དགོན་སྡེའི་ཁྲོད་ཀྱི་ཡ་རབས་སྤྱོད་བཟང་གི་གསར་འགྱུར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 17 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »དགོན་སྡེའི་ཁྲོད་ཀྱི་ཡ་རབས་སྤྱོད་བཟང་གི་གསར་འགྱུར།
དགོན་སྡེའི་ཁྲོད་ཀྱི་ཡ་རབས་སྤྱོད་བཟང་གི་གསར་འགྱུར།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/10/6ལྟ་ཀློག (13069)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དགོན་སྡེའི་ཁྲོད་ཀྱི་ཡ་རབས་སྤྱོད་བཟང་གི་གསར་འགྱུར།

    གནས་ཚུལ་གསར་པ་ཞིག་ལ་སྤྱི་ལོ་ ༢༠༡༥ ལོའི་མདོ་སྟོད་འཇང་དགུན་ཆོས་ཚོགས་ཆེན་མོ་ཁམས་དར་མདོ་ལྷ་མོ་རྩེ་དགོན་པའི་ནང་དུ་འཚོགས་སྐབས་ཉིན་ཞིག་ལ་དགོང་མོར་ཚོགས་གྲོལ་བ་དང་། ཚོགས་ཆེན་འདུ་ཁང་མདུན་ནས་སྟོང་སྐོར་བསོད་ནམས་འཕྲིན་ལས་མཆོག་གིས་ལག་ཁུག་ཆུང་ཆུང་ཞིག་རྙེད་འདུག དུས་དེ་མ་ཐག་ཏུ་སྟོང་སྐོར་དགོན་གྱི་སློབ་གཉེར་དགེན་ལ་ཡར་ཞུ་བྱས། དེ་ནས། དགྱ་སྒོར་སུམ་ཁྲི་སུམ་སྟོང་ལྷག་ཙམ་ཡོད་པར་ཤེས་རྟོགས་བྱུང་། གྲྭ་བསོད་ནམས་འཕྲིན་ལས་མཆོག་གིས་ལྷག་བསམ་རྣམ་དག་གི་ཐོག་ནས་ཉེ་བར་བདག་པོའི་ལག་ཏུ་ཕྱིར་འཕྲོད་ཐབས་སུ་སློབ་གཉེར་དགེན་དང་མཉམ་དུ་འཇང་དགུང་ཆོས་ཚོགས་ཆེན་མོའི་ཚོགས་གཙོ་ཕྱག་ཏུ་འབུལ་དུ་སོང་བའམ་འབད་བརྩོད་བྱས། དེ་ནས། ཚོགས་གཙོ་མཆོག་ལ་ཡར་འབུལ་བ་དང་། གྲྭ་ཆུང་བསོད་ནམས་འཕྲིན་ལས་མཆོག་གིས། རྒྱུ་ནོར་འདིའི་བདག་པོ་དགྱ་བོད་སུ་ཡིན་ནའང་མི་འགྱང་བར་བདག་པོའི་ལག་ཏུ་སྤྲད་རོགས་གནང་ཞེས་ཚོགས་གཙོ་མཆོག་ལ་རེ་བ་ཞེས། ཚོགས་གཙོ་མཆོག་གིས། གྲྭ་བ་ཆུང་ཆུང་འདི་འདྲ་ཞིག་ལ་ལྷག་བསམ་དང་ཡ་རབས་སྤྱོད་བཟང་གི་འདྲིས་ཡག་པོ་འདུག ཁྱེད་དགོན་པ་གང་ནས་རེད་ཅེས་དྲིས། གྲྭ་ཆུང་གིས། སྟོང་སྐོར་དགོན་པ་རེད་ཅེས་དང་། ཚོགས་གཙོ་མཆོག་གིས། ཁྱེད་ལོ་དུ་རེད་ཅེས་དང་། འཛིན་གྲྭ་གང་ནས་རེད་ཅེས་དྲིས། གྲྭ་ཆུང་གིས། ལོ་བཅོ་ལྔ་རེད་ཅེས་དང་། འཛིན་གྲྭ་བསྡུས་ཆུང་རེད་ཅེས་གསུངས། ཚོགས་གཙོ་མཆོག་གིས། ཁྱེད་ཀྱི་དགེ་རྒན་སུ་རེད་ཅེས་དྲིས། སེར་སྨད་དགེ་བཤེས་ཉི་མ་མཆོག་རེད་ཅེས་གསུངས། ཚོགས་གཙོ་མཆོག་གིས། འོ་དགེ་རྒན་གྱི་ཁ་ལ་ཉོན། དགེ་རྒན་བཟང་པོའི་བཀའ་དྲིན་རེད། ཡ་རབས་སྤྱོད་བཟང་གི་རྣམ་པ་འདུག སྤྱིར་སྟོང་སྐོར་དགོན་པའི་གྲྭ་བ་ཚང་མར་དཔེ་ཆ་ཡག་པོ་འདུག བཀའ་དྲིན་ཆེ་ཞེས་གསུངས། དེ་ནས། དེའི་ཕྱིའི་ཉིན་མོར་དངུལ་བདག་དགྱ་མོ་ཞིག་ཡིན་པས་དངུལ་མ་ཚང་བ་མེད་པར་སོ་སོའི་ལག་ཏུ་འཕྲོད་ཀྱིན་འདུག་ཅེས་སྐད་ཆ་གོ་སོང་བས་ཚང་མས་དགའ་བསུ་ཚད་མེད་བྱས་ཡོད།

