རྔ་བའི་འོད་འབར་རྟགས་ཅན་གྱི་བོད་ལྭ་རྒྱལ་སྤྱིའི་ཚད་ལྡན་བོད་ལྭའི་གྲས་སུ་ཚུད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 11 ཚེས 2 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དཔལ་འབྱོར།» ཐོན་རྫས་གསར་བ་འོས་སྦྱོར། »རྔ་བའི་འོད་འབར་རྟགས་ཅན་གྱི་བོད་ལྭ་རྒྱལ་སྤྱིའི་ཚད་ལྡན་བོད་ལྭའ
རྔ་བའི་འོད་འབར་རྟགས་ཅན་གྱི་བོད་ལྭ་རྒྱལ་སྤྱིའི་ཚད་ལྡན་བོད་ལྭའི་གྲས་སུ་ཚུད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/2/1ལྟ་ཀློག (41600)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གནམ་སྔོན་སྤྲིན་དཀར་ཚད་ཡོད་སྤྱི་གཉེར་ཁང་།

གནམ་སྔོན་སྤྲིན་དཀར་ཚད་ཡོད་སྤྱི་གཉེར་ཁང་སྒོ་འབྱེད་མཛད་སྒོར་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ཕེབས་པ།

ཐོག་མའི་གླེང་བརྗོད།

        ལོ་ངོ་སྟོང་ཕྲག་མང་པོའི་རིང་སྙིང་སྟོབས་དང་རྣམ་དཔྱོད་ཀྱིས་འཚོ་བའི་གངས་ཅན་བོད་པ་ཚང་ལ།  རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་མི་རྣམས་ཀྱིས་འདོད་པ་དང་རེ་བ་ཡོངས་སུ་སྐོང་ནུས་པའི་རིག་པའི་གཞུང་ལུགས་མང་པོ་ཡོད། དེ་ལས་ཀྱང་བཟོ་རིག་ལག་རྩལ་ནི་ཆེས་སྔ་བའི་རིག་གནས་ཤིག་དང་ཆེས་མཁོ་བའི་རིག་གནས་ཤིག་སྟེ།  ས་སྒང་གི་སྟེང་དུ་འགྲོ་བ་མིའི་རིགས་སྐྱེས་པ་ནས་གནས་པ། གནས་པ་ནས་འཇིག་པའི་བར་ནམ་ཡང་མེད་དུ་མི་རུང་བའི་འཚོ་ཐབས་ཤིག་ཡིན། སྤྲ་དང་སྤྲེའུ་འདྲ་བའི་གདོད་མའི་བོད་པ་ཚོས་རང་གི་རྣམ་རིག་གྲུང་པོ་དེས་གསར་གཏོད་བྱས་ཏེ་ཤིང་ལོ་དང་ཤིང་ཤུན་གྱོན་པ་ནས་བཟུང་རྡོ་ཆས་ཀྱི་ཡོ་བྱད་བཟོས་པ་སོགས་འཚོ་ཐབས་ཀྱིས་བཟོ་རིག་ལག་རྩལ་མང་པོ་གསར་གཏོད་དང་རྒྱུད་འཛིན་དར་སྤེལ་བྱས་ཏེ།དེང་གི་དུས་རབས་ཉེར་གཅིག་པའི་སྐབས་འདིར་སླེབས། རིག་གནས་ཀྱིས་འགྲན་རྩོད་བྱེད་པའི་དུས་རབས་འདིར། སྲོལ་རྒྱུན་གྱི་རིག་གནས་མེད་ན་གསར་བྱུང་གི་འཚོ་ཐབས་ལ་ལ་ནི་ཕན་པ་ལས་གནོད་པ་ཆེ་བ་མང་། ང་ཚོ་ཕ་ཤུལ་བུས་འཛིན་པའི་མི་རིགས་བཟང་བོ་ཞིག་ཡིན་ན།  རང་གི་ཕ་མེས་ཡང་མེས་ཚོས་བཞག་པའི་སྐད་དང་ཡི་གེ་གཙོར་བྱས་པའི་ཆོས་དང་རིག་གནས་ཡུལ་སྲོལ་གོམས་གཤིས་རྣམས་ངེས་པར་རྒྱུད་འཛིན་བྱེད་དགོས། མི་རིགས་སུ་ཡིན་ཡང་། རང་མི་རིགས་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཉམས་ན་གཞན་གྱིས་ཁྲེལ་བའི་གནས་ཁོ་ན་ཡིན།

