བུ་མོ་ལོ་ན་ ༡༩ ཅན་ཞིག་གིས་རང་གི་ཕ་ལ་མཁལ་མ་སྤྲོད་པ། ས་གནས་འབྲུག་པ་རེད། ཕ་ཡི་མིང་ལ་ཕུར་བུ་རྡོ་རྗེ་རྟ་མང་ཟེར་ཞིང་། ལོ་ཉི་ཤུ་ལྷག་རིང་གླ་འཁོར་བཏང་ནས་འཚོ་བ་སྐྱེལ། ཁོང་ནི་ ༢༠༡༠ ནས་མཁལ་མ་འཕྲོ་བརླག་ཕྱིན་ནས་བདུན་ཕྲག་གཅིག་ལ་ཐེངས་རེར་འབྲུག་གི་ཕུན་ཚོགས་གླིང་ནས་རྒྱལ་ས་ཐིམ་ཕུ་ལ་སྨན་ཁང་ནང་མཁལ་མ་གཙང་མ་བཟོ་ཆེད་འགྲོ་དགོས་ཡོད། འདི་ནི་ལོ་བཞི་རིང་དེ་ལྟར་བྱས་པ་རེད། ཁོང་ལ་བུ་མོ་སེམས་བཟང་ཅན་ཞིག་ཡོད་པ་དེའི་མཚན་ལ་ཡེ་ཤེས་ཆོས་ལྡན་ཟེར། བུ་མོ་ཁོང་གིས་ཕ་ལ་མཁལ་མ་སྤྲོད་རྒྱུར་ཁས་ལེན་བྱས་ན་ཡང་ལོ་ཚད་ཆུང་དྲགས་ནས་སྨན་ཁང་གིས་ངོས་ལེན་བྱེད་གིན་མེད།
༢༠༡༥ ལོར་མོ་རང་ལོ་བཅུ་དགུ་ཏག་ཏག་སོན་ནས་རྒྱ་གར་ལྷོ་ཕྱོགས་ཝེ་ལོར་ Vellore སྨན་ཁང་དུ་ཕྱིན་ནས་མཁལ་མ་སྤྲོད་རྒྱུར་བྱེད་པ་རེད། ཐོག་མར་སྨན་ཁང་ནས་ལོ་ན་ཆུང་དྲགས་འདུག་ཟེར་ནས་ངོས་ལེན་མ་བྱས་མོད། མཐའ་མར་ཚོགས་པ་གཞན་གྱིས་ཨུ་ཚུགས་བྱས་ནས་དཀའ་ངལ་ཆེན་པོའི་ངང་ཁས་ལེན་བྱས་ཡོད་པ་ཞིག་རེད།
༢༠༡༥ ཕྱི་ཟླ་ ༠༩ ནང་མོས་མཁལ་མ་སྦྱིན་ནས་ད་ཆ་ཕ་ལ་བདེ་སྐྱིད་ཀྱི་འཚོ་བ་གསར་པ་སྦྱིན་ཐུབ་པ་བྱུང་ཡོད།
|