དེང་དུས་ལ་མཁོ་གལ་ཆེ་བའི་དཔེ་ཆ་གསར་བ་ཞིག་འགྲེམ་བརྡ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »དེང་དུས་ལ་མཁོ་གལ་ཆེ་བའི་དཔེ་ཆ་གསར་བ་ཞིག་འགྲེམ་བརྡ།
དེང་དུས་ལ་མཁོ་གལ་ཆེ་བའི་དཔེ་ཆ་གསར་བ་ཞིག་འགྲེམ་བརྡ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/4/1ལྟ་ཀློག (7485)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དཔེ་ཆའི་མདུན་ཤོག

ནང་གི་དཀར་ཆག

དཔེ་ཆའི་རྒྱབ་ཤོག

མ་བལྟས་ཚད་མེད་ཀྱི་དཔེ་ཆ་གསར་བ་འདིས་ཉིད་ཀྱི་བློ་སྒོ་འབྱེད་ཐུབ་ཅིང་དུས་སུ་མངགས་ཉོ་ཡོད་པར་དགའ་བསུ་ཞུ།

      ཉིན་ཁ་ཤས་རྗེས། སློབ་གསོ་དང་ཚན་རིག་ཞིབ་འཇུག་པ་དཔལ་ལྡན་ཉི་མ་ལགས་ཀྱི་དཔེ་ཆ<དཔལ་ཡོན་རྣམ་བཤད>>ཅེས་པ་འགྲེམ་སྤེལ་བྱ་རྒྱུ་ཡིན། དཔེ་ཆ་འདི་ནི་དཔལ་ལྡན་ཉི་མ་ལགས་ཀྱིས་ལོ་མང་རིང་ལ་དཔེ་ཀློག་དང་། བསམ་གཞིགས་ལས་བྱུང་བའི་ཐུན་མིན་གྱི་འབྲས་བུ་ཞིག་ཡིན་ལ། དཔེ་ཆ་འདིའི་ནང་འཛམ་གླིང་དཔལ་ཡོན་རིགས་བཞི་རུ་ཕྱེ་བ་དང་། ཅིའི་ཕྱིར་དེ་ལྟར་དབྱེ་དགོས་པའི་རྒྱུ་མཚན་ཡང་ཧ་ཅང་ཁ་གསལ་བོར་བཤད་ཡོད། འཛམ་གླིང་གི་དཔལ་ཡོན་རིགས་བཞི་རུ་ཕྱེ་བ་ནི་ཁོང་གི་ལྟ་བ་ཞིག་ཡིན་ལ། དཔལ་ཡོན་བཞི་ཡི་ནང་གི་གཅིག་ནི་བོད་ཀྱི་དཔལ་ཡོན་ཡིན། སྔར་འཛམ་གླིང་སྟེང་དེ་ལྟར་འབྱེད་མཁན་གྱི་མཁས་པ་གཅིག་ཀྱང་མེད། དེ་ལྟར་ཕྱེ་བ་ནི་ལ་རྒྱ་ཞིག་གི་ཆེད་མ་ཡིན་ལ། དེ་ལྟར་ཕྱེ་བའི་རྒྱུ་མཚན་ནི་བོད་པ་ཚོས་རང་ཉིད་ངོས་གསལ་བོ་ཞིག་འཛིན་ཐུབ་པའི་ཆེད་དུ་རེད།    