སྟོང་སྐོར་བསོད་ནམས་འཕྲིན་ལས

དེར་བརྟེན་སྤྱི་ལོ་ ༢༠༡༥ ༠༩ ༢༦ ཉིན་ཚད་མ་རྣམ་འགྲེལ་གྱི་རྩོད་རྒྱུགས་ལེགས་འཕྲོད་ཀྱི་མཛད་སྒོ་སྐབས། སྐྱ་སེར་གཉིས་ཀར་ཁྲི་ཕྲག་ལྷག་གི་དབུས་སུ་སྟོང་སྐོར་བསོད་ནམས་འཕྲིན་ལས་ཀྱི་ཡ་རབས་སྤྱོད་བཟང་གི་བྱ་བ་ལ་བྱ་དགའ་གནང་འདུག སྐབས་དེར་ཚོགས་གཙོ་མཆོག་གིས། གྲྭ་བ་ཆུང་ཆུང་འདི་འདྲ་ལའང་བསམ་བློ་ཡག་པོ་འདུག མི་ཆེན་པོ་ཡིན་ནའང་བསམ་བློ་འདི་འདྲ་ཡོད་མཁན་ཉུང་ཉུང་ཡིན་པས་གྲྭ་ཆུང་གི་དགེ་རྩ་འདིས་ཁོང་གི་བསླབ་པ་སློབ་གཉེར་ཡར་རྒྱས་ཡོང་བ་དང་། སློབ་གཉེར་མཐར་ཕྱིན་པར་དགེ་འདུན་དམངས་ཀྱིས་ཐུགས་བསྐྱེད་སྨོན་ལམ་དགོས་ཞེས་སོགས་བསྟོད་བསྔགས་བྱས་ཏེ། ཁ་བཏགས་ཉོན་མོ་བདེ་ལེགས་མ་གཅིག་དང་། འཇམ་པའི་དབྱངས་ཀྱི་སྐུ་ཐང་གཅིག སྒོར་མོ་བརྒྱ་བཅས་བྱ་དགའ་གནང་། སྐབས་དེར་ཚོགས་ར་ཐལ་སྒྲས་གང་སྟེ། སྐྱ་སེར་ཀུན་གྱིས་དགའ་བསུ་ཚད་མེད་བྱས། འདི་ལྟ་བུའི་ཡ་རབས་སྤྱོད་བཟང་གི་བྱ་བ་རྣམས། ངེད་བོད་པ་ཚང་གི་གཟི་བརྗིད་ཅིག་དང་། ནང་ཆོས་ཀྱི་བྱིན་རླབས་ཤིག་ཏུ་ངེས་འཛིན་ཡོད། དེས་ན། སྔར་ནས་དྲྭ་ལམ་ཁག་ཏུ་གསར་འགྱུར་མདོར་བསྡུས་ཤིག་འགོད་འདོད་ཡོད་ཀྱང་ཁོམ་ལོང་མ་བྱུང་བས་ཉིན་འགའ་ཤས་ལྷག་སོང་བས་དགོངས་འགལ་མེད་པ་ཞུ། ཡ་རབས་སྤྱོད་བཟང་འདི་ལྟ་བུ་ལ་ཚང་མས་དགའ་བསུ་དང་སློབ་སྦྱོང་དགོས།

༢༠༡༥ ༡༠ ༥ ཉིན། བློ་བཟང་སྦྱིན་པས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
ywo3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: མདའ་མེ་ལྕེ། སྤེལ་དུས:2015/10/1
ཨོ་་་སླར་ཡང་བཤད་རྒྱུ་ཞིག་ནི། གསར་འགྱུར་འདི་ངན་སྐར་རྒྱག་པ་དག་ནི་སྙིང་སྐམ་པའི་རོ་ཀོག་ཁོ་ནའོ།
 སྤེལ་མཁན: མདའ་མེ་ལྕེ། སྤེལ་དུས:2015/10/1
ངོ་མ་བསྟོད་པའི་འོས་སུ་གྱུར་བ་རེད། མ་འོངས་པར་གྲྭ་གཞོན་བསོད་ནམས་འཕྲིན་ལས་མཆོག་གི་མཛད་པ་འཕྲིན་ལས་མཐའ་དག་འགྲོ་བའི་གསོས་སུ་འགྱུར་བར་སྨོན།
 སྤེལ་མཁན: ཧོར་ཞོགས་སྤྲིན སྤེལ་དུས:2015/10/7
࿐ཧ་ཅང་གི་དགའ་པོ་བྱུང་། འདི་འདྲ་བ་ནི་བོད་མི་རིགས་ཀྱི་ལ་རྒྱ་དང་སྒེར་གྲྭ་བཙུན་ཡོངས་ཀྱི་གཟི་བརྗིད་ཉག་གཅིག་རེད་དྲན་གྱིན་ཡོད། ད་རུང་མི་མཐུད་དུ་འདི་འདྲ་ལ་རེམས་ཤིག
 སྤེལ་མཁན: ཧོར་ཞོགས་སྤྲིན། སྤེལ་དུས:2015/10/7
࿐ཧ་ཅང་གི་དགའ་པོ་བྱུང་། འདི་འདྲ་བ་ནི་བོད་མི་རིགས་ཀྱི་ལ་རྒྱ་དང་སྒེར་བཙུན་ཡོངས་ཀྱི་གཟི་བརྗིད་ཉག་གཅིག་རེད་དྲན་གྱིན་ཡོད། ད་རུང་མི་མཐུད་འདྲ་ལ་རེམས་ཤིག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41058072
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1