དྲ་རྒྱའི་བདེ་འཇཊ་དང་ཆ་འཕྲིན་ཅན་ལས་དོན་སྐོར་གྱི་བཞུཊ་མོལ་ཚོཊ་འདུ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »དྲ་རྒྱའི་བདེ་འཇཊ་དང་ཆ་འཕྲིན་ཅན་ལས་དོན་སྐོར་གྱི་བཞུཊ་མོལ་ཚོཊ་
དྲ་རྒྱའི་བདེ་འཇཊ་དང་ཆ་འཕྲིན་ཅན་ལས་དོན་སྐོར་གྱི་བཞུཊ་མོལ་ཚོཊ་འདུ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2016/4/27ལྟ་ཀློག (6426)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

      2016ལོའི་ཟླ4བའི་ནང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ་དང་འབྲེལ་གལ་ཆེའི་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལ་གཞིགས་ནས་རང་རྒྱལ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་འཕེལ་ཕྱོགས་གལ་ཆེན་ཞིག་རེད། རང་རྒྱལ་གྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་འཕེལ་ཕྱོགས་གལ་ཆེན་དེ་དང་འཚམ་པ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་ཐད་མདུན་དུ་བསྐྱོད་ནས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་རང་རྒྱལ་གྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དྲ་སྦྲེལ་ལ་བརྟེན་ནས་རྒྱལ་ཁབ་དང་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེ་བ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཁེ་ཆང་དང་ལིའུ་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།

     ཞིས་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་དང་ཐོག་རང་རྒྱལ་གྱི་དྲ་སྦྲེལ་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་ལ་སྐུལ་མ་ཏན་ཏིག་ཐེབས་ནས་ཡར་རྒྱས་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཆབས་ཅིག་ཞན་ཆ་དང་གནད་དོན་ཡང་མི་ཉུང་བ་ཞིག་ལྷག་ཡོད་ཅེས་གསུངས་པ་རེད།

     བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀྲུང་གོ་གློག་རྡུལ་ཚན་རྩལ་ཚོགས་པ་ཀུང་སིའི་སྤྱི་ཁྱབ་བཟོ་བཀོད་པ་ཝུའུ་མན་ཅིང་དང་། ཨན་ཐེན་ཚོད་ལྟ་ཁང་གི་དབུ་བཞུགས་སྒྲོམ་གཞི་དབུ་ཆེན་ཤའོ་ཤིན་ཀོང་། ཨ་ལི་པ་པ་ཚོགས་པའི་ཏུང་ཧྲི་ཅུས་ཀྱི་ཀྲུའུ་ཞི་མཱ་ཡུན། ཡའོ་ཡའོ་ཐེན་ཡུས་ཁོངས་གཏོགས་ལག་རྩལ་ཚད་ཡོད་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཡའོ་ཧུང་ཡུས། པེ་ཅིང་དུ་བཅའ་སྡོད་བཅིངས་འགྲོལ་དམག་ཞིབ་འཇུག་སུའོ་ག་གེ་མོའི་ཞིབ་འཇུག་པ་དབྱང་ལིན། པེ་ཅིང་སློབ་ཆེན་སྨྱན་སྦྱོར་གསར་པའི་ཞིབ་འཇུག་ཁང་གི་ཡོན་ཀྲང་ཞེ་ཤིན་ཀྲོའུ། པེ་ཅིང་གྲོང་ཨུད་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གཞུང་དོན་ཁང་གི་ཀྲུའུ་རེན་ཏུང་ལི་ཆང་། ཧྭ་ཝུའེ་ལག་རྩལ་ཚད་ཡོད་ཀུང་སིའི་ཙུང་ཚའེ་རེན་ཀྲེང་ཧྥེ། རྒྱལ་ཁབ་རྩིས་འཁོར་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཧོང་ཁྲེང་ཅིང་། ཧྥུའུ་ཏན་སློབ་ཆེན་དྲ་རྒྱའི་བར་མཐོངས་བཅོས་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧྲེན་དབྱི་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད།

     ཞིས་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་པ་མ་ཟད་འབྲེལ་ཡོད་གནད་དོན་སྐོར་གཏམ་བཤད་སྤེལ་མཁན་དང་གྲོས་བསྡུར་ཡང་གཏིང་ཟབ་གནང་བ་རེད།

