ཁམས་རྫོགས་ཆེན་དགོན་གྱི་སྤྲེལ་ལོ་སྤྲེལ་ཟླའི་ཆོས་སྟོན་ཆེན་མོའི་མཛད་འཆར་གསལ་བརྡ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 7 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» བརྡ་སྦྱོར་གླིང་། »ཁམས་རྫོགས་ཆེན་དགོན་གྱི་སྤྲེལ་ལོ་སྤྲེལ་ཟླའི་ཆོས་སྟོན་ཆེན་མོའི
ཁམས་རྫོགས་ཆེན་དགོན་གྱི་སྤྲེལ་ལོ་སྤྲེལ་ཟླའི་ཆོས་སྟོན་ཆེན་མོའི་མཛད་འཆར་གསལ་བརྡ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/6/20ལྟ་ཀློག (4090)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྫོགས་ཆེན་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན།

      ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་བསིལ་ལྡན་བྷོ་ཊའི་ལྗོངས་སུ་ཐོག་མར་འདྲེན་པ་བསྟན་པ་སྔ་དར་གྱི་དུས་སྐབས་ཏེ། ཕྱི་ལོའི་དུས་རབས་དགུ་པར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རུ་དམ་གནས་འདིར་ཞབས་ཀྱིས་བཅགས་ཤིང་མདོ་ཁམས་གངས་ར་ཉེར་ལྔའི་ཡ་གྱལ་ཡོན་ཏན་གནས་ཀྱི་གཙོ་བོར་བྱིན་གྱིས་བརླབས། བདུད་རྩི་སྨན་གྱི་སྒྲུབ་པ་མཛད་དེ་གནས་འདིར་གསང་སྔགས་བསྟན་པའི་སྒྲོན་མེ་ཐོག་མར་སྦར་བ་ནས་ད་བར་སྟོང་ལོ་གཅིག་དང་ཉིས་བརྒྱ་ལྷག་ཕྱིན།

        བསྟན་པ་ཕྱི་དར་སྐབས་ཏེ་ཕྱི་ལོ་༼ ༡༦༨༥ ༽ལོར་རྒྱལ་དབང་ལྔ་བ་ཆེན་མོས་བཀས་བསྐུལ་བ་བཞིན།༧ གྲུབ་ཐོབ་རྫོགས་ཆེན་པ་པདྨ་རིག་འཛིན་གནས་འདིར་ཕེབས་ཏེ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་འཁོར་གླིང་ཕྱག་བཏབ། འོད་གསལ་རྫོགས་པ་ཆེན་པོའི་གདམས་ཁྲིད་ནས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་བཤད་སྤྱི་དང་། སོ་བྱང་སྔགས་ཀྱི་སྡོམ་གསུམ་ལ་རྩལ་འདོན་མཛད་པས། འཇའ་ལུས་འོད་སྐུར་གྲོལ་བ་དང་གནས་ལྔ་རིག་པར་བྱན་ཆུབ་པའི་མཁས་བཙུན་གྲུབ་པའི་སྐྱེས་ཆེན་བརྒྱུད་མར་བྱོན་པའི་བཤད་སྒྲུབ་ཀྱི་ཆོས་སྡེ་ཆེན་མོ་དར་རྒྱས་སུ་ཕྱིན།

    ཕྱོགས་ཀྱི་བུ་དགོན་སུམ་བརྒྱ་ལྷག་ཏུ་འཕེལ་བས་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་དྲུག་གི་ཡ་གྱལ་དུ་གྱུར།  དུས་རབས་སྔ་མའི་ལོ་རབས་དྲུག་ཅུ་པའི་གོད་ཆག་ཁྲོད་དགོན་པ་འདིའི་ཕྱི་ནང་རྟེན་དང་བརྟེན་པ་བཅས་ཡོངས་རྩ་མེད་བཅོམ་བརླག་ཏུ་ཕྱིན།   རྒྱལ་བསྟན་ཡང་དར་གྱི་ལོ་རབས་བརྒྱད་ཅུ་པར་ཤུལ་ལུས་བླ་སྤྲུལ་རྒན་རབས་པས་སྣེ་ཁྲིད་དེ་དད་ལྡན་ཡོངས་ནས་སེམས་ཤུགས་ཆེན་པོས་བསྐྱར་གསོ་གང་འཚམ་བྱས་ཀྱང་རྒྱུ་སྤུས་ལག་རྩལ་སོགས་མཐུན་རྐྱེན་ཞན་པས་མི་རིང་བར་ཞིག་རལ་དུ་གྱུར།

