དར་དཀར་པོའི་བོད་ཟས་ཁང་ངོ་སྤྲོད་མདོར་བསྡུས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 17 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དཔལ་འབྱོར།» ཚོང་ལས་འོས་སྦྱོར། »དར་དཀར་པོའི་བོད་ཟས་ཁང་ངོ་སྤྲོད་མདོར་བསྡུས།
དར་དཀར་པོའི་བོད་ཟས་ཁང་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/6/15ལྟ་ཀློག (2764)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དར་དཀར་པོའི་བོད་ཟས་ཁང་གི་ངོ་སྤྲོད་མདོར་བསྡུས།

     དེ་ཡང་ཤ་རུས་དང་ཁྲག་རྒྱུན་གཅིག་ཅིང་།  དམིགས་འདུན་དང་ཁ་ཕྱོགས་གཅིག་པའི་ཡུལ་ཆོལ་གསུམ་གྱི་སྤུན་ཟླ་རྣམ་པ་ལགས། ད་ལན་ངས་ཁྱེད་ཚོར་མི་རིགས་རང་གི་ཁྱད་ཆོས་མ་ཉམས་ཤིང་། དེང་རབས་རང་བཞིན་གྱི་སྟོང་ཆ་མ་ཤོར་བའི་བོད་ཟས་ཁང་གཙང་དག་ཅིག་ངོ་སྤྲོད་བྱེད་ན། བོད་ཟས་ཁང་དེ་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གྱི་བོད་མིའི་ཁྲོམ་དུ་ཡོད་པའི༼དར་དཀར་པོའི་བོད་ཟས་ཁང༽རེད།

    བོད་ཟས་ཁང་འདི་སྤྱི་ལོ༢༠༡༠ལོར་གསར་དུ་བཙུགས་པ་དང་། དང་ཐོག་གཞི་རྒྱ་ཆུང་ངུ་ཞིག་ནས་མགོ་བརྩམས་ཏེ་རིམ་བཞིན་དཀའ་སྡུག་གི་འགག་འཕྲང་གང་མང་བརྒྱུད་མཐར། ད་ལྟ་མི་རིགས་ཀྱི་ཁྱད་ཆོས་དང་། ཞབས་ཞུའི་རྣམ་འགྱུར། ཟ་མའི་སྤུས་ཀ་སོགས་ཕྱོགས་ཡོངས་ནས་ཚད་ལྡན་རང་བཞིན་ཅན་གྱི་བོད་ཟས་ཁང་ཞིག་ཏུ་གྱུར་ཡོད།

༼༡༽

       བོད་ཟས་ཁང་འདི་ནི་ཐོག་བརྩེགས་གཉིས་ཀྱིས་གྲུབ་པ་ཞིག་སྟེ། བརྩེགས་དང་པོར་གནའ་བོའི་བོད་ཀྱི་ཁྱད་ཆོས་མ་ཉམས་པའི་རོལ་ཆས་དང་གོ་ཁྲབ་སོགས་བཤམ་སྟོན་བྱས་ཡོད་པས། ཁྱེད་སྐུ་མགྲོན་རྣམ་པས་སོས་དལ་བག་ཕེབས་ངང་མི་རིགས་ཀྱི་གནའ་བོའི་རིག་དངོས་ལ་རོ་མྱོང་བྱེད་བཞིན་ཁ་ལག་མཆོད་ཆོག   བརྩེགས་གཉིས་པར། ཁང་མིག་དང་པོ༼དབུས་གཙང་ཆོས་ཀྱི་གླིང་དུ༽བོད་དབུས་གཙང་ཕྱོགས་ཀྱི་གནད་ཡོད་མི་སྣ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་སོགས་ཀྱི་སྐུ་པར་དང་གསུང་རྩོམ་རྣམས་བཤམས་ཡོད་པ་དང་། ཁང་མིག་གཉིས་པ༼ཁམས་པ་དཔའ་མཛངས་གླིང༽དུ་བོད་ཁམས་ཕྱོགས་ཀྱི་གནད་ཡོད་མི་སྣ། མཁས་དབང་ཚུལ་ཁྲིམས་བློ་གྲོས། འབའ་བ་ཕུན་ཚོགས་དབང་རྒྱལ། མཁས་དབང་ནམ་མཁའ་ནོར་བུ་རྣམས་ཀྱི་སྐུ་པར་དང་གསུང་རྩོམ་རྣམས་བཤམས་ཡོད། ཁང་མིག་གསུམ་པ༼ཨ་མདོ་རིག་པའི་གླིང༽དུ་བོད་མདོ་སྨད་ཀྱི་གནད་ཡོད་མི་སྣ་ཀུན་གཟིགས་པན་ཆེན་རིན་པོ་ཆེ་དང་། མཁས་དབང་དགེ་འདུན་ཆོས་འཕེལ། དཔལ་དོན་འགྲུབ་རྒྱལ་རྣམས་ཀྱི་སྐུ་པར་དང་གསུང་རྩོམ་རྣམས་བཤམས་ཡོད་པས་ཁྱེད་ཅག་གིས་སྔོན་བྱོན་དམ་པར་རྗེས་དྲན་དང་། སྣ་མང་གསུང་རྩོམ་ལ་ལྟ་ཀློག་བྱེད་བཞིན་སྤྲོ་དགའ་ལྷིང་འཇགས་ངང་ཁ་ལག་མཆོད་ཆོག