     ཞིས་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་དུ་དྲ་དམངས་དུང་ཕྱུར་7ཡོད་པ་དེ་དག་ནི་ཧ་ལས་དགོས་པའི་གྲངས་ཀ་ཞིག་རེད་ལ། དཔེ་མི་སྲིད་པའི་གྲུབ་འབྲས་ཤིག་ཀྱང་རེད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པར་སླེབས་པ་དང་། རྒྱུན་རྣམ་གསར་པའི་འོག་སྒུལ་ཤུགས་གསར་པ་ཞིག་དེ་བས་ལྡན་པ་བྱེད་དགོས། དྲ་སྦྲེལ་ལ་དེའི་ཐད་བྱེད་རིན་ཆེན་པོ་ཡོད། དྲ་སྦྲེལ་དང་དངོས་གཞིའི་དཔལ་འབྱོར་མཉམ་འབྲེལ་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཆ་འཕྲིན་འཁོར་རྒྱུག་ལ་བརྟེན་ནས་ལག་རྩལ་འཁོར་རྒྱུག་དང་། མ་དངུལ་འཁོར་རྒྱུག ཤེས་ལྡན་པ་འཁོར་རྒྱུག དངོས་ཟོག་འཁོར་རྒྱུག་བཅས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་བཀོད་སྒྲིག་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ། རྒྱུ་རྐྱེན་གཙོ་བོ་ཧྲིལ་པོའི་ཐོན་སྐྱེད་བྱེད་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ་བཅས་ཀྱི་ཆེད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།

     ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ངེས་པར་དུ་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་དགོས་པ་སྟེ། མི་དམངས་ཀྱི་རེ་སྒུག་དང་དགོས་མཁོར་བསྟུན་ཐོག་ཆ་འཕྲིན་ཅན་གྱི་ཞབས་ཞུ་ཁྱབ་གདལ་གཏོང་མགྱོགས་སུ་གཏོང་བ་དང་བཀོལ་སྤྱོད་མ་གནས་དམའ་རུ་བཏང་ནས་མི་སེར་ཚོར་སྤྱོད་གོ་ཆོད་པ་དང་། སྤྱོད་ཐུབ་པ། ཡག་པོ་སྤྱོད་ཐུབ་པ་བཅས་ཀྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱས་ཏེ། མི་དམངས་དུང་ཕྱུར་དུ་མར་དྲ་སྦྲེལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པའི་ཐད་ཐོབ་སེམས་སྔར་བས་མང་བ་ཐོབ་པར་བྱེད་དགོས།

     ཞིས་ཅིན་ཕིང་གིས་བསྟན་དོན། དྲ་རྒྱའི་སྣོད་བཅུད་ཡག་པོ་འཛུགས་སྐྱོང་བྱས་ཐོག་དྲ་རྒྱས་གླེང་ཕྱོགས་ལ་ཁྲིད་སྟོན་དང་དམངས་འདོད་ཚུར་སྣང་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས་པ་སྟེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་སྤྱི་ཚོགས་ཡོངས་ཀྱི་ཕྱོགས་གང་ཐད་ཀྱིས་བློ་སེམས་གཅིག་མཐུན་སྒོ་ནས་ལས་སྒྲུབ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བསམ་བློ་ཕྱོགས་གཅིག་ལ་གཏོང་བ་དང་ཤུགས་ཕྱོགས་གཅིག་ལ་རྒྱག་དགོས། དྲ་དམངས་ནི་མི་སེར་ཁྲོད་ནས་ཐོན་པ་ཡིན་པས་མི་སེར་དྲ་ཐོག་ཏུ་ཞུགས་ཚེ་དམངས་འདོད་དྲ་ཐོག་ཏུ་ཞུགས་པ་ཡིན། དེར་བརྟེན་མང་ཚོགས་གང་དུ་ཕྱིན་ན་ང་ཚོའི་འགོ་ཁྲིད་ལས་བྱེད་པའང་དེ་རུ་འགྲོ་དགོས།

     ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། དྲ་རྒྱའི་བར་མཐོངས་ནི་མང་ཚོགས་དུང་ཕྱུར་མང་པོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་རེད། དྲ་རྒྱའི་བར་མཐོངས་ཀྱི་ནམ་མཁའ་གཡའ་དག་པ་དང་སྣོད་བཅུད་ཡག་པོ་ཡོད་ན་མི་དམངས་ཀྱི་ཁེ་ཕན་དང་མཐུན་པ་དང་། དྲ་རྒྱའི་བར་མཐོངས་ལ་དུ་སྤྲིན་འཁྲིགས་པ་དང་སྣོད་བཅུད་ཞན་པོ་ཡོད་ན་མི་དམངས་ཀྱི་ཁེ་ཕན་དང་མཐུན་མེད། དེར་བརྟེན་ང་ཚོས་སྤྱི་ཚོགས་ལ་འགན་ཁུར་བ་དང་མི་དམངས་ལ་འགན་ཁུར་བའི་རྣམ་འགྱུར་ཐོག་ནས་དྲ་རྒྱའི་བར་མཐོངས་བཅོས་སྐྱོང་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་། དྲ་རྒྱའི་ནང་དོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དྲ་ཐོག་ཏུ་དྲང་ཕྱོགས་དྲིལ་བསྒྲགས་ཡག་པོ་བྱེད་པ། ཡར་བརྩོན་སྐྱོན་བྲལ་དང་ཡར་ཐོན་སེམས་བཟང་གི་དྲ་རྒྱའི་རིག་གནས་སྐྱེད་སྲིང་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་མིའི་རིགས་ཀྱི་ཕུལ་བྱུང་ཤེས་དཔལ་གྱི་གྲུབ་འབྲས་ལ་བརྟེན་ནས་མི་སེམས་གསོ་བ་དང་སྤྱི་ཚོགས་བརླན་གྱིས་གསོ་བ། དྲང་ནུས་ཀྱིས་ཕྱུག་པ་དང་བརྗོད་དོན་གཙོ་བོ་ཤུགས་ཆེན་ལྡན་པ་བཅས་ཀྱི་ཐོག་ནས་རྒྱ་ཆེའི་དྲ་དམངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ལ་གོམས་སྲོལ་བཟང་ལ་གཞུང་དྲང་བའི་དྲ་བའི་བར་མཐོངས་ཤིག་གཏོད་དགོས།

