གལ་ཏེ་ངོ་མཚར་ཅན་ཞིག་མ་ཡིན་ན། ངོ་མཚར་ཅན་ཞིག་ཏུ་བསྒྱུར། བསྒྱུར་རྩོམ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 21 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »གལ་ཏེ་ངོ་མཚར་ཅན་ཞིག་མ་ཡིན་ན། ངོ་མཚར་ཅན་ཞིག་ཏུ་བསྒྱུར། བསྒྱུར
གལ་ཏེ་ངོ་མཚར་ཅན་ཞིག་མ་ཡིན་ན། ངོ་མཚར་ཅན་ཞིག་ཏུ་བསྒྱུར། བསྒྱུར་རྩོམ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/3/28ལྟ་ཀློག (2396)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༼གལ་ཏེ་ངོ་མཚར་ཅན་ཞིག་མ་ཡིན་ན། ངོ་མཚར་ཅན་ཞིག་ཏུ་བསྒྱུར།༽


ཨོ་ཏཱ་ལིས་མཁས་པ་ལིས་ཁི་ཧོའོ་ཀྲིས་བརྩམས་ཤིང་ཐུབ་གཞོན་གྱིས་བསྒྱུར།

    ང་ལ་you  tube@སྟེང་ན་ཆེས་དགའ་བསུ་ཐོབ་པའི་བརྙན་ཟློས་ཤིག་ཡོད། དེ་ནི་ངས་སྐབས་ཤིག་ལ་ཤུད་འཁོར་རྩེ་བ། རྦ་རླབས་ལ་རྩེ་བ།  གླུ་དབྱངས་ལ་ཉན་པ། ཀོའོ་ཧྥུར་སྤོ་ལོ་རྩེ་བ།  ས་ལ་འགྱེལ་བ་དང་། གོག་ནས་ཡར་ལ་ལངས་པ།  དམངས་ཚོགས་དང་བགྲོ་བྱེད་པ།  དེ་ལས་ཀྱང་མི་མང་བོ་ཞིག་གི་བརྩེ་བའི་དམ་འཁྱུད་སོགས་ཀྱི་བརྙན་རིས་མང་བོ་ཡོད་པ་དེ་རེད།
     རྒྱུན་པར་བཤད་ཡོང་བ་ནི།   འདི་དག་ནི་ཆེས་སྤྱིར་བཏང་བ་ཞིག་དང་ཕལ་བའི་མི་ཞིག་གིས་བསྒྲུབ་ཐུབ་པའི་རྒྱུན་ལྡན་གྱི་བྱ་བ་ཞིག་མ་ཡིན་ནམ་ཞེས་དྲི་བ་འདོན་གྱི་ཡོད།  ཡིན་ཡང་ཁྱོད་ཀྱིས་མནོ་བསམ་ཞིག་ཐོངས་དང་།ཅི་ཞིག་ལ་མི་ཚོགས་ཁྲི་ཁྲི་འབུམ་འབུམ་འདི་ལྟ་བུའི་བརྙན་ཟློས་ཐུང་ཐུང་ཞིག་ལ་བལྟས་ནས་ཅིའི་ཕྱིར་ལུས་ངག་ཡིད་སེམས་དྲངས་སོང་ཡིན་ནམ་སྙམ་ན།
