བྲག་དཀར་སྤྲེལ་རྫོང་གི་གནས་བཤད་ཀྱི་དེབ་གསར་འོས་སྦྱོར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »བྲག་དཀར་སྤྲེལ་རྫོང་གི་གནས་བཤད་ཀྱི་དེབ་གསར་འོས་སྦྱོར།
བྲག་དཀར་སྤྲེལ་རྫོང་གི་གནས་བཤད་ཀྱི་དེབ་གསར་འོས་སྦྱོར།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/5/29ལྟ་ཀློག (6594)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དེབ་ཀྱི་མདུན་ངོས།

དེབ་ཀྱི་རྒྱབ་ཤོག

༄༅།།ཚད་ལྡན་གནས་ཡིག་ངོ་སྤྲོད།

       བྲག་དཀར་སྤྲེལ་རྫོང་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་གནས་ལྔ་རིག་པའི་དགེ་བའི་བཤེས་གཉེན་ཆེན་པོ། རྗེ་བཀའ་འགྱུར་པ་སྐལ་བཟང་དོན་གྲུབ་མཆོག་གིས་མཛད་པའི་སྤྲེལ་རྫོང་རི་བོའི་གནས་ཡིག  མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་གནས་མཆོག་བྲག་དཀར་སྤྲེལ་རྫོང་གི་གནས་བཤད་ངོ་མཚར་ཤེལ་དཀར་མེ་ལོང་ཞེས་པའི་བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་དཔེ་དེབ་འདི་ཉིད་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་མཛད་ཅིང་། སྤྲེལ་རྫོང་གནས་རིར་གཟས་པའི་གནས་སྐོར་བ་དང་། ཕྱོགས་མཐའི་དད་ལྡན་པའི་དགོས་མཁོ་སྐོང་སླད་དགོན་དེའི་དམངས་གཙོ་དོ་དམ་ཁང་གི་ལྟ་སྐུལ་འོག་དངོས་སུ་ཁྲོམ་རར་འགྲེམ་མགོ་བརྩམས་པ་ནི་དད་ལྡན་མང་ཚོགས་ལ་མཚོན་ན་དོན་བཟང་ཆེན་པོ་ཞིག་ཏུ་སྣང་།

       ད་ལོའི་༢༠༡༦སྤྲེལ་ལོའི་གནས་འདུས་ཐོན་པ་དང་བསྟུན་སྤྱི་ཚོགས་ཁྲོད་སྤྲེལ་རྫོང་གནས་རིར་གནས་ཡིག་སྣ་ཚོགས་བྱུང་ཞིང་། གནས་བཤད་ཀྱང་འདྲ་མིན་མང་བོ་ཐོས་རྒྱུ་ཡོད་པའི་ཁྲོད། སྔར་མེད་པའི་གནས་སྒོ་གསར་བ་དང་། ཁུངས་ལུང་མེད་པའི་འགྲེལ་བཤད་སྣ་ཚོགས། གྲངས་ཀ་གསར་བ། ཚན་པ་གསར་བ། གོ་རིམ་གསར་བ་བཅས་བྱུང་དང་འབྱུང་བཞིན་པ་འདི་དག་གིས་མི་གཞན་པས་སྤྲེལ་རྫོང་གནས་རིའི་གནས་ཚུལ་ངོ་མ་ཤེས་པར་གནོད་པ་བཟོས་ཏེ།    ས་གནས་དེའི་སྣང་ཚུལ་དང་བཤད་ཚུལ་གང་ཡིན་ཡང་། ལོ་རྒྱུས་སམ། ཆོས་ལུགས་ཀྱི་དག་སྣང་། ཡང་ན་དེ་གཉིས་མཉམ་བསྲེས་གང་གི་སྒོ་ནས་རང་རང་གི་ཚད་གཞི་ལྟར་དུ་ཁུངས་ལུང་ལྡན་དགོས་པ་ལས། དཔལ་འབྱོར་གྱི་འདུ་སྒོ་སོགས་ལ་དམིགས་ཏེ་གང་འདོད་དུ་བཤད་ན་འགྲིག་པ་ཞིག་གཏན་ནས་མིན།     དེས་ན་སྤྲེལ་རྫོང་གནས་ཡིག་ཁྲོད་ད་སྔ་ཁུངས་བཙན་ཤོས་དང་ཆ་ཚང་ཤོས་ནི།