     རྒྱུ་མཚན་འདི་དག་ལ་དམིགས་ནས་༼གནམ་སྔོན་སྤྲིན་དཀར་ཚད་ཡོད་སྤྱི་གཉེར་ཁང་༽གིས་སྤྱི་གཉེར་བ(董事长)་ཆུ་ཁ་གུ་རུ་ཞེས་པའི་ཨ་མདོའི་ཚོང་པ་ཞིག་གིས། རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་དང་མཁས་དབང་ཚུལ་ཁྲིམས་བློ་གྲོས། མཁན་ཆེན་བསོད་དར་རྒྱས། ལྡོང་ཡོན་ཏན་རྒྱ་མཚོ། དྷཱི·ཕུ་དཔལ་ལྡན་རྒྱ་མཚོ། འཇུ·སྐལ་བཟང་།གཙང་རིགས·སྐལ་བཟང་རྣམ་འདྲེན། ཨ་ཉི་སྐལ་བཀྲ། རིག་འཛིན་ཤེས་རབ་སོགས་རང་རེས་བོད་ཀྱི་མཁས་པ་ལྷག་བསམ་ཅན་བསྐོར་ཞིག་ལ་བཀའ་འདྲི་བྱས་ཏེ་དུས་རབས་ཉེར་གཅིག་པའི་གངས་ཅན་པ་ཚོའི་ཡིད་ལ་འཚམས་པའི་ཐོན་རྫས་གསར་བ་འོད་འབར་རྟགས་ཅན་དང་། གངས་རྒྱན་རྟགས་ཅན། རང་ཚུགས་རྟགས་ཅན།  འགྱུར་མེད་རྟགས་ཅན། བདེ་མཛེས་རྟགས་ཅན་སོགས་རྒྱུ་སྤུས་ཆེས་བཟང་བའི་བོད་ལྭ་འགའ་གསར་བཟོ་བྱས་ཏེ།བོད་མདོ་དབུས་ཁམས་གསུམ་གྱི་བོད་མི་ཚོའི་འདོད་བློ་སྐོང་གི་ཡོད། འདི་ནི་དུས་རབས་ཉེར་གཅིག་པའི་བོད་མི་ཚོས་དགོས་མཁོ་སྟེ། བོད་ཀྱི་རིག་གནས་གོམས་སྲོལ་བཟང་བོ་མེད་པ་གསར་སྐྲུན་དང་ཡོད་པ་རྒྱུད་འཛིན་བྱེད་ཆེད་ཡིན།

    དུས་རབས་ཉེར་གཅིག་པའི་མཁའ་དབྱིངས་སུ་རྒྱུ་བའི་སྐར་མ་འོད་ཆེན།  ཚོང་རའི་དཔལ་འབྱོར་གྱི་ཐོན་རྫས་ཁྲོད་ན་གཟི་འོད་འབར་བའི་ཡིད་བཞིན་ནོར་བུ།   འོད་འབར་རྟགས་ཅན་གྱི་བོད་ལྭ།  གྲོགས་པོ་རྣམ་པ། ཁྱེད་ཚོས་བོད་ལྭ་འདི་ཉོས་དང་བཀྲ་ཤིས་པའི་བྱིན་གཡང་འཁོར།  ཁྱེད་ཚོས་བོད་ལྭ་འདི་གྱོན་དང་མཛེས་སྡུག་གི་གཟི་འོད་འབར།  འོད་འབར་རྟགས་ཅན་གྱི་བོད་ལྭ།  འདི་ནི་ང་ཚོ་ཁ་བ་རི་བའི་སྲོལ་རྒྱུན་གྱི་གྱོན་གོས་ཡིན་ལ།  མ་འོངས་འཛམ་གླིང་སྤྱི་གོས་ལ་སྙེག་པའི་གནམ་སྔོན་སྤྲིན་དཀར་ཡང་ཡིན།

འོད་འབར་རྟགས་ཅན་གྱི་བོད་ལྭའི་གྲས་སུ་གངས་རྒྱན་རྟགས་ཅན་དང་རང་ཚུགས་རྟགས་ཅན།  འགྱུར་མེད་རྟགས་ཅན།  བདེ་མཛེས་རྟགས་ཅན་བཅས་ཡོད།

འོད་འབར་རྟགས་ཅན་གྱི་བོད་ལྭ་བཟོ་འགོད་གསལ་བཤད།

གནམ་སྔོན་སྤྲིན་དཀར་ཚད་ཡོད་སྤྱི་གཉེར་ཁང་གི་ཚོགས་བྱང་སྣ་ཚོགས།
( 会员卡)