བདག་གིས་འདི་ལྟར་འདོད་དེ་ཚང་མའི་གཟིགས་འདོད་པ་ནི།  ལུས་ཁམས་ཀྱི་སྟེང་ན་ཕྱི་རིམ་ནང་རིམ་གྱི་ཚོད་འཛིན་མང་བོ་ཞིག་གི་གཏམས་ཡོད་པའི་རྐྱེན་གྱིས་རེད།  ཡིན་ཡང་ང་ཡི་འཚོ་བ་ལ་འདི་འདྲའི་ཚོད་འཛིན་དང་བཀག་སྡོམ་གྱིས་ཡེ་ནས་བཟུང་མེད་པས་དེ་ལྟར་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་བའི་རེད།  མིའི་རིགས་ཀྱིས་ནམ་ཡང་འདི་ལྟར་འདོད་དེ།  ལུས་ཕུང་ལ་ཚད་བརྒལ་གྱི་གྱོང་གུད་ཐེབས་པའི་མི་ཞིག་ལ་མཚོན་ན་འཇིག་རྟེན་དུ་གསོན་པར་སྙིང་བོ་མེད་པར་འདོད་པ་མ་ཟད། ཐ་ན་ཁོང་ཁྲོ་ཟ་སླ་བ་དཔའ་ཞུམ་ཞིང་གོམས་བཤོལ་ཅན་ཞིག་ཡིན་པར་འདོད། དེའི་སྟབས་ཀྱིས་ཚང་མས་ངའི་བློ་ཡུལ་ལས་དཔོག་དཀའ་བའི་འཚོ་བ་ཞིག་ལ་ལོངས་སུ་སྤྱོད་བཞིན་པ་མཐོང་དུས།  ཡིད་ལ་གཡོལ་དཀའ་ཞིང་བསམ་ཡུལ་འདས་པ་ཞིག་ནི་བདག་ཉིད་མི་ལ་ཧང་སང་བ་དང་ཧ་ལས་སུ་འཇུག་པར་སྤྲོ་སྣང་ཆེན་པོ་ཡོད།
ང་ཡི་བརྙན་ཟློས་འདི་དག་ལ་སྐད་འཇོག་རྒྱུན་པར་བརྒྱ་ཕྲག་ལས་བརྒལ་བ་ཞིག་ཡོད།
དཔེར་མཚོན་ཅིག་ན་བཀོད་ན་་་་་་་་་་་ཁོ་ལྟ་བུ་ཞིག་ཀྱང་འཚོ་བ་ལ་འདི་འདྲའི་སྤྲོ་སྣང་ཕུན་སུམ་ཚོགས་པའི་བརྟས་ཡོད།
ངས་རང་ཉིད་ལ་མཚམས་མ་ཆད་པར་བློ་དོགས་ནས་བདག་ཉིད་མི་སྐྱིད་པ་ཅི་ཞིག་ཡོད།
བདག་གིས་ཅི་ཞིག་ལ་རང་ཉིད་ལ་ཡིད་དབང་འཕྲོག་ཤུགས་མེད་པ་དང་བྲོད་པོ་ཅན་ཞིག་མིན་པར་འདོད་དགོས་སྙམ།
ཡན་ལག་བཞི་ལྡན་མིན་པའི་ཕོ་གསར་འདིས་འཚོ་བ་ཇི་འདྲའི་དགའ་མགུ་ལྡན་པ་ཞིག།།
ཡིན་ཡང་བདག་གི་ཀླད་པའི་ནང་སྙིང་བོ་མེད་པ་དེ་དག་ལ་བསམ་བློ་འཁོར་གྱིན་གདའ།

བདག་ནམ་ཡང་དྲི་བ་འདི་ཡི་འོག་ནས་འབུད་ཐབས་བྲལ:“ལིས་ཁི་ཁྱོད་འདི་འདྲའི་སྐྱིད་དོན་གང་ཡིན”
ཁྱོས་འཐབ་རྩོད་ཅིག་ལ་གདོང་ལེན་བྱེད་ཀི་ཡོད་པར་ངེས་ཏན་མེད་དེའི་རྐྱེན་གྱིས་སྔོན་ལ་ངས་ཁྱེད་ཀྱི་དྲི་བར་ལན་བཏབ་ཆོག།
