མི་ཉག་དབང་མཚོའི་གླུ་གཞས་ཆེད་བསྒྲིགས་རྨི་ལམ་ཞེས་པ་ལེགས་འགྲུབ་བྱུང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» བརྡ་སྦྱོར་གླིང་། »མི་ཉག་དབང་མཚོའི་གླུ་གཞས་ཆེད་བསྒྲིགས་རྨི་ལམ་ཞེས་པ་ལེགས་འགྲུབ་
མི་ཉག་དབང་མཚོའི་གླུ་གཞས་ཆེད་བསྒྲིགས་རྨི་ལམ་ཞེས་པ་ལེགས་འགྲུབ་བྱུང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/11/19ལྟ་ཀློག (12142)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྒྱ་ཆེ་བའི་བོད་མི་སྤུན་ཟླ་ལྷན་རྒྱས་ལུས་ལ་ན་བ་མེད་ཅིང་སྐུ་བསོད་ལྷུན་གྱིས་འགྲུབ་པའི་འཚམ་འདྲི་ཞུ །

      ཆིག་དགུ་གོ་གཅིག་ལོའི་ཟླ་གསུམ་པའི་ཚེས་གཅིག་གི་ནངས་མོར།  སི་ཁྲོན་དཀར་མཛེས་ས་ཡི་ལེ་ལག་ཏུ་གྱུར་བའི་མི་ཉག་གནས་མཆོག་ཡུལ་ནས་གཅེས་པའི་བུས་པ་ཞིག་ས་དོག་མོའི་མཐིལ་ལ་འབྱོར་ཞིང་ཁོ་མོའི་མིང་ལ་དབང་མཚོ་ཞེས་བཏགས།   སྡེ་བའི་བྱིས་པ་གཞན་དག་དང་འདྲ་བར་ནར་སོན་སྟོང་གི་ལོ་ཟླའི་བང་རིམ་བརྒལ་ཏེ་རང་ས་གནས་ཀྱི་སློབ་ཆུང་དང་དམའ་འབྲིང་།  ཆེད་སྦྱོང་གསོ་རིག་སློབ་གྲྭ་སོགས་ནས་སློབ་སྦྱོང་གི་གོ་རིམ་བདེ་བླག་གིས་མཐར་ཕྱིན་ལ་ལྷག་པར་རང་ཉིད་ཀྱི་འདོད་འདུན་དང་ཁྱད་ནུས་ཀྱི་ཡོན་ཏན་མ་དོར་བར་གླུ་ངག་སྒྱུ་རྩལ་ལ་ཧུར་བརྩོན་གྱིས་ཞུགས།   སུ་དང་གང་གི་བློ་ཡི་ངོགས་ན་བརྗེད་ཐབས་བྲལ་བའི་ཁོ་མོའི་བདེ་མོ་ངག་དང་སྙན་པའི་གདངས་ཀྱི་གཞས་གང་མང་ཞིག་གིས་རིགས་མཐུན་ཡོངས་ཀྱི་རྣ་བའི་བུ་ག་སྙན་པར་མ་གསོས་པའི་དུས་གཏན་ཏུ་མེད།   བོད་ཕ་སྐད་ཀྱི་སྙིང་བོ་གླུ་རུ་ལེན་པའི་གཞས་མ་ཁོ་མོར་མཚོན་ན་གཞན་དང་མི་མཐུན་པའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཞིག་ཡོད་པར་མ་ཟད་ཀུན་ལ་བཀུར་ཞིང་བརྩེ་བའི་ཞི་དུལ་གྱི་བྱ་སྤྱོད་ལྷུན་ཆགས་ཤིག་ཀྱང་ཡོད་ལ་དུས་རྒྱུན་སྡེ་མི་རྒན་གཞོན་ཡོངས་ནས་བསྟོད་པའི་མཐེ་བོང་ཀེར་ས་ཞིག་ཏུ་གྱུར་ཡོད།   ད་ཐེངས་མི་ཉག་བུ་མོ་དབང་མཚོས་མི་ལོ་མང་བོའི་སྒྱུ་རྩལ་འཚོལ་སྙེག་གི་ལམ་བུ་ལས་རྙེད་པའི་བོད་གཞས་དག་མ་སྐོར་ཞིག་རིགས་མཐུན་སྤུན་ཟླའི་མིག་གི་དགའ་སྟོན་དང་རྣ་བའི་ཟས་སུ་འབུལ་རྒྱུ་ཡིན་པས་ཁྱེད་ཅག་གིས་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁུར་དང་རྒྱབ་སྐྱོར་རེ་གནང་རྒྱུ་ཤིན་ཏུ་བཀའ་དྲིན་ཆེ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 8 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg9m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: འདོ་-བཀྲ་ཤིས སྤེལ་དུས:2015/11/2
