མདོ་སྨད་དུ་འཁྲུངས་པའི་དགའ་ལྡན་གསེར་ཁྲི་རིམ་བྱོན་འགའ་ངོ་སྤྲོད།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 5 ཚེས 21 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» རྒྱུན་ཤེས་ཆོས་སྤྱོད། »མདོ་སྨད་དུ་འཁྲུངས་པའི་དགའ་ལྡན་གསེར་ཁྲི་རིམ་བྱོན་འགའ་ངོ་སྤྲོད
མདོ་སྨད་དུ་འཁྲུངས་པའི་དགའ་ལྡན་གསེར་ཁྲི་རིམ་བྱོན་འགའ་ངོ་སྤྲོད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/6/8ལྟ་ཀློག (4022)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

       ༈ དགའ་ལྡན་ཁྲི་རབས་དང་པོ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། དགེ་ལུགས་པའི་གྲུབ་མཐའི་སྲོལ་གཏོད་པ་པོ་རྗེ་ཙོང་ཁ་པ་ཆེན་པོ་མཆོག་ནི་རབ་བྱུང་དྲུག་པའི་མེ་བྱ་ཕྱི་ལོ༡༣༥༧ལོའི་ཟླ༡༠ཚེས༡༠ཉིན་མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་དཔལ་ཆེན་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་དྲུག་བཅུ་རེ་གསུམ་སྟེ། རབ་བྱུང་བདུན་པའི་ས་ཕག་ཕྱི་ལོ༡༣༡༩ལོའི་ཟླ༡༠ཚེས༢༥ཉིན་གྱི་ཞོགས་པའི་ཉི་དྲོད་ཙམ་ལ་གཟིམ་ཁང་འོད་གསལ་སྦུག་ཏུ་དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་ཚུལ་མཛད།

     ༈ དགའ་ལྡན་ཁྲི་རབས་དགུ་བ་རྗེ་དཔོན་བློ་བཟང་ཉི་མ། ཁོང་ནི་རབ་བྱུང་བདུན་པའི་ས་མོ་ལུག་ཕྱི་ལོ༡༤༣༩ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཚ་ཞིག་གི་སྲས་སུ་སྐུ་འཁྲུངས། བགྲང་བྱ་གསུམ་རིང་དགའ་ལྡན་གསེར་ཁྲི་བསྐྱངས། རབ་བྱུང་བརྒྱད་པའི་ཆུ་བྱི་ཕྱི་ལོ༡༤༩༢ལོར་དགུང་ལོ་ལྔ་བཅུ་ང་བཞིའི་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམས།

    ༈ དགའ་ལྡན་ཁྲི་རབས་བཅུ་བདུན་པ་རྡོ་རྗེ་བཟང་པོ། ཁོང་ནི་རབ་བྱུང་བརྒྱད་པའི་ལྕགས་ཕག་ཕྱི་ལོ༡༤༩༡ལོར་ཡུལ་མདོ་སྨད་མི་ཉག་ཏུ་སྐུ་འཁྲུངས། བགྲང་བྱ་བརྒྱད་རིང་དགའ་ལྡན་གསེར་ཁྲི་བསྐྱངས། རབ་བྱུང་དགུ་བའི་ཤིང་རྟ་ཕྱི་ལོ༡༥༥༤ལོར་དགུང་ལོ་དྲུག་ཅུ་རེ་བཞིའི་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམས།

     ༈ དགའ་ལྡན་ཁྲི་རབས་ཉེར་དགུ་པ་གྲགས་པའམ་ཆོས་གཉེར་གྲགས་པ། ཁོང་ནི་རབ་བྱུང་དགུ་བའི་མེ་རྟ་ཕྱི་ལོ༡༥༤༦ལོར་མདོ་སྨད་ཅོ་ནེའི་ཕོ་ས་སྡེ་བར་སྐུ་འཁྲུངས། རས་ཆུང་གི་རྣམ་སྤྲུལ་དུ་གྲགས། བགྲང་བྱ་བདུན་རིང་གསེར་ཁྲི་བསྐྱངས། རབ་བྱུང་བཅུ་བའི་ས་རྟ་ཕྱི་ལོ༡༦༡༨ལོར་དགུང་ལོ་བདུན་ཅུ་དོན་གསུམ་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམས།