རྒྱུ་རྐྱེན་ནི་ངས་ང་ལ་འདི་འདྲའི་སྤྲོ་སྣང་གི་ཕྱུག་ཡོད་པར་རྒྱུས་ལོན་འདི་འདྲ་བྱེད་ཞིག་བཞིན་མཆིས།དོན་དངོས་སུ་བཤད་ན་བདག་ཉིད་རྦད་དེ་མཚར་སྡུག་གིས་སྤྲས་པ་མིན་ཤས་ཆེ།
འོན་ཀྱང་བདག་ནི་མཚར་སྡུག་གི་རྫོགས་པའི་ལིས་ཁི•ཝོས་ཀྲི!ང་ནི་སྐྱབས་མགོན་ཁོང་གིས་ཐུགས་དགོངས་ལྟར་ཐུན་མོང་མ་ཡིན་པའི་འཆར་གཞི་ཡོད་ཚད་བདག་སྟེང་དུ་བཀོད་ཞིང་གསར་གཏོད་བྱས་པ་ཅིག་ཡིན།
ལོས་ཡིན་་་་་་་་་་་་་་་་་་་་་་་་་་་་་་་ འདིས་བདག་གི་ཡོད་ཚད་ལ་བསྒྱུར་བཅོས་དང་འདུ་ཤེས་ཡར་བསྐྱེད་མི་ཐུབ་པ་ག་ནས་མཚོན།
བདག་ཉིད་ཀྱིས་ནམ་རྒྱུན་བརྩོན་ཤུགས་དྲག་པོ་བསྐྱེད་ནས་རང་ཉིད་ཆེས་ཕུལ་དུ་བྱུང་བ་ཞིག་ལ་གོམ་ཁ་འདེག་གི་ཡོད།
འདི་ལྟར་ལམ་ན་ཆས་ན་ད་བཟོད་གཏིང་ནས་སྐྱབས་མགོན་དང་འཇིག་རྟེན་ལ་ཞབས་ཞུ་བྱེད་ཐུབ།

བདག་གི་ཚེ་སྲོག་ལ་ཚོད་འཛིན་མེད་པར་བློ་གདེང་ངེས་ཅན་ཞིག་ཡོད།
ཁྱོད་ཀྱིས་ཅི་ཞིག་ལ་འཐབ་རྩོད་བྱེད་ཀྱི་ཡོད་པ་གླེང་གཞི་གཙོ་བོ་མ་ཡིན་པར་ཁྱེད་ཀྱི་མི་ཚེ་ལའང་ཚོད་འཛིན་མེད་པར་རེ་བ་འཇོག་དགོས་པ་དེ་ཡིན།
ང་ཚོ་མཉམ་དུ་གྲུ་གཟིངས་གཅིག་ཏུ་འཁེལ་ནས་འགྲུལ་བཞུད་རྩོམ་པའི་དུས་སུ།སྐུ་ཉིད་ཀྱིས་ཐོག་མར་རང་གི་མི་ཚེ་ཡི་དོན་དུ་བསམ་གཞིག་ཅིག་གནང་དགོས།
ཡང་མིན་ན་མི་གཞན་ཞིག་གི་མི་ཚེ་ཡིས་ཁྱོད་ཀྱི་མི་ཚེ་ལ་ཚོད་འཛིན་ལྷག་མ་སྤེལ་གྱིན་ཡོད་ཤས་ཆེ།
དུས་ད་ལྟ་བསམ་གཞིག་རེ་གནང་ཚེ།
གལ་ཏེ་ཚོད་འཛིན་དེ་དག་མེད་སྲིད་ན་ང་ཚོས་ཅི་ཞིག་བྱེད་སྲིད།
གལ་ཏེ་བྱ་བ་ཡོད་ཚད་བློས་ཡུལ་དུ་ཤོང་ཐུབ་པ་ཞིག་ཡིན་ཚེ་ཁྱེད་ཀྱི་མི་ཚེ་ནི་ཇི་ལྟ་བུ་ཞིག་ཡིན་ནམ།

ཕྱི་ནས་བལྟས་ན་བདག་ནི་ནམ་ཡང་ནུས་མེད་ཅིག།།
དོན་དངོས་སུ་ང་ལ་ཡན་ལག་དག་མེད་པའི་སྟབས་ཀྱིས་ཡོད་ཚད་ལོངས་སྤྱོད་ཀྱི་ནུས་པ་ཡོད།
