ན་གཞོན་བརྙན་ལེན་པ་དང་སྒྲིག་སྦྱོར་བ་ཀུན་དགའི་སྒྱུ་རྩལ་བརྩམས་ཆོས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» གཞས་ར་ཁྲ་མོ། »ན་གཞོན་བརྙན་ལེན་པ་དང་སྒྲིག་སྦྱོར་བ་ཀུན་དགའི་སྒྱུ་རྩལ་བརྩམས་ཆ
ན་གཞོན་བརྙན་ལེན་པ་དང་སྒྲིག་སྦྱོར་བ་ཀུན་དགའི་སྒྱུ་རྩལ་བརྩམས་ཆོས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/7/6ལྟ་ཀློག (5228)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཨ་ནུ་རིང་ལུགས། གླུ་གཞས་ཆེད་བསྒྲིགས།

      ཨ་ནུ་ཚན་སྡེབ་ནི་ཡུལ་ཤུལ་ནས་ཐོན་པའི་སྒྱུ་རྩལ་ལ་དད་པ་རྣམ་དག་ཡོད་མཁན་གྱི་ན་གཞོན་གཉིས་ཏེ། གླུ་གཞས་སྒྱུ་རྩལ་ནི་ཁོང་གཉིས་ལ་མཚོན་ན་མི་ཡུལ་ནས་སེམས་པ་ཁེན་ས་དང་འཚོལ་སྙེག་བྱེད་ས་ཡིན། ཁོང་གཉིས་ནི་ཕུགས་བསམ་ཡོད་ཀྱང་ལག་ལེན་མེད་པའི་མི་ནང་བཞིན་སྡོད་འདོད་མེད་པར་པེ་ཅིང་སོགས་སུ་སློབ་གྲྭར་འགྲིམས་ཤིང་དེང་རབས་ཀྱི་གླུ་གཞས་ཕྱོགས་ལ་སྦྱང་བ་གང་མང་བྱས། དེར་བརྟེན། ཁོང་གཉིས་ཀྱི་གླུ་ཚིག་གི་ནང་དོན་དང་རོལ་དབྱངས། ད་དུང་བརྙན་ལེན་སྟངས་སོགས་མདོར་ན་གླུ་གཞས་ཧྲིལ་བོར་དེང་རབས་ཀྱི་རྣམ་པ་དང་ཁྱད་ཆོས་ལྡན་པར་མ་ཟད་ཁོང་གཉིས་ཀྱི་གླུ་གཞས་དག་གིས་ན་ཆུང་མང་བོའི་འཚོལ་སྙེག་དང་སེམས་ཁམས་ཀྱང་མཚོན་གྱིན་ཡོད།

     ད་དུང་ཁོང་གཉིས་ནི་གླུ་གཞས་རྐྱང་རྐྱང་ལེན་མཁན་ཙམ་མ་ཡིན་པར་གྱོན་གོས་འཆར་འགོད་དང་གསར་གཏོད་ཕྱོགས་ལའང་མོས་འདུན་ཧ་ཅང་ཆེ་བས། ༼ཨ་ནུ་༽ཞེས་པའི་མི་རིགས་ཀྱི་རྣམ་པ་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ལྭ་བ་འགའ་ཡང་གསར་གཏོད་བྱས་ཡོད། མདོར་ན་ཁོང་གཉིས་ཀྱི་མཛེས་སྡུག་ལྡན་པའི་སྒྱུ་རྩལ་གྱི་ལམ་བུར་ཐུགས་ཁུར་དང་རྒྱབ་སྐྱོར་ཡོད་པར་ཞུ་ཞུ།