     ད་རེབ<<དཔལ་ཡོན་རྣམ་བཤད>>ཅེས་པ་འགྲེམ་སྤེལ་བྱེད་ཀི་ཡིན་ལ། རྗེས་སུ་མུ་མཐུད་དུ<<སྤྱི་ཚོགས་རྣམ་བཤད>><<སློབ་གསོའི་རྣམ་བཤད>><<གན་ཆིངས་རྣམ་བཤད>><<དྲང་བཞག་རྣམ་བཤད>>སོགས་བྲི་འཆར་ཡིན། དཔེ་ཆ་འདི་དག་འགྲེམ་སྤེལ་ལ་འཐོན་ཉེ་བའི་སྐབས་དགེ་རྒན་ལ་དཔེ་ཆ་དེ་དག་འབྲི་དགོས་པའི་རྒྱུ་མཚན་ཅི་ཡིན་ལ་ཚིག་ཁ་ཤས་འབྲི་རོགས་ཞུས་པ་ཡིན། ཁོང་གིས“གོ་ལ་འདིའི་སྟེང་མུ་མཐུད་འཚོ་བ་དང་། མིའི་རིགས་ཀྱི་ཆེས་མཐོ་བའི་ཡུལ་གྱི་ཐུན་མིན་དཔལ་ཡོན་རྒྱུན་འཛིན་དར་སྤེལ་ཐུབ་ཅིང་། ཡུལ་དེའི་མི་རྣམས་བློ་ཁོག་ཆེ་ཞིང་རྩིས་ཐང་ཅན་གྱི་མི་ཞིག་ལ་འགྱུར་བ་དང་། ད་རུང་ང་ཚོས་གོམ་གང་མདུན་སྤོས་ཀྱིས་རང་གི་ཚེ་སྲོག་གི་དགོས་པ་ཅི་ཡིན་སོགས་ལ་རྩད་འདྲི་བྱེད་པའི་ཆེད། དཔེ་ཆ་འདི་དག་བྲིས་པ་ཡིན”ཞེས་བསྩལ་བྱུང་། དཔེ་ཆ་འདི་དག་བོད་ཡིག་ལས་རྒྱ་ཡིག་དཔར་གཞི་དཔར་གྱིན་མིན་པ་བོད་པ་ཚོས་ཐུགས་ལ་འཛིན་རོགས་ཞུ།    

     མཇུག་ཏུ་བོད་རིགས་སྤུན་ཟླ་ཚོ་ལ་གལ་བོ་ཆེ་ལ་ནན་གྱིས་ཞུ་འདོད་པ་ནི། སྤྱིར་ན་དཔེ་ཆ་འབྲི་བ་དང་། བསྒྱུར་བ། བསྒྲིགས་པ་ནི་ཧ་ཅང་དཀའ་ཚེགས་ཆེ་བ་དང་། དུས་ཚོད་ཀྱི་འགྲོ་སོང་ཆེན་པོ་གཏོང་དགོས་པའི་ལས་དོན་ཞིག་ཡིན། དགའ་འོས་པ་ཞིག་ལ། ད་ལྟ་བོད་པ་སྒེར་བ་དཔེ་ཆ་འབྲི་བ་དང་། བསྒྱུར་བ། བསྒྲིགས་པའི་ལས་དོན་རྐྱང་བ་གཉེར་མཁན་ཉུང་ཉུང་ཞིག་ཡོད། ཁོ་ཚོ་ནི་གཞུང་གི་ཅི་ཞིག་འབྲི་བ་དང་། སྒྱུར་མཁན། སྒྲིག་མཁན་དག་དང་མི་འདྲ་བར་རང་གིས་གང་ལས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། དེ་ལྟ་བུའི་མི་ཇེ་མང་དུ་སོང་ན། བོད་ལ་རང་རྐྱ་ཐུབ་པའི་རྩོམ་པ་པོ་འབྱུང་བའི་རྟེན་འབྲེལ་ཧ་ཅང་ཡག་པོ་ཞིག་རེད་མོད།  དེ་ལྟ་བུ་བྱུང་བར་བགེགས་དང་རྐྱེན་ངན་བོད་ནང་ཁུལ་ནས་འབྱུང་བཞིན་ཡོད། གལ་ཏེ་དཔེ་ཆ་དེ་དག་བྲིན་སོང་ན། ལམ་སང་དཔར་ལོག་རྒྱག་ཡོང་བ་རེད། ངའི་སྣང་བ་ལ་བོད་ཀྱི་དཔེ་ཆ་དཔར་ལོག་བརྒྱབ་པ་ཐེངས་དང་བོ་གོ་བ་ནི། ནམ་མཁའི་ནོར་བུ་ཚང་གི་བརྩམས་ཆོས་ཞང་བོད་ལོ་རྒྱུས་གངས་ཏེ་སེའི་འོད་ཡིན། སྐབས་དེར་བོད་ལ་དཔེ་ཆ་ཀློག་མཁན་ཇེ་མང་དུ་འགྲོ་བ་རེད་བསམ་ནས་དགའ་བ་ཞིག་སྐྱེས་སོང་། ཡིན་ནའང་། ད་ལྟ་འདང་བརྒྱབ་ན་དེ་ནི་བོད་ཀྱི་རྩོམ་པོ་དག་ལ་རྐུ་འཕྲོག་གི་འགོ་བཟུང་བ་ཡིན་ས་རེད།    