གནམ་སྔོན་སྤྲིན་དཀར་ཚད་ཡོད་སྤྱི་གཉེར་ཁང་གི་ཚོང་རྟགས།

 འོད་འབར་རྟགས་ཅན་(1)གྱི་བྱུང་རིམ་རགས་ཙམ་བརྗོད་པ།

      འཛམ་གླིང་འོད་འབར་རྟགས་མའམ་གངས་རིའི་རང་ཚུགས་འགྱུར་མེད་བདེ་མཛེས་རྟགས་མ་འདི་ནི་མིའི་དབང་བོ་རྣམ་ལྔ་མཚོན་ཐུབ་པ་ལྟ་བུའི་ཚོང་རྟགས་གཞིར་བཞག་ལ་དམིགས་ཏེ། གངས་རིའི་རང་ཚུགས་འགྱུར་མེད་བདེ་མཛེས་རྟགས་ཅན་ཏེ་འོད་འབར་རྟགས་མ་འདི་བསྒྲུབས་པ་ཡིན་ཞིང་། འོད་འབར་རྟགས་མའམ་(དབང་བོ་རྣམ་ལྔ)གངས་རིའི་རང་ཚུགས་འགྱུར་མེད་བདེ་མཛེས་ཀྱི་རྟགས་དེ་ནི་དབང་བོ་རྣམ་ལྔའི་རྟགས་མ་གྲུབ་པ་ལྟ་བུར་ཕན་ཚུན་སྦྲེལ་ཞིང་། རྟགས་མ་རིགས་ལྔ་ཕྱོགས་གཅིག་ཏུ་བསྒྲིལ་ན་ད་གཟོད་འོད་འབར་ཞེས་པའི་རྟགས་འདི་བསྒྲུབ་ཐུབ་ལ། རྟགས་མ་དེ་དག་ནི་དབང་བོ་རྣམ་ལྔ་ལྟ་བུས་ཕན་ཚུན་གཅིག་ལ་གཅིག་འབྲེལ་དང་གཅིག་བརྟེན་གྱིས་བསྒྲུབས་པ་ཞིག་ཡིན་པས། གལ་སྲིད་འོད་འབར་རྟགས་མ་ལས་དེའི་ནང་གསེས་ཀྱི་རྟགས་ཤིག་མ་གནང་ཚེ། དེ་ནི་དབང་བོ་མ་ཚང་བ་ལྟ་བུའི་གནོད་སྐྱོན་ཆེན་པོ་འབྱུང་ངེས་ལ། འོད་འབར་གཞི་གྲུབ་ཀྱི་མ་ལག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོགས་ཧ་ཅང་འབུར་ཐོན་ཡོད།   དེ་བས་གངས་རིའི་རང་ཚུགས་འགྱུར་མེད་བདེ་མཛེས་རྟགས་ཏེ་འོད་འབར་རྟགས་མ་འདི་ཆེས་དམིགས་འབེན་དང་རྩ་དོན་གྱི་ཁྱད་ཆོས་གཙོ་བོ་ཞིག་ལ་འགངས་ནས་བསྒྲུབས་པ་ཤ་སྟག་ཡིན།

     འོད་འབར་རྟགས་མ་འདི་ནི་སྤྱི་ལོ་2011ནས་མགོ་བརྩམས་ཤིང་ད་ལོ་སྟེ་2015ཤིང་མོ་ལུག་གི་ལོར་གསར་དུ་བོད་ཁམས་ནས་ཆེས་དག་གཙང་དང་དམིགས་འབེན་ཁྲོད་ལེགས་འགྲུབ་བྱུང་བའི་རྟགས་མ་ཞིག་ཡིན། འདི་ནི་གངས་ལྗོངས་རྔ་གཡང་ཕྱུག་མོ་ནས་འཚར་ལོངས་བྱུང་བའི་ན་གཞོན་སྦྱིན་བདག་ཆུ་ཁ་གུ་རུ་ལགས་ཀྱིས་ཡུན་རིང་དཀའ་སྡུག་དང་རྔུལ་ཁྲག་ལས་གྲུབ་པའི་འོད་འབར་རྟགས་མ་ཡིན། འོད་འབར་ཚོང་རྟགས་(དབང་བོ་རྣམ་ལྔ)འདི་ཡང་སྙིང་ག་འདྲ་བྱས་ནས་གྲུབ་པ་རེད་ཅེ་ན། དེ་ཡང་"རིགས་ཀྱི་ངོ་བོ་སྐད་དང་ཡི་གེ་རེད། །རིགས་ཀྱི་མཚོན་བྱེད་རྒྱན་དང་ཆ་ལུགས་རེད། །   རིགས་ཀྱི་དོན་བཟང་སྲོལ་བཟང་རྒྱུད་འཛིན་རེད། །རིགས་ཀྱི་མགོ་རྣ་འཛིན་སྟངས་འདི་འདྲ་རེད། །" ཅེས་ཁོང་རང་ཉིད་ལ་སྡོམ་ཚིག་ཞིག་བཀོད་དེ།

དང་བོ།

      ཐོག་མར་ཡུལ་མཚོ་སྔོན་མགོ་ལོག་ས་ཁུལ་གྱི་སྙན་ངག་པ་ཆེན་མོ་འཇུ་སྐལ་བཟང་ལགས་ཀྱི་སྐུ་མདུན་དུ་བཅར་ཏེ། ཁོང་གིས་ཁ་སྔོན་གྱི་བྱ་གཞག་དང་འབྱུང་འགྱུར་གྱི་འཆར་འགོད་སོགས་མདོར་ན་སྔར་ཡོད་བོད་རང་གི་སྲོལ་རྒྱུན་བཟང་བོ་རྒྱུད་འཛིན་དང་དེང་རབས་ཀྱི་དཔལ་ཡོན་དར་སྤེལ་གྱི་ཕུགས་འདུན་ཐད་ནས་ཞིབ་ཏུ་ཞུས་ཤིང་། ད་དུང་མིག་སྔར་མི་རིགས་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་གྱོན་གོས་བཟོ་འདོད་པས་མཚོན་བྱེད་ཀྱི་རྟགས་ཤིག་ལ་རེ་འདུན་ཧ་ཅང་ཆེ་སོགས་ཡང་ཡང་ཞུས་མཐར"གངས་རྒྱན་"ཞེས་པའི་མཚན་རྟགས་འདི་གནང་གྲུབ་བྱུང་།