     ཞིས་ཅིན་ཕིང་གིས་བསྟན་དོན། ལྟེ་བའི་ལག་རྩལ་ཐད་མགྱོགས་མྱུར་ཚད་བརྒལ་ཡོང་བ་བྱེད་དགོས་པ་སྟེ། ཆོད་སེམས་དང་། སྙིང་རུས། གཙོ་གནད་བཅས་ཡོད་པའི་སྒོ་ནས་སྙིང་རུས་ཆེན་པོས་བརྩོན་ལེན་དང་དཀའ་སྤྱད་འབད་བརྩོན་གྱིས་འགག་སྒྲོལ་བྱེད་པའི་སྙིང་སྟོབས་ཡོད་དགོས། བློ་བརྟན་འགྱུར་མེད་ངང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཐོག་རྨང་གཞིའི་ལག་རྩལ་དང་། ཀུན་སྤྱོད་ལག་རྩལ། དོ་མཉམ་མ་ཡིན་པའི་ལག་རྩལ། མདུན་གྲལ་གྱི་ལག་རྩལ། རྩ་སློག་རང་བཞིན་གྱི་ལག་རྩལ་བཅས་དམ་འཛིན་བྱས་ནས་མི་རྒྱུ་དངུལ་གསུམ་གྱི་སྟོབས་ཤུགས་སྔར་བས་མང་པོ་ཞིག་ལྟེ་བའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་པའི་ཐད་བཏང་ནས་སྟོབས་ཤུགས་ཧྲག་པོ་གཅིག་སྡུད་ཐོག་འཐབ་ཇུས་རང་བཞིན་ལྡན་པའི་བཀོད་སྒྲིག་བྱེད་དགོས། རང་རྒྱལ་གྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཁྱབ་ཁོངས་ཀྱི་རྒྱ་ཆེའི་ཁེ་ལས་བ་དང་། རིགས་གཅིག་མཁས་ཅན། མཁས་དབང་། ཚན་རྩལ་མི་སྣ་བཅས་ལ་བསམ་རྒྱ་ཆེན་པོ་ཡོད་པ་བྱེད་དགོས།

     ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ནི་གཅིག་རམ་གཅིག་འདེགས་བྱས་ནས་ཆགས་པ་ཞིག་ཡིན་པ་དང་། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་དང་། འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་ལེན་ཡིན་པས། བདེ་འཇགས་དང་འཕེལ་རྒྱས་གཉིས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།

     ཞིས་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་གྱི་དྲ་སྦྲེལ་ཁེ་ལས་དག་ཆུང་ངུ་ནས་ཆེན་པོ་དང་། ཉམས་ཞན་ནས་སྟོབས་ཆེན་དུ་འཕེལ་ནས་འཕར་ཚད་བརྟན་གཏོང་དང་། ལས་ཞུགས་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

     ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། གནམ་འོག་གི་མཛངས་མི་ཐམས་ཅད་གཅིག་སྡུད་ཐོག་བེད་སྤྱོད་བྱས་ཏེ། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་གཞག་འཕེལ་རྒྱས་གཏོང་བའི་ཐད་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པ་སྟེ། དྲ་རྒྱའི་བར་མཐོངས་ཐད་ཀྱི་འགྲན་རྩོད་ནི་མཐར་གཏུགས་ན་ཤེས་ལྡན་མི་སྣའི་འགྲན་རྩོད་ཡིན་པས། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བའི་ཁར་ཤེས་ལྡན་མི་སྣའི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཀྱི་གོམ་སྟབས་སྔར་བས་མགྱོགས་སུ་གཏོང་དགོས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urjx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41042050
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1