     ད་ཐེངས་ཡིན་ན<<དཔལ་ཡོན་རྣམ་བཤད>>ལ་བོད་པ་ཚོས་དགའ་བསུ་ཐོབ་མིན་སུས་ཀྱང་མི་ཤེས། གལ་ཏེ་ལྟ་ཀློག་བྱེད་བསམ་མཁན་ཡོད་ན་དཔར་ལོག་བརྒྱབ་པའི་དཔེ་ཆ་མི་ཉོ་བ་རང་གཞན་གཉིས་ཀྱི་དོན་ཡིན་པ་མ་བརྗེད་སེམས་ལ་འཛིན་རོགས་ཞུ།།

དཔེ་ཆ་འགྲེམ་སྤེལ་བྱེད་ཚུལ། 

སྤྱི་ཟླ་བཞི་བའི་ཚེས་འགོ་ནས་ཁམས་ཕྱོགས་དང་། ཁྱུང་མཆུ། རྔ་བ། མཛོད་དགེ། གཙོད།  བླ་བྲང་། ལན་དྲུག ཟི་ལིང་སོགས་ལ་འགྲེམ་སྤེལ་དུ་འགྲོ་འཆར་ཡིན། དཔེ་ཆ་དགོས་མཁོ་ཡོད་མཁན་གཞན་དག་གིས་ཁ་པར་ལམ་ནས་འབྲེལ་བ་གནང་རོགས། ཐབས་ཤེས་སྣ་ཚོགས་འཐེན་ནས་བསྐུར་འོང་།

འབྲེལ་བ་གནང་ས།

སྒྲོལ་མ་སྐྱབས། (མཐའ་སྒྲོལ།)

ཁ་པར། 135 6887 1932

རབ་རྒྱན་མེ་ཕོ་སྦྲེལ་ལོའི་བོད་ཟླ་གཉིས་པའི་ཚེས༢༤ཉིན། སྤྱི་ལོ༡༦ལོའི་ཟླ་གསུམ་པའི་ཚེས༡ཉིན། སྒྲོལ་མ་སྐྱབས་ཀྱིས་རྒྱ་ནག་ཁྲིན་ཏུའུ་རུ་བྲིས།