བདག་ཉིད་ཀྱི་ཐུན་མོང་མ་ཡིན་པའི་འཐབ་རྩོད་ཀྱིས་བདག་གི་ཆེད་དུ་གཅིག་ལས་གཉིས་མེད་ཀྱི་གོ་སྐབས་ཞིག་གི་སྒོ་ཆེན་ཡངས་པོར་ཕྱེ་ནས་རང་ཉིད་ལ་ཆེས་མཁོ་བའི་མི་སྣ་མང་བོ་ཞིག་ལ་འདྲིས་གོམས་འཇོག་ཏུ་བཅུག།།དེའི་སྟབས་ཀྱིས་ཁྱོད་ཀྱིས་ཀྱང་མནོ་བསམ་ནན་མོ་ཐོངས་ནས་ཁྱོད་ཀྱི་དོན་ངོ་མར་ཅི་ཞིག་བསྒྲུབ་ཐུབ་བམ།ང་ཚོ་རང་ཉིད་ལ་ཡིད་རྟོན་གྱི་འདུ་ཤེས་དམན་དྲག་ཅིང་ཡིད་དབང་འཕྲོག་ཤུགས་ཉམས་པ།རྣམ་དཔྱོད་ཀྱི་བློ་གྲོས་མེད་པར་འདོད་ནས་དེ་དང་སྒོ་བསྟུན་ཕུགས་བསམ་མངོན་འགྱུར་བྱེད་མ་ཐུབ།གཞན་གྱིས་ཅི་ཞིག་བཤད་པར་ང་ཚོ་ཡིད་ཆེས་པ་ཐལ་དྲག་པའི་དབང་གིས་སམ་ཡང་ན་རང་ཉིད་ལ་ཚོད་འཛིན་འདུ་ཤེས་མཐོ་དྲག་སོང་བས་ཡིན།དེ་ལས་ཀྱང་ཚབས་ཆེ་བ་ནི་ཁྱོད་ཀྱིས་རང་ཉིད་ལ་རིན་ཐང་སྐར་མ་གང་ཡང་མེད་པར་འདོད་པའི་དུས་སུ་སྐྱབས་མགོན་གྱིས་ཁྱོད་ཀྱི་བྱ་བ་ལ་བཀག་སྡོམ་གྱི་མཚམས་ཐིག་བཞག་ཟིན་པ་ཡིན།
ཁྱོད་ཀྱིས་ཕུགས་བསམ་གློད་དུས་སྐྱབས་མགོན་ཁོང་ཉིད་སྒྲོམ་དུ་ཆུག།།ཁྱོད་ཁོ་བོས་བཟོས་པའི་དངོས་བོ་ཡིན་པས་ཁྱོད་བཟོ་བ་ལ་དམིགས་ཡུལ་ཡོད་པ་གདོན་མི་ཟ།
དེ་ཡི་སྟོབས་ཀྱིས་ཁྱེད་ཀྱི་མི་ཚེ་ལ་ཚོད་འཛིན་བྱུང་ན་ཡེ་ནས་འགྲིག་པ་མིན་དཔེར་ན་ལྷ་ཡི་བརྩེ་བ་ལ་ཚད་དང་ཚོད་འཛིན་མེད་པ་བཞིན་ནོ།

ང་ལ་ང་ཡི་གདམ་གསེས།ཁྱོད་ལ་ཁྱོད་ཀྱི་གདམ་གསེས།ནམ་ཡང་བརྗེད་ཐབས་བྲལ་བའི་ཞེན་ཆ་དང་མི་ལ་རེ་ཐག་ཆད་དུ་འཇུག་པ་དག་དང་ང་ཚོ་སུ་ཡིན་རུང་གདམ་གསེས་ཡོད་ལ།
ཡང་སྐ་བ་དང་ཁོང་ཁྲོ་འབར་བ་ཡིད་སེམས་སྐྱོ་བ་སོགས་ཀྱི་གདམ་གསེས་ཀྱང་ཡོད།ཡང་ན་དཀའ་སྡུག་གདོང་གཏད་ཕྲག་འཁུར་བྱེད་པའི་སྐབས་དེར་ང་ཚོ་ལ་དམའ་འབེབ་དང་སྡིག་སྨྲེ་ཡི་ཀུ་ཅོ་འདོན་པ་
དག་ལས་ཉམས་མྱོང་གི་སློབ་སྦྱོང་བྱས་ནས་མུ་མཐུད་དུ་མདུན་བསྐྱོད་བྱས་ཏེ་རང་ཉིད་ཀྱི་བདེེ་སྐྱིད་ལ་འགན་ལེན་བྱེད་དགོས།