       རབ་བྱུང་བཅུ་བཞི་བའི་ཤིང་གླང་༡༨༦༥ལོར་བརྩམས་གྲུབ་པའི་མཁས་པའི་དབང་བོ་བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱིས་མདོ་སྨད་ཆོས་འབྱུང་དུ་བཀོད་པའི་འབྲི་གུང་དབུར་སྨྱོན་ཆོས་ཀྱི་གྲགས་པས་མཛད་པའི་སྤྲེལ་རྫོང་གནས་ཡིག་དེ་ཡིན་ལ། འབྲེལ་ཡོད་རྒྱུ་ཆ་ལྟར་ན་གནས་ཡིག་དེའི་ཁུངས་རྗེ་ཙོང་ཁ་བའི་ཡར་སྔོན་དུ་བསྲིངས་ཡོད་པར་སྣང་། ད་རེས་ཀྱི་གནས་ཡིག་འདི་ཡིག་རྙིང་ཚད་ལྡན་དེ་གཞིར་བཞག་གིས་མཛད་ཡོད་ཐོག དེའི་རྗེས་གནས་འདིར་ཡུན་རིང་བཞུགས་མྱོང་བའི་བོད་ཀྱི་མཁས་ཤིང་གྲུབ་པའི་སྐྱེས་ཆེན་ཞབས་དཀར་ཚོགས་དྲུག་རང་གྲོལ་༼༡༧༨༡--༡༨༥༡༽དང་། རྡོ་སྦིས་ཤེས་རབ་རྒྱ་མཚོ༼༡༨༨༤--༡༩༦༨ ༽ཨ་རོལ་སྐུ་ཕྲེང་གཉིས་པ་དང་གསུམ་པ་སོགས་ཀྱི་འབྲེལ་ཡོད་ཡིག་ཆས་ཁ་བསྐངས་ཤིང་། གནས་འདིར་ཆ་ཡོད་པའི་བགྲེས་པོ་རྣམ་པའི་ངག་སྒྲོས་ཁུངས་མ་མང་བོས་ཀྱང་ཟུར་གསོས་གང་འོས་མཛད་ཡོད་པ་རེད།   

       མདོར་ན་གནས་ཡིག་འདིའི་རྩོམ་པ་པོའི་ཆ་ནས། གང་འདོད་མ་ཡིན་པར་ཁུངས་དང་ཡུལ་དངོས་ཀྱི་དོན་དངོས་ཀྱི་རྒྱུ་ཆ་ལ་བསྟུན་ཏེ་འབྲི་གནང་མཛད་ཡོད་པ་དང་། རྩོམ་ཡིག་རང་གི་ཆ་ནས་ཀྱང་གོང་སྨྲོས་གནས་ཡིག་ཚད་ལྡན་དེ་དང་། ཡིག་ཆ་ཁུངས་ལྡན་གཞན་རྣམས་གཞིར་བཟུང་སྟེ་ཁུངས་མེད་ཀྱི་བཤད་པ་མེད་པར་བབ་ཆགས་ཚད་ཐུབ་ཏུ་བྲིས་ཡོད་ལ། ཀུན་སྤྱོད་ཀྱི་ཆ་ནས་ཀྱང་དཔལ་འབྱོར་འགུགས་ཐབས་ཀྱི་དམིགས་ཡུལ་མིན་པས། གནས་རི་ངོ་སྤྲོད་ཁོ་ནའི་ཆེད་དུ་སྟབས་བསྟུན་ཁ་ལ་གང་ཡོང་བཤད་མེད་པར་ད་ལྟ་ཡོད་བཞིན་པའི་ཡུལ་དངོས་ཀྱི་འདྲ་པར་དང་། ལོ་བརྒྱ་ཕྲག་སྔོན་གྱི་གནས་ཡིག་ར་སྤྲད་དེ་ངོ་སྤྲོད་པ་རྩལ་དུ་བཏོན་ཡོད་པ་ལ། ཚིག་དོན་རྒྱས་བསྡུས་འཚམ་ལ་དཔེ་དེབ་པར་སྐྲུན་གྱི་འགྲོ་རིམ་ལའང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགྲོ་ལུགས་ཚང་བར་བསྒྲུབས་ཡོད་པ་རེད།    

ཚད་མའི་ལུང་གི་གསུང་ཚུལ་དཔང་བོར་བཀོད།།

ཚད་མའི་དབང་བོས་ཡུལ་དངོས་གསལ་བོར་གཞལ།།

ཚད་ལྡན་སྤྱོད་པས་མཐོ་བཤད་དམའ་བཤད་སྤངས།།

ཚད་ཐུབ་གནས་ཡིག་འདི་ཀོ་གཅེས་པར་ཟུངས།།   

   ཞེས་པ་འདི་ཡང་དཔལ་འབྱོར་མཁོ་སྒྲུབ་ཀྱི་ཡོ་ལང་དང་བསྟུན།  སྤྲེལ་རྫོང་རི་བོའི་གནས་རིའི་བཤད་པ་དག་རྫུན་མང་བོ་ཁ་དར་བའི་ཁྲོད་དུ། ཚད་ཐུབ་ཀྱི་རྒྱུ་ཆ་འཛོམས་ཤོས་དེ་གནས་ཡིག་འདི་ཉིད་ཡིན་པར་ངོས་ཟིན་ནས། དད་ལྡན་ཤེས་འདོད་ཅན་ལ་བརྩེ་བས་མཚམས་སྦྱོར་བྱེད་པ་པོ་ཡང་ལོ་རྒྱུས་རིག་པར་འདྲིས་ཆ་གང་འཚམ་དང་ལྡན་པ་ཧྲོང་བོ་བསྟན་འཛིན་ཐོགས་མེད་དུ་འབོད་པའི་རྒྱལ་ཁམས་པ་ཞིག་གོ། །།

འབྲེལ་གཏུག་ཁ་པར།

ཟི་ལིང་།137-0978-5883

སྤྲེལ་རྫོང་།13007748992


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 5 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
c92f བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བསྟན་དར། སྤེལ་དུས:2020/7/16
གནས་བཤད་ཙམ་པོ་བ། དོན་གྱི་གཞི་འཁྲུགས་པ།
 སྤེལ་མཁན: ཆོས་རྒྱམ། སྤེལ་དུས:2020/7/16
ཆགས་སྡང་མངོན་ལ། ཉག་ཉོག་གིས་སྦགས།
 སྤེལ་མཁན: ཞིན་ཧེ་ཨ་མདོ་དཔར་ལས་ཚད་ཡོད་ཀུང་ཟི། སྤེལ་དུས:2016/6/22
ནང་དོན་ཕུན་སུམ་ཚོགས་པའི་གནས་ཡིག་ཞིག་ལགས་ཏེ། དེབ་འདི་ལ་རང་ཉིད་ཞེ་དྲག་དགའ་བོ་ཡོད། གནས་མཇལ་ལ་ངེས་པར་དུ་མཁོ་འདུག།
 སྤེལ་མཁན: གངས་སྨྱོན། སྤེལ་དུས:2016/5/31
ཉག་ཉོག
 སྤེལ་མཁན: གངས་སྨྱོན། སྤེལ་དུས:2016/5/31
ཉག་ཉོག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41149748
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1