གཉིས་པ། 

     "རྒན་པར་བཀུར་བསྟི། །གཞོན་པར་གཅེས་སྐྱོང་། །སྲོལ་རྒྱུན་རྒྱུད་འཛིན། །དེང་རབས་དར་སྤེལ། །ཞེས་པ་ལྟ་བུའི་ཡ་རབས་གོམས་གཤིས་དང་སྨོན་འདུན་གཙང་མ་ཁོང་གི་སྙིང་ལ་འཆང་བཞིན། དེའང་ཁོང་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་མཁས་དབང་ཚུལ་ཁྲིམས་བློ་གྲོས་ལགས་ཀྱི་སྐུ་མདུན་དུ་བཅར་ནས། ཡུན་རིང་སེམས་སུ་ཉར་བའི་བྱ་བཞག་ལས་ད་ལྟའི་གངས་ལྗོངས་ཀྱི་གནས་བབས་འདི་དང་ཡང་ན་མ་འོངས་པའི་མདུན་ལམ་སོགས་ལ་ཁ་ཕྱོགས་ཏེ་"བོད་ཐུན་མོང་ལ་དབང་བའི"་ཁྱད་ཆོས་ལྡན་པའི་བོད་གོས་རྟགས་མ་ཅན་ཞིག་གསར་བཟོ་བྱེད་པའི་རེ་འདུན་ཆེན་པོ་སྙན་ཞུ་སྒྲོན་མཐར"རང་ཚུགས་"ཞེས་པའི་མཚན་རྟགས་འདི་གནང་གྲུབ་བྱུང་།

གསུམ་པ། 

    ལོ་ཟླའི་ངལ་དུབ་ཀྱི་གསེང་ནས་ཁོང་ལ་དཀའ་སྡུག་གི་ངོ་གདོང་ཇི་ལྟར་བཀྲུས་ཀྱང་ཁོང་གི་ཞུམ་མེད་ཀྱི་སྙིང་སྟོབས་མ་ཡལ་བར་དཔལ་ས་སྐྱའི་ཕྱོགས་ཀྱི་འཚེ་མེད་ཞི་བའི་དེད་དཔོན་ཆེན་མོ་མཁས་མཆོག་དམ་པ་དྷཱི་ཕུ་དཔལ་ལྡན་རྒྱ་མཚོ་ལགས་ཀྱི་སྐུ་མདུན་དུ་བཅར་ནས་སྦ་གསང་མེད་པར་ཁོང་གིས་བྱ་བའི་སྒྲུབ་སྟངས་རྣམས་ཞིབ་མོར་སྙན་གསེང་སྒྲོན་པ་དང་།"གལ་སྲིད་བདག་གི་འདོད་པ་བཞིན་དུ་བྱ་བ་དེ་རྣམས་ཡག་པོ་ཞིག་འགྲུབ་སོང་ཚེ། ངས་ད་ལྟའི་ཕ་ཡུལ་དང་ཕ་ཡུལ་ལྟ་བུའི་གྲས་སུ་ཁྱིམ་ཚང་འབྱོར་མེད་དང་། རྒན་པ་བདག་མེད། བྱིས་པ་དྭ་ཕྲུག་སོགས་ཧ་ཅང་ཉམ་ཐག་པའི་རིགས་འདི་དག་ལ་ངས་ཁ་མིན་དོན་གྱིས་གཉོར་སྐྱོང་དང་རོགས་རམ་བྱེད་རྒྱུའི་བསམ་པ་དང་སྨོན་ལམ་ཆེན་པོ་བདོག"ཅེས་སེམས་འདུན་གཙང་མ་བོ་དེ་ཡང་ཡང་སྙན་གསེང་སྒྲོན་མཐར"འགྱུར་མེད"ཅེས་པའི་མཚན་རྟགས་འདི་གནང་གྲུབ་བྱུང་།     

བཞི་བ།

     "བུ་བསམ་གཞིག་ཅན་ལ་བསམ་དོན་འཁོར"་ཞེས་པའི་དཔེ་བཞིན་ཁོང་གིས་ཡང་འགྱུར་མེད་ཀྱི་རེ་སྙེག་ཁྲོད་བོད་ཀྱི་སློབ་གསོ་བ་ཆེན་མོ་རྒན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གི་སྐུ་མདུན་དུ་བཅར་ནས་ཁོང་གིས་ད་ལྟར་བོད་རང་གི་སྲོལ་རྒྱུན་གྱི་བོད་ལྭ་བཟོ་སྟངས་ལ་དམིགས་ནས་ཆེད་དུ་བོད་ལྭ་གཙང་མ་ཞིག་བཟོ་འདོད་ཆེ་བས་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་རྟགས་མ་ཞིག་གི་འདུན་པ་ཡོད་ཚུལ་སོགས་ཧ་ཅང་ཞིབ་མོར་སྙན་གསེང་སྒྲོན་མཐར་"བདེ་མཛེས"ཞེས་པའི་མཚན་རྟགས་འདི་གནང་གྲུབ་བྱུང་།

