ས་སྐྱ་ལེགས་བཤད། ༼༦༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལེགས་བཤད། »ས་སྐྱ་ལེགས་བཤད། ༼༦༽
ས་སྐྱ་ལེགས་བཤད། ༼༦༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/7/9ལྟ་ཀློག (4092)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ས་སྐྱ་ལེགས་བཤད། ༼༦༽

བློ་གྲོས་ཆེན་པོ་རྒུད་ན་ཡང་། །

ལྷག་པར་བློ་གྲོས་སྟོབས་ལྡན་འགྱུར། །

རི་དྭགས་རྒྱལ་པོ་བཀྲེས་པ་ན། །

གླང་ཆེན་སྤྱི་བོ་མྱུར་དུ་འགེམས། །


          བློ་གྲོས་ཆེན་པོར་གཏམ་སྙན་སོགས་རྒུད་པའི་རྐྱེན་དང་ཕྲད་པ་ན། སྔར་གྱི་དེ་བས་ཀྱང་བློ་གྲོས་སྟོབས་ལྡན་སྐྱེ་བ་དེ་བསྟན་ནོ།།

          བློ་གྲོས་ཆེན་པོ་མ་རྒུད་ན་ལྟ་ཅི་རྒུད་པར་འགྱུར་ན་ཡང་སྔར་གྱི་བས་ལྷག་པར་བློ་གྲོས་སྟོབས་དང་ལྡན་པར་འགྱུར་ཏེ་དཔེར་ན། རི་དྭགས་རྒྱལ་པོ་སེང་གེ་བཀྲེས་པའི་ཚེ་ན་དེ་བས་སྟོབས་རྩལ་བསྐྱེད་དེ་གླང་པོ་ཆེའི་སྤྱི་བོ་འགེམས་པ་སྟེ་བཅོམ་པ་བཞིན་ནོ། །ཞེས་པའོ། །

          རྗེ་བཙུན་མི་ལ་རས་པར་ཨ་ཁུ་ཨ་ནེས་གཙོ་བྱས་པའི་གཉེན་ཉེ་རྣམས་ཀྱིས་ཡབ་ཀྱི་ཤུལ་བཞག་རྒྱུ་ནོར་ཐམས་ཅད་འཕྲོགས་ཤིང་སྡུག་སྣ་རྒུ་བཅོལ་བའི་ཐོག་ནས་འཕྲལ་དུ་རྒུད་ན་ཡང། མཐུ་སྦྱངས་ནས་དགྲ་བོ་བཏུལ་བ་དང་། ཆོས་བྱས་ནས་གྲུབ་པ་ཐོབ་སྟེ་ཀུན་གྱི་བཀུར་འོས་སུ་གྱུར་པ་རྒུད་པའི་རྐྱེན་ལས་བྱུང་བ་ལྟར་ལགས་པས། འཕྲལ་རྐྱེན་རྒུད་པ་དང་ལྡན་པའི་ཚེ་ཞུམ་པ་མི་སྐྱེ་བར་འགྱེལ་ས་ནས་ལངས་ཐུབ་པ་ཞིག་བྱ་དགོས་སོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmes བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: སྤྲོ་ཤེར། སྤེལ་དུས:2016/7/10
འདི་ཡག་པ་སྤེལ་ཡོད་ཁུ། རྩོམ་སྒྲིག་བྱས་ནོ་འགྲིག་གི། དུས་རྒྱུན་དེ་ལྟར་བྱས་ན་ལྷག་ཏུ་བཟང་གི།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41540422
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1