༼༢༽

     བོད་ཟས་ཁང་འདི་ལ་གཞན་དང་མི་འདྲ་བའི་ལོ་རྒྱུས་ཤིག་ཡོད་པ་ནི། ༢༠༡༠ལོ་ནས་ད་ལྟའི་བར་དུ་བོད་ཟས་ཁང་འདིས་མདོ་དབུས་ཁམས་གསུམ་གྱི་མཁས་དབང་མང་པོ་གདན་འདྲེན་བྱས་ནས། མི་སྣ་རྗེས་དྲན་ཚོགས་འདུ་དང་། རིག་གནས་བགྲོ་གླེང་ཚོགས་འདུ་སོགས་ཚོགས་འདུ་ཆེ་ཆུང་བརྒྱ་ལྷག༼དར་དཀར་པོའི་བོད་ཟས་ཁང་༽འདིར་ཚོགས་མྱོང་བར་མ་ཟད། གྲོང་ཁྱེར་དུ་མི་རིགས་རིག་གནས་དང་སྐད་ཡིག་གི་རྨང་གཞི་འཛུགས་སྐྲུན་ཐད་ལ་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད། ལྷག་པར་དུ་དེང་རབས་བོད་ཀྱི་སློབ་གསོ་བ་ཆེན་མོ་རྭ་རྒྱའི་འཇིགས་མེད་རྒྱལ་མཚན་དང་བོད་ཀྱི་མཛངས་མ་ཨ་མདོའི་སྒྲོལ་མ་སོགས་སྐུ་དངོས་སུ་ཕེབས་ནས་བོད་ཟས་ཁང་འདི་ལ་བསྔགས་བརྗོད་དང་གཟི་བརྗིད་དཔང་ཡིག་སོགས་གནང་བ་དང་། མདོ་དབུས་ཁམས་གསུམ་གྱི་ཤེས་ཡོན་པ་དང་། བསམ་བློ་བ། བླ་སྤྲུལ་དགེ་བའི་བཤེས་གཉེན་མང་པོས་གདེང་འཇོག་མི་དམན་པ་ཐོབ་ཡོད་དོ།།

     སྐུ་མགྲོན་ལགས།  ཁྱེད་རང་དར་དཀར་པོའི་བོད་ཟས་ཁང་དུ་ཕེབས་དང་།  འདི་ན་བོད་སེམས་གཙང་མ་དང་།  བོད་ཟས་གཙང་མ། ཞབས་ཞུ་ཡག་པོ་བཅས་ཀྱིས་ཁྱེད་ལ་སྒུག་ཡོད།

ཅེས་རབ་རྒྱན་མེ་སྤྲེལ་ལོ/ སྤྱི་ལོ༢༠༡༦/༦/༧ལ་ཁམས་བྲག་འགོའི་དུག་ཚེར་དུ་འབོད་པས་བྲིས།

028—69902811


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
khao བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དུག་ཚེར། སྤེལ་དུས:2016/6/16
ངས་ལབ་མིན་་་་རོགས་ཚོ་ངོ་མ་ཡག་པོ་ཡོད་རེད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
15600708
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号