ལྔ་བ། 

     "དཀའ་སྡུག་གི་ལས་མ་སྤྱད་ན། ཞིམ་པོ་ཡི་ཟས་མི་རེག" ཅེས་པའི་དཔེ་བཞིན་བརྒྱུད་རིམ་དེ་དག་བརྒྱུད་ནས་ཁོང་གིས་ཡང་ཆེད་དུ་རྭ་རྒྱ་སློབ་གླིང་དུ་དེང་དུས་བོད་ཀྱི་སློབ་གསོ་བ་ཆེན་མོ་རྒན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱི་སྐུ་མདུན་དུ་བཅར་ཏེ། ཁོང་གིས་སྔར་བསྒྲུབས་ཟིན་པའི་རྟགས་མ་དག་གི་ལོ་རྒྱུས་རྣམས་ཧ་ཅང་ཞིབ་མོར་བརྗོད་པ་དང་། རྟགས་དེ་རྣམས་ནི་མིའི་དབང་བོ་རྣམ་ལྔ་ལྟར་ཕན་ཚུན་གཅིག་བརྟེན་གཅིག་འབྲེལ་དུ་ཡོད་པས། ད་ལྟ་དེ་དག་གིས་ནང་གསེས་སུ་ཆེས་འབུར་ཐོན་པའི་རྟགས་ཤིག་གནང་ན་ཇི་འདྲ་ཡིན་ཚུལ་སོགས་ཧ་ཅང་ཞིབ་མོར་ཞུས་པའི་མཐར། རྟེན་འབྲེལ་གྱི་ཁ་གཡང་དང་བཅས་"འོད་འབར་"ཞེས་པའི་མཚན་རྟགས་འདི་གནང་གྲུབ་བྱུང་། དེ་དག་ལ་སོགས་ཁོང་གིས་ལོ་ཟླ་གང་མང་ཞིག་ལ་དཀའ་སྡུག་དང་རྔུལ་ཁྲག་ལས་གྲུབ་པའི་རེ་འབྲས་གསོན་པོ་ཞིག་འདི་ལྟར་བསྒྲུབས་པའི་བརྒྱུད་རིམ་དང་དགེ་མཚན་མང་བོར་དམིགས་ནས་ཆེད་དུ་བོད་རང་གི་སྲོལ་བཟང་གི་ལག་རྩལ་གཙོར་བྱས་ནས་སྔར་གོང་མ་ཆིན་ལིང་གི་མ་ཡུམ་གྱི་སྐུ་གདུང་སླར་གསོ་གནང་མཁན་བོད་ཀྱི་མགར་བ་ཆེན་མོ་འཇམ་དབྱངས་ལགས་དང་ཁོང་གི་བུ་བློ་བྷེ་རྣམ་གཉིས། དེ་མིན་བོད་ཁམས་ཀྱི་ལྷ་རིས་སྒྱུ་རྩལ་བ་ལེགས་སྨོན་སོགས་ཆེད་དུ་གདན་ཞུ་བྱས་ནས། རྡུལ་ཚོན་བྱེ་མ་ལས་བླུགས་པའི་འོད་འབར་རྟགས། རྡོ་བརྐོས་རི་མོ་ལས་བཟོས་པའི་འོད་འབར་རྟགས། གསེར་དངུལ་ལས་བརྡུངས་པའི་འོད་འབར་རྟགས། ཆུ་ཤེལ་ལས་གྲུབ་པའི་འོད་འབར་རྟགས་སོགས་སྔར་བཟོས་མ་མྱོང་ཞིང་བཟོ་མི་སྲིད་པའི་བི་ཤྭ་ཀརྨའི་ལག་རྩལ་ལྟ་བུ་སོགས་ཀྱི་རྩལ་ལ་བརྟེན་ཞིང་ཁོང་གིས་དཀའ་ངལ་བརྒྱ་ཕྲག་ལ་གདོང་གཏད་དེ་མཐར་གངས་རིའི་རང་ཚུགས་འགྱུར་མེད་བདེ་མཛེས་རྟགས་མ་སྟེ་འཛམ་གླིང་"འོད་འབར་"རྟགས་མ(་དབང་བོ་རྣམ་ལྔ)འདི་གསར་དུ་བསྒྲུབས་པ་ཡིན།