ཡུལ་ནས་ཡོང་དུས།

འཁྲབ་ཁྲིད།  ཨ་ནུ་རིང་ལུགས།

བརྙན་ལེན།  ཀུན་དགའ།

སྒྲིག་སྦྱོར།  ཀུན་དགའ།

རོལ་མོ།  ཏན་ཏན།

༼ ཨ་ནུ། ༽

ཨ་ནུ་ཞེས་པ་རོལ་མོ་ཞིག་ཡིན།

འཛམ་གླིང་ཡང་རྩེ་ནས་དཀྲོལ་བའི་སེམས་ཀྱི་རོལ་མོ་ཞིག་ཡིན།

ཨ་ནུ་ཞེས་པ་གླུ་སྐད་ཅིག་ཡིན།

སའི་གོ་ལའི་མཐོ་ས་ནས་མཆེད་པའི་ལང་ཚོའི་གླུ་སྐད་ཅིག་ཡིན།

ཨ་ནུ་ཞེས་པ་དབྱངས་རྟ་ཞིག་ཡིན།

མཚོ་བོད་མཐོ་སྒང་ནས་གྲག་པའི་རང་བྱུང་གི་དབྱངས་རྟ་ཞིག་ཡིན།

ཨ་ནུ་ཞེས་པ་རེ་བ་ཞིག་ཡིན།

སྒྱུ་རྩལ་གྱི་རྨི་ལམ་སེམས་ལ་ཉར་བའི་རེ་བ་ཞིག་ཡིན།

ཨ་ནུ་ཞེས་པ་སྨོན་འདུན་ཞིག་ཡིན།

འཚོ་བ་ལ་ཕུལ་བའི་ཆེས་དྭངས་གཙང་གི་སྨོན་འདུན་ཞིག་ཡིན།

ཨ་ནུ་ཞེས་པ་དད་པ་ཞིག་ཡིན།

ལང་ཚོ་དང་སྒྱུ་རྩལ་ལ་བཅངས་པའི་རྣམ་དག་གི་དད་པ་ཞིག་ཡིན།

ཨ་ནུ་ཞེས་པ་སྙིང་སྟོབས་ཤིག་ཡིན།

སེམས་ཀྱི་འདོད་པ་གླུ་རུ་ལེན་པའི་སྙིང་སྟོབས་ཤིག་ཡིན།

བརྙན་ལེན་སྒྲིག་སྦྱོར་བའི་འབྲེལ་གཏུག་ཁ་པར།

18797151779


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཁྱ་མ། སྤེལ་དུས:2018/6/23
བོད་ལ་མཚོན་ན་གླུ་གཞས་གསར་བའམ། དུས་རབས་ཀྱི་རྗེས་ཆོད་པའི་གླུ་གཞས་ཀྱིས་དབུལ་བའི་ཡུལ་ཞིག་ཏུ་སེམས་ལ། ན་ནིང་ཡང་པི་ཝང་འབྲུག་མགོ་མ་ཡིན་ལ་ད་ལོ་ཡང་དེ་ལས་མ་འདས། དེའི་ཕྱིར། བོད་ཀྱི་ན་གཞོན་མང་པོ་ཞིག བོད་གཞས་ཉན་པར་མི་སྤྲོ་བར་མི་རིགས་གཞན་གྱི་གཞས་ཁོ་ནར་ཉན་ཞིང་། མི་རིགས་གཞན་གྱི་གླུ་གཞས་ཁོ་ན་སྦྱོང་བ་ལས་མ་འདས། དེ་ནི་ང་ཚོའི་མི་རིགས་འདིའི་ངོ་ཚ་དང་། མི་རིགས་འདིའི་གླུ་བ་ཚོའི་ང་ཚའང་རེད། དེ་ན་ང་ཚོར་འདི་འདྲའི་གནས་སྟངས་ལས་བརྒལ་ནས་འགྲོ་བའི་སྙིང་སྟོབས་ཡོད་དགོས་ལ། གཞན་གྱི་གླུ་གཞས་ལ་ལད་ཟློས་དང་“རྐུ་ལེན”མི་བྱེད་པར། རང་སྐད་ཀྱི་ཁྱད་ཆོས་དང་རང་དབྱངས་ཀྱི་སྙན་ཆ་འཚོལ་ཞིང་སྙེག་དགོས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41310603
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1