སྐྱབས་མགོན་གྱི་བུ་ཕྲུག་ཅིག་ཡིན་ན་རིན་ཐང་ལྡན་པ་ཞིག་དང་མཛེས་སྡུག་ལྡན་པ་ཞིག་ཡིན་པར་ངེས་པ་མེད་པ་གཏན་ནས་མིན།
འཇིག་རྟེན་སྟེང་གི་རིན་པོ་ཆེ་མུ་ཏིག་ཡོད་དོ་ཅོག་དང་བསྡུར་ན་དེ་ལས་ལྡབ་འགྱུར་གྱི་རིན་ཐང་ཡོད།
ཁྱོད་དང་ང་ཚང་མར་བགོ་སྐལ་དུ་ཐོབ་ཡོད་པའི་བཟོ་ལྟ་ཕུན་སུམ་ཚོགས་པའི་སྤྲས་ཡོད།
ཡིན་ཡང་ཆེས་ཕུལ་དུ་བྱུང་བའི་མི་ཞིག་ཏུ་འགྱུར་བར་ང་ཚོས་བརྩོན་པ་ཡི་ཆུ་རྒྱུན་མཚམས་མི་ཆད་པར་འབད་འབུངས་བྱེད་དགོས་ཡོད་ལ།
མུ་མཐའ་མེད་པའི་རང་ཉིད་ཀྱི་འཇིག་རྟེན་ཞིག་དང་ཁ་ཐག་རིང་བའི་ཕུགས་བསམ་ཞིག་ཅིང་གཡར་དགོས།
འདི་ལྟ་བུའི་མི་ཚེ་ཡི་ལམ་ཁ་ནས་བཟོ་བཅོས་དང་བསྐྱར་གསོ་བྱེད་དགོས་ས་མང་བོ་ཞིག་ཡོད་ངེས།
གང་ལྟར་མི་ཚེ་ནི་མེ་ཏོག་བཞིན་དྲི་ངད་ཞིམ་ཞིང་མཛེས་པ་ཤིག་གང་ནས་ཡིན།འོན་ཀྱང་གསོན་པ་ནི་ནམ་ཡང་རིན་ཐང་ལྡན་པ་ཤིག་ཡིན།
ངས་ཁྱོད་ལ་ཤེས་སུ་འཇུག་འདོད་པ་ནི།
ཁྱོད་ཀྱི་ཁོར་ཡུག་ནི་ཅི་འདྲ་ཐབས་སྡུག་ཅིང་འུ་ཐུག་པ་ཅིག་ཡིན་རུང་དབུགས་ཀྱི་འཇུན་རྔུབ་འཇགས་མེད་ན་ཁྱོད་ཀྱིས་མཆོད་སྦྱིན་བྱེད་ཐུབ་པར་འཕྱང་མོ་ཉུག་མི་དགོས།

ངས་ཁྱེད་ཀྱི་ཕྲག་ལ་འཇུས་ནས་བདེན་དཔང་ཅི་ཞིག་བྱེད་པར་ཐབས་བཀོད་མེད་མོད་འོན་ཀྱང་བདག་གི་རྣམ་དག་གི་སེམས་པ་གཙང་མ་འདིས་ཁྱོད་ལ་བཤད་རྒྱུར།
ཁྱེད་ཀྱི་མི་ཚེ་ཡི་མཐའ་འཁོར་ཡོད་ཚད་རེ་བ་ཡི་སྟོང་བ་ཡིན་རུང་ནམ་ཡང་གསོན་པར་རེ་བ་བྱེད།
གནས་ཚུལ་ཇི་འདྲ་ཐབས་སྐྱོ་བ་ོདང་བློས་ཡུལ་དུ་ཤོང་དཀའ་བ་ཞིག་ཡིན་རུང་མདུན་ཕྱོགས་ན་རེ་བའི་ཉི་མ་ཤིག་ཡོད་པར་བློ་དོགས་གང་ནས་ཡོད།
ཁོར་ཡུག་ཇི་འདྲ་རྙོག་འཛིང་ཆེ་ཡང་ཁྱོད་ནམ་ཞིག་དེ་ལས་ཐར་བར་འགྱུར།