གནམ་སྔོན་སྤྲིན་དཀར་ཚད་ཡོད་སྤྱི་གཉེར་ཁང་།


སེམས་ཀྱི་གསལ་བཤད།

     གནམ་སྔོན་སྤྲིན་དཀར་ཚད་ཡོད་སྤྱི་གཉེར་ཁང་གི་འཛམ་གླིང་འོད་འབར་རྟགས་མ།སི་ཁྲོན་ཞིང་ཆེན་རྔ་གཡང་ཕྱུག་མོ་ནས་ལྷག་བསམ་གྱི་དྲོད་ཁོལ་བོད་ཡུལ་ལ་ཁྱབ་པའི་ན་གཞོན་སྦྱིན་བདག་ཆེན་མོ་ཆུ་ཁ་གུ་རུ་ལགས་ཀྱིས་སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོར་ཆེད་དུ་བོད་རང་གིས་གནའ་བོའི་བཟོ་རིག་ལག་རྩལ་ལ་བརྟེན་ནས་རྡུལ་ཚོན་བྱེ་མ་ལས་བྱུགས་པའི་འོད་འབར་རྟགས་ཅན་དང་། གསེར་དངུལ་ལས་མགར་བའི་འོད་འབར་རྟགས་ཅན། རྡོ་བརྐོས་རི་མོ་འོད་འབར་རྟགས་ཅན། ཆུ་ཤེལ་ལས་གྲུབ་པའི་འོད་འབར་རྟགས་ཅན་སོགས་སྔར་བྱུང་མ་མྱོང་བའི་འཛམ་གླིང་འོད་འབར་རྟགས་མ་འདི་གསར་དུ་བཟོས་བ་ཡིན།  དཀའ་སྡུག་ཀྱག་ཀྱོག་གི་ལམ་བུ་མང་བའི་རླབས་ཆེན་བྱ་བཞག་འདིའི་བརྒྱུད་རིམ་ཁྲོད་ནས་ཁོའི་རྔུལ་ཆུའི་ཐིགས་ཕྲེང་གི་གྲངས་ཀ་བསགས་ཏེ།  མྱི་ཁ་དང་ཕྲག་དོག་གི་འབོད་ཚིག་ཐོག་ལྟར་བབས་ཀྱང་། ཞུམ་མེད་ཀྱི་སྙིང་སྟོབས་མ་ཡལ་བར། མི་ཚེའི་རིན་ཐང་མི་རིགས་ལ་འབུལ་བའི་ལྷག་བསམ་གྱིས་འགྱུར་བ་མེད་པའི་དམ་བཅའ་དེ་ནམ་ཡང་ལྷོད་མ་མྱོང་བར་མདུན་ནས་མདུན་དུ་བསྐྱོད།  མཆོག་གསུམ་གྱི་མཐུ་བྱིན་ལ་བཅོལ་བའི་ཡུན་རིང་སྨོན་ལམ་དང་རེ་བའི་འབྲས་བུ་དཀའ་སྡུག་འབད་བརྩོན་གྱི་ཁྲོད་ནས་ད་ལོ་སྟེ་༢༠༡༥ལོར་རྒྱལ་ཁ་དང་གཟི་བརྗིད་ངང་ལེགས་འགྲུབ་བྱུང་།  འཛམ་གླིང་འོད་འབར་རྟགས་མ།  འདི་ནི་སེམས་ཀྱི་སྨོན་པ་ཡིན་ལ། རེ་བའི་འབྲས་བུའང་ཡིན། ཨེ་མ།  ལྷག་བསམ་དང་སྙིང་སྟོབས་ཀྱི་ཤུགས་ལས།  རེ་སྨོན་དང་ཤིས་ཚིག་གི་ཀློང་ནས།  གངས་ལྗོངས་འོད་འབར་རྟགས་མ་དེ་འཛམ་གླིང་གི་སྤྱི་གཙུག་ནས་གཟི་བརྗིད་ཀྱིས་འཚེར་བྱུང་།  འཛམ་གླིང་འོད་འབར་རྟགས་ཅན་གྱི་བོད་ལྭ།༼དུས་རབས་ཉེར་གཅིག་པའི་མཁའ་དབྱིངས་ན་རྒྱུ་བའི་སྐར་མ་འོད་ཆེན།  ཚོང་རའི་དཔལ་འབྱོར་གྱི་ཐོན་རྫས་ཁྲོད་ན་གཟི་འོད་འབར་བའི་ཡིད་བཞིན་ནོར་བུ།༽འོད་འབར་རྟགས་ཅན་གྱི་བོད་ལྭ།འདི་ནི་ང་ཚོ་ཁ་བ་རི་བའི་སྲོལ་རྒྱུན་གྱི་གྱོན་གོས་ཡིན་ལ་མ་འོངས་འཛམ་གླིང་སྤྱི་གོས་ལ་སྙེགས་པའི་གནམ་སྔོན་སྤྲིན་དཀར་ཡང་ཡིན། འོད་འབར་རྟགས་ཅན་གྱི་བོད་ལྭ།བོད་པ་ཚོ༽ང་ཚོས་བོད་ལྭ་འདི་གྱོན་དང་བོད་པ་ཡི་བླ་སྲོག་འདི་ན་གསོན།  ང་ཚོས་བོད་ལྭ་འདི་གྱོན་དང་བོད་པ་ཡི་རང་མདངས་འདི་ན་མངོན།ང་ཚོས་བོད་ལྭ་འདི་གྱོན་དང་བོད་པ་ཡི་ངོ་སོ་འདི་ན་བསྟོད།