     དུས་ཉེར་གཅིག་པའི་མགོ་ནས་ ༧ གྲུབ་དབང་རྫོགས་ཆེན་བདུན་པ་བསྟན་འཛིན་ལུང་རྟོགས་ཉི་མའི་བླ་ན་མེད་པའི་ཐུགས་སྟོབས་མཁྱེན་དཔྱོད་ཟབ་མོའི་དབུ་ཁྲིད་དང་། མཁན་སྤྲུལ་སྐྱེས་ཆེན་དག་གི་རྨད་དུ་བྱུང་བའི་མཛད་འཕྲིན་དུས་སུ་སྨིན་པའི་བདག་རྐྱེན་ལས། ཕོ་བྲང་ཆེན་མོ་དང་ཕྱོགས་ཀྱི་གཙུག་ལག་ཁང་གྲྭ་ཁང་ཡོངས་བཟོ་བཀོད་ལྡན་པའི་འཛུགས་སྐྲུན་མཇུག་གྲུབ་སྟེ། ཕྱི་ལོ་ཉིས་སྟོང་བཅུ་དྲུག་པ་བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་སྤྲེལ་ཟླའི་ཡར་ཚེས་བཅུ་པ། རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་སྐུའི་འཁྲུངས་སྐར་ཉིན་ལེགས་པར་གྲུབ་པའི་རབ་གནས་དགའ་སྟོན་རྒྱས་པར་སྤེལ་བའོ།།  

   དགེ་ཚོགས་དམ་པ་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བའི་རྒྱུར་བསྔོ་བའི་སྨོན་ལམ་ཟབ་མོ་དང་བཅས།  མཛད་རིམ་དུས་ཚེས་གཤམ་དུ་གསལ་བ་ལ་སྤྱན་རས་གཡོ་བར་མཛོད།  ཆོས་སྟོན་མཛད་རིམ་དུས་ཚེས་འཆར་འགོད་ལ།

     ༼བོད་རབ་བྱུང་བཅུ་བདུན་པའི་ཟླ་བ་ ༦པའི་ཚེས་༩ ༽སྟེ། ཕྱི་ལོ་2016 ལོའི་ཟླ་བ་8 པའི་ཚེས་ 12 ཉིན་ཕྱོགས་ཀྱི་སྐུ་མགྲོན་གྲལ་འཛིན་དང་། དུས་སྟོན་སྔོན་འགྲོའི་བོད་ཀྱི་གླུ་གར་སྒྱུ་རྩལ་གྱི་མཆོད་པ།    

     ༼བོད་ཚེས་༡༠༽ ཕྱི་ཚེས་13 ཉིན་ཕོ་བྲང་མཛད་སྒོ་དང་ཚེས་བཅུའི་ཚོགས་མཆོད་ཆེན་མོ།

     ༼བོད་ཚེས་༡༡༽ ཕྱི་ཚེས་ 14 ཉིན་ཤྲཱི་སེང་ནཱ་ལེནྡྲ་མཐོ་རིམ་ནང་བསྟན་སློབ་གླིང་སྒོ་འབྱེད་དང་ཚེས་བཅུའི་གར་འཆམ།

     ༼བོད་ཚེས་༡༢ ༽ ཕྱི་ཚེས་15 ཉིན་མཆོད་རྟེན་བྱ་རུང་ཁ་ཤོར་དང་སྒྱུ་འཕྲུལ་བློས་བསླངས་སྒོ་འབྱེད། གླིང་གེ་སར་ཕུ་ནུའི་སྐོར་དང་ཆོས་སྐྱོང་གར་འཆམ། 

     ༼བོད་ཚེས་༡༣ ༽ ཕྱི་ཚེས་ 16 ཉིན་དགའ་སྟོན་མཇུག་གི་གླུ་གར་བཅས་ཀྱིས་ལེགས་པར་གྲོལ།

     ཉིན་འདི་དག་གི་སྔ་དགོང་དུ་བཤད་སྒྲུབ་དགོན་གསུམ་གྱི་ཚོགས་སྡེ་ཁག་གི་ལྷ་ཁང་སོ་སོར་ཚོགས་མཆོད་དང་མར་མེའི་སྨོན་ལམ། ཉིན་ལྟར་ཆོས་མཇལ་རྒྱུན་མི་ཆད་པ་ཡོད་རྒྱུ་བཅས་སོ།།



དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
41s7 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15792920
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号