དཔལ་ལྡན་ཉི་མ་ལགས་ངོ་སྤྲོད་མདོར་བསྡུས།

     དཔལ་ལྡན་ཉི་མ། འབུམ་རམས་པ། སློབ་དཔོན། འབུམ་རམས་པའི་དགེ་རྒན། རྒྱལ་ཁབ་སློབ་ཨུ་སློབ་གསོ་རིག་པའི་མཛུབ་སྟོན་ཨུ་ཡོན། རྒྱལ་ཁབ་དམིགས་བསལ་གསབ་དངུལ་ཐོབ་མཁན། རྒྱལ་ཁབ་ཀྱི་དགེ་རྒན་གྲགས་ཅན། རྒྱལ་ཁབ་ཀྱི་ཕུལ་བྱང་དགེ་རྒན། ཨ་རིའི་Fulbrighདུས་རབས་གསར་བའི་ཤེས་ཡོན་པའི་མཚན་སྙན་ཐོབ་མཁན། སི་ཁྲོན་ཞིང་ཆེན་རིག་གཞུང་དང་ཚན་རྩལ་སྣེ་ཁྲིད་པ། ༢༠༡༤་ལོ་ཀྲུང་དབྱང་རྩ་འཛུགས་པུའུ་ཡི"རྒྱལ་ཁབ་ཀྱི་ཆེས་མཐོའི་ཕུལ་བྱུང་མི་སྣར་དམིགས་བསལ་རྒྱབ་སྐྱོར་འཆར་གཞིའི"ནང་གི་སློབ་ཁྲིད་དགེ་རྒན་གྲགས་ཆེན་གྱི་གྲས་སུ་ཚུད། སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་བློ་འདྲི་ཡུལ། ད་ལྟ་སི་ཁྲོན་ཞིང་ཆེན་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་དཔོན་དང་། འབུམ་རམས་པའི་དགེ་རྒན། སློབ་གསོ་རིག་པའི་འབུམ་རམས་པའི་རིམ་པ་དང་བོའི་རིག་ཚན་གྱི་འགན་འཁུར་བ། སི་ཁྲོན་དགེ་འོས་སློབ་ཆེན་སློབ་གསོ་ཚན་རིག་གླིང་གི་གླིང་གཙོ། སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་འགན་འཛིན། ལྷོ་ནུབ་སློབ་གྲྭ་ཆེན་མོའི་སློབ་དཔོན། འབུམ་རམས་པའི་དགེ་རྒན། ཞང་ཀང་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཞོན།༢༠༠༢་ནས་༢༠༠༥ལོའི་བར་སི་ཁྲོན་སློབ་ཆེན་གྱི་གདན་ཞུའི་སློབ་དཔོན། གཙོད་མི་རིགས་དགེ་ཐོན་ཆེད་སྦྱོང་སློབ་གླིང་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། མཛོད་དགེ་རྫོང་ཐང་སྐོར་ཆུང་འབྲིང་སློབ་གྲྭ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་བཅས་ཀྱི་མཚན་འཛིན་སློབ་གཙོ། སི་ཁྲོན་ཞིང་ཆེན་མཚན་ཉིད་རིག་པའི་གཙོ་གནད་ཞིབ་འཇུག་རྟེན་གཞི་སྣ་མང་རིག་གནས་ཞིབ་འཇུག་ལྟེ་གནས་ཁང་གི་འགོ་འཛིན། སི་ཁྲོན་ཞིང་ཆེན་ཞིང་སྡེ་སློབ་གསོ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། ཁོང་གི་ཞིབ་འཇུག་ཁ་ཕྱོགས་ནི་རིག་གནས་སྣ་མང་སློབ་གསོ་ཞིབ་འཇུག་དང་། རིག་གནས་སྣ་མང་ཁྲིད་ཚན་ཞིབ་འཇུག སློབ་གསོ་དང་སྤྱི་ཚོགས་འཕེལ་རྒྱས་ས་ཁུལ་ཞིབ་བསྡུར་སོགས་ཡིན། གཞན་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་གནད་ཆེ་བའི་ལས་གཞི་དང་། རྒྱལ་ཁབ་རིམ་པ། ཞིང་ཆེན་རིམ་པའི་ལས་གཞི་དང་། རྒྱལ་སྤྱིའི་མཉམ་ལས་ལས་གཞི་སོགས་ལས་གཞི༢༠ཡི་འགན་ཁུར་མྱོང་། ཁོང་གི་ཚན་ཁྲིད<<རིག་གནས་སྣ་མང་སློབ་གསོ་རིག་པ>>ནི་རྒྱལ་ཁབ་རིམ་པའི་སྐད་གཉིས་སློབ་ཁྲིད་ཀྱི་དཔེ་སྟོན་ཁྲིད་ཚན་ནང་དུ་གདམས་ཡོད། ཁོང་གིས་སྣེ་ཁྲིད་པའི"སློབ་གསོ་ཁྲིད་ཚན་གྱི་དགེ་རྒན་སློབ་ཁྲིད་དཔུང་སྡེ"ནི་རྒྱལ་ཡོངས་ནས་ཐོག་དང་བོ"དགེ་རྒན་སློབ་གསོའི"མིང་ཅན་གྱི་རྒྱབ་ཁབ་རིམ་པའི་དངོས་གཞི་སློབ་ཁྲིད་དཔུང་སྡེ་དང་བོ་རེད་ལ། ཁོང་གིས་འགན་ཁུར་ནས་བཙུགས་པའི་དངོས་གཞིའི་ཆེད་ལས་ཀྱི"སློབ་གསོ་རིག་པ"ནི་རྒྱལ་ཁབ་རིམ་པའི་ཁྱད་ཆོས་ལྡན་པའི་ཆེད་ལས་ཤིག་ཡིན། གཤམ་གྱི་དཔེ་ཆ་དག་བོད་ཡིག་ལས་རྒྱ་ཡིག་དཔར་གཞི་དཔར་གྱིན་མིན། <<དཔལ་ཡོན་རྣམ་བཤད།>><<སྤྱི་ཚོགས་རྣམ་བཤད།>><<སློབ་གསོའི་རྣམ་བཤད།>><<གན་ཆིངས་རྣམ་བཤད >><<དྲང་བཞག་རྣམ་བཤད།>>

2016/04/01མཐའ་སྒྲོལ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
0wp3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཡི་གེ་བ སྤེལ་དུས:2016/4/1
ཡག་པོ་ཞིག་ཡིན་ས་རེད། མྱུར་དུ་ཀློག་ཐུབ་པའི་རེ་བ་ཡོད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41139913
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1