མཇུག་གཏམ།

     འཛམ་བུའི་གཙུག་ཏུ་འཁྲས་བཅས་བོད་པ་ཚང་གི་ལོ་རབས་ཁྲི་ཕྲག་དུ་མའི་ལོ་རྒྱུས་དང་། འབུར་དུ་ཐོན་པའི་མི་རིགས་རང་གི་ཁྱད་ཆོས་རྣམས་རང་ནོར་རང་གཅེས་ཀྱི་སྒོ་ནས་འཛིན་སྐྱོང་ཐུབ་མིན་དེ་དུས་རབས་ཉེར་གཅིག་པའི་བོད་མི་རྣམས་ལ་རག་ལས་ཡོད། ཆེས་འགྱུར་ལྡོག་ཆེ་བའི་དེང་གི་དུས་འདིར་མི་རིགས་ཀྱི་དཔལ་ཡོན་ཁག་དར་བ་དང་རྒུད་པ། འཕེལ་བ་དང་འགྲིབ་པ། སྟོངས་པ་དང་གནས་པ། འདྲེས་པ་དང་ངོ་བོ་འགྱུར་བ་སོགས་འགྱུར་བ་མང་བའི་རྦ་རླབས་ཀྱི་ཁྲོད། གཙིགས་ཆེ་བའི་རིག་གཞུང་ཁག་རང་ནོར་རང་ཤེས་དང་རང་ལུགས་རང་སྐྱོང་བྱེད་རྒྱུ་ནི་གནམ་འོག་མི་རིགས་ཚང་མའི་ཕྲག་ཏུ་བབས་པའི་འོས་འགན་རེད། དེ་བཞིན་རང་ཅག་བོད་རིགས་ཚོ་ཡང་ཟ་དགའ་གུས་འཚེར་དང་ཤེས་མེད་རྗེས་ལུས་ཀྱི་རྣམ་པ་ཅན་མ་ཡིན་པར་དུས་རབས་ཉེར་གཅིག་པའི་འཛམ་གླིང་ལ་ཁ་ཕྱོགས་ཏེ་མེས་པོའི་སྲོལ་རྒྱུན་མི་རབས་ནས་མི་རབས་བར་ཐོག་མར་དར་བ་དང་། བར་དུ་གནས་པ། ད་ལྟར་མུ་མཐུད་འགྲོ་བཞིན་པའི་སྐབས་འདིར་དུས་རབས་འདིའི་བོད་མི་རྣམས་རང་ལུགས་རང་འཛིན་གྱི་ལྟ་བ་དེ་སྔར་ལས་ལྷག་པའི་རྣམ་དཔྱོད་དང་མཐོང་རྒྱ། སྤུན་ཟླའི་མི་རིགས་གཞན་དང་དོ་ཟླར་ཐུབ་པའི་ཕོད་པ་རྣམ་གསུམ་ལག་ཏུ་ལེན་ནས། གཅིག་ན་མེས་པོ་དམ་པའི་ཕ་ནོར་བུས་འཛིན་དང་། གཉིས་ན་འཛམ་གླིང་ཁྱིམ་ཚང་གཅིག་པའི་སྤུན་ཟླའི་མི་རིགས་དང་ལྷན་དུ་འགྲོ་ཐུབ་པ། གསུམ་ན་གསར་གཏོད་ཀྱི་སྙིང་སྟོབས་དང་འཕེལ་རྒྱས་ཀྱི་ལྟ་བ། བཞི་ན་རང་གི་རྣམ་དཔྱོད་དང་ལག་ལེན་གཉིས་ལ་བརྟེན་ནས་འཛམ་གླིང་དཔལ་འབྱོར་ཁྲོམ་རའི་གར་སྟེགས་ཐོག་སླེབས་པའི་དམིགས་འབེན་བཅས་ཀྱི་སྒོ་ནས་རྨོངས་པའི་གཏི་མུག་སད་ཅིང་རྣམ་དཔྱོད་ཀྱི་ལྡེ་མིག་འཛིན་ནས་སྲོལ་རྒྱུན་དང་གསར་དར་གཉིས་ཟུང་དུ་འབྲེལ་བ། ཆེས་ཚན་རིག་གསར་དར་གྱི་རིག་པ་ཞིག་མིན་ཀྱང་ལོ་རབས་སྟོང་གི་སྲོལ་རྒྱུན་རིན་ཐང་ལྡན་པའི་དཔལ་ཡོན་སྤྱི་དང་། ཁྱད་པར་དུ་ཉིན་རེའི་འཚོ་བ་དང་འབྲེལ་བའི་ཟས་གོས་གཉིས་ཀྱི་རིག་གནས་དེ་དག་ཁ་འབྲལ་ཐབས་མེད་པ་ཞིག་ཡིན། དེ་ཡང་རང་ཅག་བོད་ཀྱི་ཉིན་རེའི་འཚོ་བའི་ནང་མེད་དུ་མི་རུང་བའི་རིག་གཞུང་ཁག་གཅིག་འཛམ་གླིང་སྤྱི་འགྲོས་དང་མཚུངས་པའི་ཡར་རྒྱས་དང་གསར་གཏོད། བཟོ་སྐྲུན་དང་ཁྱབ་སྤེལ་དགོས་པའི་དུས་འདིར། མེ་ཏོག་ཆུང་ཡང་ལྷ་རྫས། མིའུ་ཆུང་ཡང་རིགས་སྲས། ཞེས་པའི་དཔེ་ལྟར་ད་ལན་མདོ་སྨད་རྔ་ལྗོངས་ཕྱུག་མོའི་ཡུལ་ནས་བྱུང་བའི་“གནམ་སྔོན་སྤྲིན་དཀར་ཚད་ཡོད་སྤྱི་གཉེར་ཁང་”གི་སྤྱི་ཁྱབ་འགན་འཛིན་པ་ཆུ་ཁ་གུ་རུ་ཞེས་པའི་ན་གཞོན་ཞིག་གིས་གཙོ་བོ་རང་གི་རྣམ་དཔྱོད་དང་ཕུགས་བསམ་ལ་བརྟེན་ནས། “ཤེས་རང་ལ་ཡོད་ན་བློ་མི་ལ་དྲིས།”ཞེས་པའི་དཔེ་ལྟར་མདོ་དབུས་ཁམས་གསུམ་གྱི་ཤེས་ལྡན་མི་སྣ་དུ་མར་བཀའ་འདྲི་ཞུས་ཏེ་བོད་ཀྱི་གྱོན་ཆས་ཐོན་རྫས་གསར་བ་འོད་འབར་རྟགས་ཅན་དང་། གངས་རྒྱན་རྟགས་ཅན། རང་ཚུགས་རྟགས་ཅན། འགྱུར་མེད་རྟགས་ཅན། བདེ་མཛེས་རྟགས་ཅན་སོགས་རྒྱུ་སྤུས་བཟང་བའི་བོད་ཀྱི་གྱོན་ཆས་ཁག་ཅིག་གསར་བཟོ་བྱས་ཏེ་འཛམ་གླིང་ཁྲོམ་རར་འགྲེམས་སྤེལ་བྱེད་པའི་ལས་ཀ་དེ་བོད་ཀྱི་ཐོན་རྫས་ཤིག་འཛམ་བུ་གླིང་དུ་སྐྱོད་པའི་འོད་སྣང་གི་ལེའུ་གསར་པ་ཞིག་ཡིན་པས་སྤྱིར་འཛམ་གླིང་གི་མི་རིགས་ཁག་དང་། ཁྱད་པར་དུ་རྒྱལ་ཕྱི་ནང་དང་མདོ་དབུས་ཁམས་གསུམ་ན་བཞུགས་པའི་བོད་རིགས་རྣམས་ཀྱི་འདོད་བློ་བསྐང་ཐུབ་པའི་བོད་མིའི་ཁྱད་ནོར་ཞིག་ཏུ་བསྔགས་པས་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ཀྱིས་ཀྱང་རང་གིས་སྤྱོད་པ་དང་གཞན་ལ་བསྐུལ་བ། ཚང་མས་ཁོང་ཚོའི་བསམ་དོན་ལྟར་ལེགས་གྲུབ་ཡོང་བར་ལྷག་བསམ་དུང་ལྟར་དཀར་བའི་རྒྱབ་སྐྱོར་གྱིས་སྣེ་དྲངས་ཏེ་རང་གཞན་ཚང་མར་ཞི་བདེ་བག་ཕེབས་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་ཤིས་སྨོན་གྱིས་མཚམས་སྦྱར་བའོ།།

