་གུས།།
 སྤེལ་མཁན: སེར་སྨད་རྒྱལ་མཚན སྤེལ་དུས:2015/10/7
༄༅།།བཤེས་གཉེན་བཀའ་དྲིན་ཅན་ཐུབ་བསྟན་ཉི་མ་མཆོག་ལ་རྒྱལ་མཚན་ནས་དགེ་ཕྲུག་ཡོངས་ཀྱིས་ཚབ་བྱས་ཏེ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41325256
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1