བསྒྱུར་བཅོས་ལ་རེ་སྒུག་བྱས་ན་བསྒྱུར་བཅོས་ཐོན་ཡོང་བའི་ངེས་པ་གཏན་ནས་མེད།
བློ་ཐག་རྦད་ཆོད་ཀྱིས་ལམ་ལ་ཆས་ན་བཟོད་ཀྱིས་ཡོད་ཚད་ལ་བསྒྱུར་བཅོས་གཏོང་ཐུབ།

བྱ་བ་ཅི་ཞིག་ཡིན་རུང་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པས་ཡོད་ཚད་ལ་མཐའ་མར་འབྲས་བུ་གཡུར་དུ་ཟ་བ་ཤིག་ཡོད————འདི་ལ་བདག་ཅིང་བློ་གདེང་ཆེན་པོ་ཡོད།
བདག་གི་མི་ཚེ་ནི་འདི་ལྟ་བུ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཡིན་སྲིད།ཡན་ལག་བཞི་མེད་པའི་མི་ཤིག་གི་མི་ཚེ་ལ་མཛེས་སྡུག་ཅི་ཞིག་ཡོད།
བདག་ལ་ཅིག་གཟིགས་དང་།བདག་ལ་མི་ཚོགས་ཀྱིས་རྣ་བ་བླགས་ཏེ་གཟབ་ཉན་བྱེད་ལ།བདག་དང་མཉམ་དུ་དད་པ་ལ་ལོངས་སུ་སྤྱོད།
བདག་གིས་ཚང་མར་བཤད་རྒྱུར་ཁོ་ཚོ་ནི་བརྩེ་བའི་དབང་དུ་བཟུང་ཡོད་ལ་དེ་ལས་ཁོ་ཚོར་རེ་བའི་འོད་ཟེར་གནང་གི་ཡོད།
དེ་བས་འདི་དག་ནི་བདག་གི་མཆོད་སྦྱིན་ཡིན།རང་ཉིད་ཀྱི་རིན་ཐང་ངོ་ཤེས་སུ་འཇུག་རྒྱུ་ཧ་ཅང་གལ་ཆེ།རྟོགས་དགོས་པ་ནི་ཁྱོད་ལའང་ཅི་ཞིག་གི་རིགས་འབུལ་རྒྱུ་ཡོད་པ་དེ་ཡིན།
གལ་ཏེ་ཁྱོད་ལ་སྐབས་འདིར་བློ་ཕམ་དང་ཡིད་ཐང་ཆད་དུས་དེ་ཡང་ok།རྒྱུ་མཚན་ནི་བློ་ཕམ་སྐྱེས་པའི་ཚོར་སྣང་དེས་དཔེ་མཚོན་ནི་ཁྱོད་ཀྱིས་ཀྱང་གནས་བབས་འདི་ལས་དབང་ཐང་ཅན་གྱི་མི་ཚེ་ཞིག་ལ་རེ་སྙེག་བྱས་ཡོད།འདི་ནི་ཧ་ཅང་བཟང་།ནམ་རྒྱུན་མི་ཚེ་ཡི་བཞུད་ཁྲོད་འཐབ་རྩོད་ཀྱིས་ང་ཚོ་ལ་རང་ཉིད་མི་སྣ་ཇི་ལྟ་བུ་ཞིག་ཏུ་འགྱུར་བར་ར་སྤྲོད་བྱེད་ཀྱི་ཡོད།

@འཛམ་གླིང་ན་ཁྱབ་རྒྱ་ཆེ་བའི་བརྙན་ཟློས་གཏོང་སའི་དྲྭ་ཚིགས་ཅིག།
≪人生不不设限≫ལས་བཏུས།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42085936
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1