ཏི་པོམ་ཐང་གསུམ་པང་ནས་སྐུ་འཁྲུངས་པའི།།

མདོ་དབུས་ཁམས་གསུམ་སྤུ་རྒྱལ་བོད་ཀྱི་རིགས།།

མ་གནམ་ཁྲི་གསུམ་དབུས་ནས་ལེགས་ཐོན་པའི།།

འོད་འབར་རྟགས་གསུམ་གྱོན་ཆས་འདི་ཀོ་རྨད།།


སོར་མོའི་འདུ་བྱེད་ལས་གྲུབ་འོད་སྣང་འདིས།།

ཡུན་གྱིས་རྨོངས་པའི་སྒྱུ་རྩལ་སྒོ་ཕྱེས་ཏེ།།

གོ་ལ་ཧྲིལ་པོའི་དཔལ་འབྱོར་ཁྲོམ་རའི་གླིང་།།

རྩམ་གཟན་བོད་ཀྱི་ལྭ་བའི་སྐུ་མགྲོན་ཕེབས།།


འོད་འབར་རྟགས་ཅན་ཀུན་གྱིས་མགྲོན་དུ་བསུ།།

རིག་དགའ་མཐོང་སྐྱིད་གྱོན་ཆས་གསར་པའི་རིགས།།

ཁྱོད་ཀྱིས་ལེགས་བསྐྲུན་འཛམ་གླིང་ཕན་བདེ་སྒྲུབས།།

ཀུན་ཕན་སྲི་ཞུར་ཐ་ཚན་མུ་ཙུག་སྨར།།

 བོན་གྱི་དགེ་མིང་པ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་༢༠༡༥ ལོའི་ཟླ་བ་གསུམ་པའི་ཚེས་ཉེར་གཉིས་ཉིན་རྒྱ་ནག་ཁྲི་འདུ་སྤོས་ངད་གྲོང་དུ་སྦྱར་བའོ།།


གནམ་སྔོན་སྤྲིན་དཀར་ཚད་ཡོད་སྤྱི་གཉེར་ཁང་།

ཁྲིན་ཏུའུ་གསེར་ལྗོངས་གྱོན་ཆས་ཚད་ཡོད་སྤྱི་གཉེར་ཁང་།

ཚོང་འབྲེལ་ཁ་པར།

0837-2495444

0836-8527555

13778472555

15309047666

15082300777

13795795555


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
41t8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
45724156
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1