ལམ་བཟང་བོད་ཡིག་གློག་རྡུལ་འཕྲུལ་དེབ་ཉོ་བར་དགའ་བསུ་ཞུ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དཔལ་འབྱོར།» ཐོན་རྫས་གསར་བ་འོས་སྦྱོར། »ལམ་བཟང་བོད་ཡིག་གློག་རྡུལ་འཕྲུལ་དེབ་ཉོ་བར་དགའ་བསུ་ཞུ།
ལམ་བཟང་བོད་ཡིག་གློག་རྡུལ་འཕྲུལ་དེབ་ཉོ་བར་དགའ་བསུ་ཞུ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/1/20ལྟ་ཀློག (23858)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     ཉེ་ཆར་བོད་ལྗོངས་ལམ་བཟང་ཚན་རྩལ་ཚད་ཡོད་མཐུན་གཉེར་ཁང་གིས་གློག་རྡུལ་འཕྲུལ་དེབ་ཅིག་གསར་བཟོ་གནང་སྟེ་རྒྱ་ཆེའི་འཛད་སྤྱོད་པའི་དགོས་མཁོ་བཞིན་བོད་ཀྱི་ས་ཁུལ་ཡོངས་ཀྱི་ཚོང་རར་དགྲམ་འཆར་འདུག་པས་དུས་ལྟར་མངགས་ཉོ་བྱེད་པར་དགའ་བསུ་ཞུ།


ལམ་བཟང་བོད་ཡིག་གློག་རྡུལ་འཕྲུལ་དེབ།

     འཕྲུལ་དེབ་འདིར་བླུགས་པའི་བརྩམས་ཆོས་རྣམས་གྲགས་རྩོམ་ཉིང་བསྡུས་དང་ཞལ་འདོན་ཕྱོགས་བསྡུས། རྟེན་དང་བརྟེན་པ་དང་ལོ་རྒྱུས་མི་སྣ་བཅས་སྡེ་ཚན་བཞི་རུ་བཀར་ཡོད་ལ། བརྩམས་ཆོས་འདི་དག་ལོ་རྒྱུས་རྒྱུན་ཤེས་དང་རྒྱུན་སྤྱོད་ཞལ་འདོན། རྨང་གཞིའི་ཤེས་བྱ་དང་གྲགས་རྩོམ་དཀོན་པོ་སོགས་ཀྱིས་གྲུབ་པ་ཤ་སྟག་ཡིན། གང་དེའི་དམིགས་འདུན་ཡང་ཀློག་པོ་སྐྱ་སེར་ཀུན་གྱི་དགོས་མཁོ་དང་བསྟུན་ཅི་ཐུབ་བགྱིས་འདུག གཞན་དེབ་འདིར་ཡིག་གཟུགས་སྣ་འཛོམས་པོ་བླུགས་ཡོད་པས། ཀློག་མཁན་རང་གི་ཐུགས་མོས་བཞིན་དབུ་ཅན་དང་དབུ་མེད་གང་རུང་གི་ལམ་ནས་ལྟ་ཀློག་གནང་ཆོག

     འཕྲུལ་དེབ་འདིའི་སྤྱིའི་ཤོང་ཚད8GBདང་། ཤོང་ཚད་ཆེ་རུ་བསྐྱེད་ན32GBཙམ་ལོངས། དེབ་ཀྱི་འཆར་ངོས་ནི་སྣག་ཤེལ་ལམE-INKཞེས་པ་ལས་གྲུབ་ཅིང་། རྒྱུད་ཁོངས་ནི་བོད་འགྱུར་ཨན་ཀྲོ་མ་ལག་ཡིན། འཆར་ཤེལ་ལ་རེག་བྱས་ཚོད་འཛིན་བྱེད་ནུས།


 

  ༼ཀ༽འདི་ནི་ཚིག་མཛོད་ཅིག་སྟེ། བཀླག་བྱའི་དེབ་ལས་ཐ་སྙད་བདམས་ནས་ཐད་ཀར་ཚིག་མཛོད་ནང་གི་འགྲེལ་བ་བཙལ་ཆོག་ལ། འཕྲུལ་དེབ་ཀྱི་ཚིག་མཛོད་དུ་འཚོལ་བྱའི་ཐ་སྙད་བཅུག་ནས་བཙལ་ཡང་རུང་།

 


   ༼ཁ༽ འདི་ནི་དཔེ་མཛོད་ཅིག་སྟེ། འཕྲུལ་དེབ་ནང་གི་དཔེ་དེབ་ལ་ལྟ་ཀློག་བྱས་ཆོག་པ་ལས་གཞན། རྩིས་འཁོར་ནང་གི་རྒྱུ་ཆ་ཡོད་ཚད་ཐད་ཀར་འཕྲུལ་དེབ་ཏུ་བཅུག་ཆོག་ལ། སྐུད་མེད་དྲ་བར་སྦྲེལ་ནས་གློག་རྡུལ་དཔེ་དེབ་སྣ་ཚོགས་ཀྱང་བླུགས་ཆོག

 

   ༼ག༽ འདི་ནི་དཔེ་དེབ་ཅིག་སྟེ། འཕྲུལ་དེབ་ཀྱི་འཆར་ངོས་ནི་སྣག་ཤེལ་ལམE-INKཞེས་པའི་རྒྱུ་ལས་གྲུབ་རྐྱེན། རང་རེའི་བོད་ཀྱི་ཤོག་བུ་དང་གཉིས་སུ་མེད་པས་ཀློག་མཁན་གྱི་སྤྱན་ལ་མི་གནོད་པའི་ཁྱད་ཆོས་ལྡན་ནོ།།

༼ང༽འདི་ནི་གླེགས་བམ་ཞིག་སྟེ། ཁ་ཕྱེ་བ་ཙམ་གྱིས་གླེགས་ཐག་བཀྲོལ་ཞིང་། རེག་བྱ་ལ་བརྟེན་ནས་ཤོག་ལྷེ་སློག་ཆོག་པར་མ་ཟད། ཡིག་གཟུགས་དབུ་ཅན་དང་དབུ་མེད་གང་རུང་བདམས་ཆོག་ལ། འཁྱེར་བདེ་ཞིང་ཀློག་པོའི་ཡིད་ཀྱི་དང་བ་འདྲེན་པའི་ཁྱད་ཆོས་མངའོ། །

གསལ་དྭངས་བརྙན་ཤེལ་མིག་ལ་བདེ།

འཕྲུལ་དེབ་པོ་ཏི་འཁྱེར་ལ་བདེ།


སོར་བཅུའི་འདུ་འགོད་རྩེན་པའི་རྩོལ་བ་ཡིས།།

གསུང་རབ་རྒྱ་མཚོའི་ཀློང་ལས་ཆུ་ཐིགས་ཙམ།།

འཕྲུལ་དེབ་པོ་ཏིའི་གཟུགས་སུ་བསྡུས་པ་འདི།།

དཔྱོད་ལྡན་ཡིད་ཀྱི་གསོས་སུ་སྨིན་གྱུར་ཅིག།

ཞར་བཀོད།

བོད་ལྗོངས་ལམ་བཟང་ཚན་རྩལ་ཚད་ཡོད་ཀུང་སིའི་ས་གནས། ལྷ་ས་གྲོང་ཁྱེར་མཐུན་སྒྲིལ་གྲོང་གསར་ལམ་བཟང་སྐད་ཡིག་སློབ་གྲྭའི་ནང་ཁུལ།

ཁ་པར། 0891-6315853 13989901444 13989904838

སྦྲག་ཨང་། 850000

 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
mjbp བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41366440
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1