     ༈ དགའ་ལྡན་ཁྲི་རབས་ཞེ་བཞི་བ་རྒྱ་ནག་པ་བློ་གྲོས་རྒྱ་མཚོའམ་ཁྲི་རྒྱ་ནག་པ། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་ཕག་ཕྱི་ལོ༡༦༣༥ལོར་མདོ་སྨད་སྐུ་འབུམ་དུ་སྐུ་འཁྲུངས། བགྲང་བྱ་བདུན་རིང་གསེར་ཁྲི་བསྐྱངས། རབ་བྱུང་བཅུ་གཉིས་པའི་ས་འབྲུག་ཕྱི་ལོ༡༦༨༨ལོར་དགུང་ལོ་ལྔ་བཅུ་ང་བཞིའི་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམས།

     ༈ དགའ་ལྡན་གསེར་ཁྲིའི་ཁྲི་རབས་ཞེ་ལྔ་བ་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་སྤྲེལ་ཕྱི་ལོ༡༦༣༢ལོར་མདོ་སྨད་ཅོ་ནེའི་ཞོ་བཟང་དུ་སྐུ་འཁྲུངས། བགྲང་བྱ་བཅུ་གཉིས་རིང་གསེར་ཁྲི་བསྐྱངས། རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ་ཕྱི་ལོ༡༧༡༣ལོར་དགུང་ལོ་བརྒྱད་ཅུ་གྱ་གཉིས་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམས།

    ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་ཞེ་དྲུག་པ་བསམ་བློ་སྤྱིན་པ་རྒྱ་མཚོའམ་ངག་དབང་དཔལ་བཟང་། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་མོ་སྦྲུལ་ཕྱི་ལོ༡༦༢༩ལོར་མདོ་སྨད་བིས་མདོ་རུ་སྐུ་འཁྲུངས། བགྲང་བྱ་གསུམ་རིང་གསེར་ཁྲི་བསྐྱངས། རབ་བྱུང་བཅུ་གཉིས་པའི་ཤིང་མོ་ཕག་ཕྱི་ལོ༡༦༩༥ལོར་དགུང་ལོ་དྲུག་ཅུ་རེ་བདུན་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམས།

    ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་ཞེ་བདུན་པ་ཡང་སྟེང་པ་བློ་བཟང་ཆོས་འཕེལ། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ནང་མདོ་སྨད་ཅོ་ནེ་རུ་སྐུ་འཁྲུངས། མཚན་གཞན་ལ་ཤར་རྩེ་བློ་བཟང་ཆོས་འཕེལ་དང་སྤོ་འབོར་བློ་བཟང་ཆོས་འཕེལ་ཡང་ཞུ། བགྲང་བྱ་གསུམ་རིང་གསེར་ཁྲི་བསྐྱངས། འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ།

    ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་ཞེ་དགུ་པ་བློ་བཟང་དར་རྒྱས། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ཕྱི་ལོ༡༦༦༢ལོར་མདོ་སྨད་ཅོ་ནེའི་ཨ་གཟིགས་ཐང་དུ་ཡབ་མགོན་པོ་བསམ་འགྲུབ་དང་། ཡུམ་ལྷ་བཟང་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བགྲང་བྱ་བདུན་རིང་གསེར་ཁྲི་བསྐྱངས། རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ཕྱི་ལོ༡༧༢༣ལོར་དགུང་ལོ་དྲུག་ཅུ་རེ་གཉིས་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམས།

    ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་ལྔ་བཅུ་བ་བྱ་བྲལ་པ་དགེ་འདུན་ཕུན་ཚོགས། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་ཕོ་བྱི་ཕྱི་ལོ༡༦༤༨ལོར་མདོ་སྨད་ཁྲོ་ཁོ་ཁག་གསུམ་གྱི་ནང་ཚན་གཅའ་ཁོག་དར་རིའི་རི་བཙན་གྱི་གནས་སུ་ཡབ་དཔལ་ཤུལ་ལྡོང་རིགས་འབུམ་ཕྱུག་དང་། ཡུམ་རྡོ་རྗེ་མཁའ་འགྲོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བགྲང་བྱ་བདུན་རིང་གསེར་ཁྲི་བསྐྱངས། རབ་བྱུང་བཅུ་གཉིས་པའི་ཤིང་སྤྲུལ་ཕྱི༡༧༢༥ལོར་དགུང་ལོ་བདུན་ཅུ་དོན་བརྒྱད་སྟེང་ཚལ་གུང་ཐང་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས།

     ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་ལྔ་གཅིག་པ་ངག་དབང་དཔལ་ལྡན་གྲགས་པ། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་མོ་ཕག་ཕྱི་ལོ༡༧༣༡ལོར་མདོ་སྨད་ཧོར་གཙང་དུ་སྐུ་འཁྲུངས་ཞེས་བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི་མདོ་སྨད་ཆོས་འབྱུང་དུ་གསལ་ཡང་། དུང་ཚིག་ཏུ་རབ་བྱུང་བཅུ་གཉིས་པའི་ས་བྱ་ཕྱི་ལོ༡༧༢༩ལོར་སྐུ་གཤེགས་པར་གསུང་འདུག་ན་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། བགྲང་བྱ་བདུན་རིང་གསེར་ཁྲི་བསྐྱངས།

     ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་ང་གསུམ་པ་རྒྱལ་མཚན་སེང་གེ །ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་རྟ་ཕྱི་ལོ༡༦༧༨ལོར་མདོ་སྨད་ཟམ་ཚའི་དེའུ་མགོར་ཡབ་ཚེ་རིང་བཀྲ་ཤིས་དང་། ཡུམ་སྙིང་མོ་ལྕགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་། ལྷ་མོའི་གསེར་ཁྲི་སྐུ་ཕྲེང་དང་པོ་ཡིན་ཞིང་། བགྲང་བྱ་བདུན་རིང་གསེར་ཁྲི་བསྐྱངས། རབ་བྱུང་བཅུ་བཞི་པའི་ས་བྱ་ཕྱི༡༧༥༦ལོར་དགུང་ལོ་བདུན་ཅུ་དོན་དགུའི་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམས།

     ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་ང་བཞི་བ་ངག་དབང་མཆོག་ལྡན། ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་ཕྱི་ལོ༡༦༧༧ལོར་མདོ་སྨད་གཅན་ཚ་དཀར་མོ་ཕུག་ཏུ་ཡབ་ནང་སོ་ཕྱག་རྡོར་བཀྲ་ཤིས་དང་། ཡུམ་བོ་མོག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྭ་སྒྲེང་མཆོག་སྤྲུལ་རིན་པོ་ཆེའི་སྐུ་ཕྲེང་དང་པོ་ཡིན། བགྲང་བ་བདུན་རིང་གསེར་ཁྲི་བསྐྱངས། རབ་བྱུང་བཅུ་གསུམ་པའི་ལྕགས་ལུག་ཕྱི་ལོ༡༧༥༡ལོར་དགུང་ལོ་བདུན་ཅུ་དོན་ལྔའི་སྟེང་རྭ་སྒྲེང་དགོན་པར་དགོངས་པ་ཆོས་སུ་འཐིམས།

    ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་ང་ལྔ་བ་ངག་དབང་ནམ་མཁའ་བཟང་པོ། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་གླང་ཕྱི་ལོ༡༦༨༥ལོར་མདོ་སྨད་ཟམ་ཚ་རྨོག་རུའི་ལྡན་ཐང་དུ་སྐུ་འཁྲུངས། ཟམ་ཚ་ཚང་སྐུ་ཕྲེང་དང་པོ་ཡིན་ཞིང་། བགྲང་བྱ་ལྔའི་རིང་གསེར་ཁྲི་བསྐྱངས། རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་རྟ་ཕྱི་ལོ༡༧༥༠ལོར་དགུང་ལོ་དྲུག་ཅུ་རེ་དྲུག་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམས།

    ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་ང་བརྒྱད་པ་ངག་དབང་ཆོས་གྲགས། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་ཕག་ཕྱི་ལོ༡༧༠༧ལོར་མདོ་སྨད་བྱ་ཁྱུང་གི་ཉེ་འདབས་མཚམས་རིང་པར་ཤར་ཏུ་སྐུ་འཁྲུངས། བགྲང་བྱ་བདུན་རིང་གསེར་ཁྲི་བསྐྱངས།རབ་བྱུང་བཅུ་གསུམ་པའི་ས་ཕག་ཕྱི་ལོ༡༧༧༩ལོར་དགུང་ལོ་བདུན་ཅུ་ཐམ་པའི་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམས།

    ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་དྲུག་ཅུ་བ་བློ་བཟང་བསྟན་པ། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་སྟག་ཕྱི་ལོ༡༧༡༠ལོར་མདོ་སྨད་རོང་ཆེན་བཞིའི་ཡ་གྱལ་རྒྱལ་མོ་ཚ་བ་རོང་དུ་སྐུ་འཁྲུངས། བགྲང་བྱ་དྲུག་རིང་གསེར་ཁྲི་བསྐྱངས། རབ་བྱུང་བཅུ་གསུམ་པའི་ལྕགས་མོ་གླང་ཕྱི་ལོ༡༧༨༡ལོར་དགུང་ལོ་བདུན་ཅུ་དོན་གཅིག་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམས།

    ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་རེ་གཅིག་པ་ངག་དབང་ཚུལ་ཁྲིམས། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་ཕྱི་ལོ༡༧༢༡ལོར་མདོ་སྨད་ཅོ་ནེའི་རྟ་བོ་མདོ་ཞེས་པར་ཡབ་ཆོས་སྐྱབས་དང་། ཡུམ་ཚུལ་ཆེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བགྲང་བ་བདུན་རིང་གསེར་ཁྲི་བསྐྱངས། ཁོན་ནི་ཚེ་སྨོན་གླིང་ཧོ་ཐོག་ཐུའི་སྐུ་ཕྲེང་དང་པོ་ཡོན། རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི་ཕྱི་ལོ༡༧༩༠ལོར་དགུང་ལོ་བདུན་ཅུ་ཐམ་པའི་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམས།

     ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་རེ་གཉིས་པ་བློ་བཟང་སྨོན་ལམ། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་བྱ་ཕྱི་ལོ༡༧༢༩ལོར་མདོ་སྨད་རྒྱལ་རོང་སྤྲོ་ནང་དུ་སྐུ་འཁྲུངས། བགྲང་བྱ་བརྒྱད་རིང་གསེར་ཁྲི་བསྐྱངས། དམ་པ་འདི་སྐུ་གཤེགས་ལོ་ཁོངས་ཐུབ་ཡིན་པ་གསལ་བོ་མ་ངེས།

    ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་རེ་དྲུག་པ་ངག་དབང་སྙ་གྲགས། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་སྟག་ཕྱི་ལོ༡༧༤༦ལོར་མདོ་སྨད་བྱ་ཁྱུང་མཚམས་རིང་དུ་ཁྲི་ཆེན་ངག་དབང་ཆོས་གྲགས་ཀྱི་སྐུ་ཉེའི་རིགས་སུ་སྐུ་འཁྲུངས། བགྲང་བྱ་བདུན་རིང་གསེར་ཁྲི་བསྐྱངས། རབ་བྱུང་བཅུ་བཞི་བའི་ཤིང་བྱ་ཕྱི་ལོ༡༨༢༥ལོར་དགུང་ལོ་བརྒྱད་ཅུ་ཐམ་པའི་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམས།

    ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་དོན་གསུམ་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས། ཁོང་ནི་རབ་བྱུང་བཅུ་བཞི་བའི་ཆུ་བྱི་ཕྱི་ལོ༡༧༩༢ལོར་མདོ་སྨད་ཅོ་ནེ་མཛོ་གུང་ཤར་ཞེས་པར་ཡབ་མཁས་གྲུབ་རྒྱ་མཚོ་དང་། ཡུམ་རིན་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བགྲང་བྱ་བདུན་རིང་གསེར་ཁྲི་བསྐྱངས། ཚེ་སྨོན་གླིང་ཧོ་ཐོག་ཐུའི་སྐུ་ཕྲེང་གཉིས་པ་ཡིན། རབ་བྱུང་བཅུ་བཞི་པའི་ཆུ་ཁྱི་ཕྱི་ལོ༡༨༦༢ལོར་དགུང་ལོ་བདུན་ཅུ་དོན་གཅིག་སྟེང་མདའ་ཚན་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས།

    ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་དོན་བཞི་བ་ཁྱུང་རོ་བློ་བཟང་ལྷུན་གྲུབ། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་གླང་ཕྱི་ལོ༡༧༨༡ལོར་མདོ་སྨད་རྒྱོལ་རོང་ཅོག་རྩེར་ཡབ་དཀའ་ཐུབ་དང་། ཡུམ་ཀླུ་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བགྲང་བྱ་བཞིར་གསེར་ཁྲི་བསྐྱངས། རབ་བྱུང་བཅུ་བཞི་པའི་མེ་ལུག་ཕྱི་ལོ༡༨༤༧ལོར་དགུང་ལོ་དྲུག་ཅུ་རེ་བདུན་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམས།

    ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་དོན་དྲུག་པ་སྡེ་དྲུག་བློ་བཟང་མཁྱེན་རབ་དབང་ཕྱུག ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་ལུག་ཕྱི་ལོ༡༧༩༩ལོར་མདོ་སྨད་རྒྱལ་རོང་དུ་སྐུ་འཁྲུངས། བགྲང་བྱ་བདུན་རིང་གསེར་ཁྲི་བསྐྱངས། སྡེ་དྲུག་ཧོ་ཐོག་ཐུའི་སྐུ་ཕྲེང་དང་པོ་ཡིན། རབ་བྱུང་བཅུ་བཞི་བའི་ལྕགས་ལུག་ཕྱི་ལོ༡༨༧༢ལོར་དགུང་ལོ་བདུན་ཅུ་དོན་བཞིའི་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམས།

    ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་དོན་བརྒྱད་པ་འཇམ་དབྱངས་དམ་ཆོས། ཁོང་ནི་མདོ་སྨད་རྒྱལ་རོང་དུ་སྐུ་འཁྲུངས། བགྲང་བྱ་བདུན་རིང་གསེར་ཁྲི་བསྐྱངས། རབ་བྱུང་བཅུ་བཞི་བའི་ལྕགས་བྱ་ཕྱི་ལོ༡༨༦༩ལོ་ཡས་མས་སུ་དགོངས་པ་ཆོས་དབྱིངས་སུ་འཐིམས།

    ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་བརྒྱད་ཅུ་པ་གྲགས་པ་དོན་གྲུབ། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ་ཡང་། རབ་བྱུང་བཅོ་ལྔ་བའི་ལྩགས་རྟ་ཕྱི་ལོ༡༨༧༠ལོར་དགའ་ལྡན་གསེར་ཁྲིར་བཞུགས་ཤིང་། བཀྲང་བྱ་བདུན་རིང་གསེར་ཁྱི་བསྐྱངས།

   ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་གྱ་གཅིག་པ་ངག་དབང་ནོར་བུ། ཁོང་ནི་མདོ་སྨད་རྒྱལ་རོང་ཟུང་ཆུར་སྐུ་འཁྲུངས་ཤིང་། བགྲང་བྱ་ལྔའི་རིང་གསེར་ཁྲི་བསྐྱངས། རབ་བྱུང་བཅོ་ལྔ་བའི་ལྩགས་འབྲུག་ཕྱི་ལོ༡༨༨༠ལོར་དགོངས་པ་ཆོས་དབྱིངས་སུ་འཐིམས།

    ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་གྱ་གསུམ་པ་བྱང་ཆུབ་ནམ་མཁའ། ཁོང་ནི་མདོ་སྨད་རྒྱལ་རོང་དུ་སྐུ་འཁྲུངས་ཤིང་། བགྲང་བྱ་ལྔའི་རིང་གསེར་ཁྲི་བསྐྱངས། རབ་བྱུང་བཅོ་ལྔ་བ་ཕྱི་ལོ༡༨༩༢ཡས་མས་སུ་དགོངས་པ་ཆོས་དབྱིངས་སུ་འཐིམས།

   ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་གྱ་བཞི་པ་བློ་བཟང་ཚུལ་ཁྲིམས། ཁོང་ནི་མདོ་སྨད་རྒྱལ་རོང་དུ་སྐུ་འཁྲུངས་ཤིང་། བགྲང་བྱ་བདུན་རིང་གསེར་ཁྲི་བསྐྱངས། འཁྲུངས་འདས་ཀྱི་ལོ་ཚིགས་སོགས་མི་གསལ།

    ༈ དགའ་ལྡན་གསེར་ཁྲི་ཁྲི་རབས་གྱ་བདུན་པ་བློ་བཟང་བསྟན་པའི་རྒྱལ་མཚན། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཆུ་ཕག་ཕྱི་ལོ༡༨༦༣ལོར་མདོ་སྨད་ཅོ་ནེའི་མཁར་གྱི་ཉེ་འདབས་སུ་སྐུ་འཁྲུངས་ཤིང་། བགྲང་བྱ་བདུན་རིང་གསེར་ཁྲི་བསྐྱངས། རབ་བྱུང་བཅོ་ལྔ་བའི་ལྕགས་སྦྲེལ་ཕྱི་ལོ༡༩༢༠ལོ་སྟེ་དགུང་ལོ་ལྔ་བཅུ་ང་བརྒྱད་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམས།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
96yc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བསྟན་པ སྤེལ་དུས:2017/2/3
ཁོང་ཚོ་ནི་ང་ཚོའི་མདོ་སྨད་པའི་གཟི་བརྗིད་རེད
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
14203134
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号