སྤེལ་མཁན།: འདོ-བཀྲ་ཤིས  སྤེལ་དུས:2015/11/2 རྒྱ་ཆེ་བའི་དྲྭ་གྲོགས་ཀློག་པ་པོ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།། དུས་རབས་འདིའི་ཁྲོད་ན་བོད་ཀྱི་གླུ་གཞས་སྒྱུ་རྩལ་ལ་དགའ་བའི་གཞས་པ་དག་གིས་རང་ཉིད་ཀྱི་སྐང་ངག་ཙམ་ལ་བརྟེན་ནས་གླུ་གཞས་གཏོང་བ་ཁོ་ན་མིན་པར་སྒྱུ་རྩལ་འཚོ་བ་ལ་འཚོལ་བསྙེགས་བྱེད་པའི་དུས་རིམ་ཁྲོད་ནས། བོད་མི་རིགས་ཀྱི་ཁྱད་ཆོས་གཙང་མ་གཞི་བཞག་གི་སྟེང་ནས་གསར་སྐྱེས་གསར་བྱུང་གི་ཁྱད་ཆོས་ལྡན་པའི་གླུ་གཞས་དང་རོལ་དབྱངས་སོགས་སྔར་ཡོད་ཀྱི་རྣམ་པ་ལས་གསར་གཏོད་དང་། རོལ་དབྱངས་སྒྱུ་རྩལ་་གཞུང་ལུགས་ཀྱི་སྤྱི་འགྲོ་དག་ཚད་གཞི་འཛིན་པ་ཁོ་ན་མིན་པར། དེ་ལས་ཀྱང་སྔར་ཡོད་ཀྱི་རྣམ་པ་དག་ལ་བསྐྱར་བཟློས་མེད་ཅིང་།རང་ཉིད་ལ་ཐེབས་པའི་ཚོར་སྣང་ཟབ་མོ་དག་ལ་བརྟེན་ནས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དག་མཚོན་པར་ལ་རོལ་དབྱངས་སོགས་ཀྱིས་ཞབས་ཞུ་མཛོད་པ་ཁོ་བོས་འདོད་ཅིང་། དེ་ལས་་ཀྱང་དུས་རབས་འདིའི་འགྲོས་དང་བསྟུན་ནས་བོད་མི་རིགས་ཀྱི་རོལ་དབྱངས་སྒྱུ་རྩལ་དག་འཕེལ་རྒྱས་སུ་གཏོང་བ་ཐུགས་རྗེ་ཆེ་ཞུའོ།།
 སྤེལ་མཁན: འདོ-བཀྲ་ཤིས སྤེལ་དུས:2015/11/2
རྒྱ་ཆེ་བའི་དྲྭ་གྲོགས་ཀློག་པ་པོ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།། དུས་རབས་འདིའི་ཁྲོད་ན་བོད་ཀྱི་གླུ་གཞས་སྒྱུ་རྩལ་ལ་དགའ་བའི་གཞས་པ་དག་གིས་རང་ཉིད་ཀྱི་སྐང་ངག་ཙམ་ལ་བརྟེན་ནས་གླུ་གཞས་གཏོང་བ་ཁོ་ན་མིན་པར་སྒྱུ་རྩལ་འཚོ་བ་ལ་འཚོལ་བསྙེགས་བྱེད་པའི་དུས་རིམ་ཁྲོད་ནས། བོད་མི་རིགས་ཀྱི་ཁྱད་ཆོས་གཙང་མ་གཞི་བཞག་གི་སྟེང་ནས་གསར་སྐྱེས་གསར་བྱུང་གི་ཁྱད་ཆོས་ལྡན་པའི་གླུ་གཞས་དང་རོལ་དབྱངས་སོགས་སྔར་ཡོད་ཀྱི་རྣམ་པ་ལས་གསར་གཏོད་དང་། རོལ་དབྱངས་སྒྱུ་རྩལ་་གཞུང་ལུགས་ཀྱི་སྤྱི་འགྲོ་དག་ཚད་གཞི་འཛིན་པ་ཁོ་ན་མིན་པར། དེ་ལས་ཀྱང་སྔར་ཡོདརྣམ་དག་་དག་ལ་བསྐྱར་བཟློས་མེད་ཅིང་།རང་ཉིད་ཀྱི་ཚོར་སྣང་ཟབ་མོ་དག་ལ་བརྟེན་ནས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དག་མཚོན་པར་རོལ་དབྱངས་སོགས་ཀྱིས་ཞབས་ཞུ་མཛོད་པ་ཁོ་བོས་འདོད་ཅིང་། དེ་ལས་་ཀྱང་དུས་རབས་འདིའི་འགྲོས་དང་བསྟུན་ནས་བོད་མི་རིགས་ཀྱི་རོལ་དབྱངས་སྒྱུ་རྩལ་དག་འཕེལ་རྒྱས་སུ་གཏོང་བ་ཐུགས་རྗེ་ཆེ་ཞུའོ།།
 སྤེལ་མཁན: འདོ-བཀྲ་ཤིས སྤེལ་དུས:2015/11/2
ཡག་པོ་འདུག
 སྤེལ་མཁན: དཀར་མཛེས༔གྲགས་པ་རྒྱ་མཚོ། སྤེལ་དུས:2015/11/2
ལྷུན་བརྩེགས་ཁ་བའི་ཡུལ་ལྗོངས་ན། ། མཛེས་ཉམས་ལྡན་པའི་ཨ་ཅེ་ཡག ། མགྲིན་པ་དབྱངས་ཀྱི་གར་སྟེགས་སུ། ། སྙན་མོ་གླུ་ཡི་འགྱུར་ཁུགས་སྙན། །
 སྤེལ་མཁན: རས་པ། སྤེལ་དུས:2015/11/2
བོད་ཆས་ལུས་དང་མི་བྲལ། བོད་སྐད་ཁ་དང་མི་བྲལ། བོད་གླུ་ངག་དང་མི་བྲལ། བོད་སེམས་ནམ་ཡང་སྐྱོང་བ་ནི་མཛངས་མ་དབང་མཚོའི་རྟགས་རེད། ཕལ་སྐད་དྲོན་མོའི་གླུ་དབྱངས་ཀྱི་འགྱུར་ཁུགས་རེ་རེའི་གསེང་ལ་འོ་སྐོལ་གྱི་རྨི་ལམ་ནམ་ཡང་བདེ་ཞིང་སྐྱིད།
 སྤེལ་མཁན: ཨེ་ཏོ་ཏོ། སྤེལ་དུས:2015/11/2
དགྱེས་པའི་འཛུམ་ཞལ་ཁ་བའི་ཡུལ་ལ་བཞད།། མྱུར་བའི་སྟང་སྟབས་གངས་ཅན་ལྗོངས་ནས་འཁྲབ།། གླུ་གཞས་སྙན་མོ་བྟོ་ཊའི་ཡུལ་ལ་ཕུལ།། ཁྱོད་ནི་ཁ་བའི་ལྗོངས་ཀྱི་སྒེག་མ་ཞིག།།
 སྤེལ་མཁན: རྒྱལ་རོང་བཙན་སྲས། སྤེལ་དུས:2015/11/2
རང་གི་དགའ་ཕྱོགས་དང་ཁྱད་ཆོས་ལས་ཐོབ་པའི་འབྲས་བཟང་ལ་སྨོན་འདུན་ཞུ།།།།
 སྤེལ་མཁན: རྨ་འགྲམ་གངས་སྨྱུག སྤེལ་དུས:2015/11/1
ཆེད་བསྒྲིགས་བརྙན་འཁོར་ཕུད་པ་ནི་ང་ཚོ་བོད་ཀྱི་གཞས་པ་དང་གཞས་མ་ཚོར་མཚོན་ན་སུ་ཡིན་རུང་རང་ངོས་ཀྱིས་སྐ་ཚེགས་དང་མི་ཁ་གང་མང་ཞིག་བརྒྱུད་ནས་ལོ་དུ་མར་འབད་འབོང་གིས་གྲུབ་པ་ཞིག་ཡིན་སྟབས་རྒྱ་ཆེའི་སྤུན་ཟླ་ཚོའི་ཀྱང་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་རྒྱུ་ནི་ངའི་འདི་ནས་གླུ་ལ་དགའ་བའི་ན་གཞོན་གྱི་གཞས་པ་ཆུང་ཆུང་ཞིག་ཡིན་པའི་ཆ་ནས་མཐོ་དམན་གྱི་སྒྱུ་རྩལ་བ་ཡོངས་དང་ལྷག་པར་དུ་གངས་རིའི་བདེ་སྡུག་གླུ་རུ་འགུག་པའི་བོད་ཀྱི་གླུ་མ་འདིའི་འཚབས་བྱས་དེ་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41276435
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1