དེབ་གསར་འགྲེམ་བརྡ།
(གཡུ་ཕྲེང་དཔེ་ཚོགས)་ཀྱི་དཔེ་དེབ་འདི་དག་གི་ནང་དུ་ང་ཚོས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་མི་ལོ་འགའི་རིང་ལ་སློབ་སྦྱོང་གི་ཞོར་དུ་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་གི་འཚོ་བ་དག་སྙན་ངག་གི་ལམ་ནས་བྲིས་ཏེ། མཐར་ཕྱིན་ལ་ཉེ་བའི་སྐབས་འདིར་གཅིག་ནི་རང་ཉིད་ཀྱི་སློབ་སྦྱོང་གི་བྱ་བར་སྤྱི་སྡོམ་གྱི་ཚུལ་དང་། གཉིས་ནས་དགེ་རྒན་དང་སློབ་གྲོགས་རྣམས་ལ་གྱེས་ཁའི་དྲན་རྟེན་ཞིག་གི་ཆེད་དཔར་དུ་བསྐྲུན་ཏེ་མི་འགྱངས་པར་འགྲེམ་སྤེལ་བྱ་རྒྱུ་ཡིན།
མ་འོངས་པར་ཡང་ངེད་གཡུ་ཕྲེང་དཔེ་ཚོགས་འདི་ཉིད་མུ་ནས་མུ་རུ་རྒྱུན་བསྲིང་སྟེ་ཁ་བའི་བཀྲག་མདངས་འཚེར་བའི་ཤེས་རིག་གི་སྟེགས་བུ་ནས་ལང་ཚོ་ངོམ་ཐུབ་པའི་བརྩམས་ཆོས་གང་མང་མང་ཞིག་སྤེལ་རྒྱུའི་ཕུགས་བསམ་ཡོད།
༢༠༡༦-༥-༢༦ཉིན།
|