ཚན་རིག་པས་རྟགས་གསལ་གཏོང་བཞིན་པའི་ཀླད་པར་དངོས་སུ་བརྟག་དཔྱད་བྱེད་བཞིན་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »ཚན་རིག་པས་རྟགས་གསལ་གཏོང་བཞིན་པའི་ཀླད་པར་དངོས་སུ་བརྟག་དཔྱད་བྱ
ཚན་རིག་པས་རྟགས་གསལ་གཏོང་བཞིན་པའི་ཀླད་པར་དངོས་སུ་བརྟག་དཔྱད་བྱེད་བཞིན་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/7/16ལྟ་ཀློག (5597)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཚན་རིག་པས་རྟགས་གསལ་གཏོང་བཞིན་པའི་ཀླད་པར་དངོས་སུ་བརྟག་དཔྱད་བྱེད་བཞིན་པ། 

     དབང་རྩ་ཚན་རིག་པ་དང་སེམས་ཁམས་རིག་པ་བ་སེམས་རྩེ་གཅིག་ཏུ་གནས་པའི་སྒོམ་གྱི་ཕྱོགས་ལ་ཆེད་ལས་མཉམ་ཞིབ་ཡུན་རིང་གནང་བའི་ཕྱིར་རྒྱལ་གྱི་ཚན་རིག་པ་ཁག་ཅིག    བྱེས་ཀྱི་གདན་ས་ཆེན་མོ་སེར་བྱེས་གྲྭ་ཚང་དུ་ཆེད་དུ་ཕེབས་ཏེ།  སེར་བྱེས་གྲྭ་ཚང་གི་ཚན་རིག་ཁང་དུ་འདི་གའི་གྲྭ་ཚང་གི་གཞུང་ཆེན་སློབ་གཉེར་བའི་ཀླད་པར་དེང་རབས་ཀྱི་ཀླད་པ་བརྟག་དཔྱད་འཕྲུལ་ཆས་བརྒྱུད་མཉམ་ཞིབ་དང་བརྟག་དཔྱད་བྱེད་འགོ་བཙུགས།

      དེ་ཡང་བྱེས་གྲྭ་ཚང་གི་ཚན་རིག་ཁང་དུ་དགེ་འདུན་པ་ཁག་ཅིག་གདན་ཞུ་གནང་སྟེ།  ཚན་རིག་པ་ཁོང་རྣམ་པ་དང་ལྷན་དུ་སེམས་དང་སེམས་ཀྱི་མྱོང་ཚོར་གྱི་འགྱུར་འགྲོས་དང། ཀླད་པ་དང་དབང་རྩའི་བྱེད་ལས་སོགས་ལ་ཕན་ཚུན་བསམ་ཚུལ་བརྗེ་རེས་དང་དྲི་བ་དྲི་ལན་སོགས་ཀྱི་སྒོ་ནས་བགྲོ་གླེང་གནང་བ་དང་།  དེའི་རྗེས་སུ་དགེ་འདུན་པ་གཉིས་ཀྱི་དབུ་མགོར་དེང་དུས་ཀྱི་ཀླད་པར་བརྟག་དཔྱད་འཕྲུལ་ཆས་བཀོལ་ནས།  གཅིག་དམ་བཅའ་ལ་བཞུགས་པ་དང་།  གཅིག་ལ་རྟགས་གསལ་གཏོང་དུ་བཅུག་སྟེ། རྒྱུན་ལྡན་ཆོས་རྭའི་ནང་དུ་དཀའ་གནད་ལ་རྩོད་པའི་བརྒལ་བརྟག་བྱེད་པ་ལྟར་རྩོད་པ་རྩོད་པའི་སྐབས་དེར་ཁོ་གཉིས་ཀྱི་ཀླད་པ་དང་དབང་རྩའི་འགྱུར་འགྲོས་དང་མྱུར་ཚད། ཀླད་པའི་གནས་དང་དབང་རྩ་གང་དང་གང་འགུལ་བསྐྱོད་དང་འཕེར་ཆ་ཇི་འདྲ་ཡོང་གི་ཡོད་མེད་སོགས་ཀྱི་ཐད་ལ་བརྟག་དཔྱད་བྱས་པ་རེད།

       སྤྱིར་བཏང་ནས་དབང་རྩ་ཚན་རིག་གིས་བསམ་བློ་དང་སེམས་ཚོར། གཤིས་སྤྱོད། ཀླད་པ་དང་སྒྱུངས་པ། དབང་རྩའི་བྱེད་ལས། དབང་རྩའི་འཁྲུག་སྐྱོན་སོགས་ལ་དཔྱད་པ་བྱེད་ལ།  དེ་བཞིན་དུ་སེམས་གང་ཡིན་ནམ། འགྲོ་བ་མི་ལ་སེམས་ཚོར་ཇི་ལྟར་དང་ཅིའི་ཕྱིར་འབྱུང་ངམ། དབང་རྩའི་ནད་རིགས་དང་སེམས་ནད་ཀྱི་རྩ་བའི་གཞི་རྟེན་གང་ཡིན་ནམ་ལྟ་བུའི་གནད་དོན་མང་པོ་ཞིག་ལ་ཞིབ་འཇུག་དང་བརྟག་དཔྱད་བྱེད་བཞིན་པ་ཞིག་རེད།    ནུབ་ཕྱོགས་པའི་སེམས་ཁམས་རིག་པ་དང་དབང་རྩ་ཚན་རིག་སོགས་དང་། ཟབ་ཅིང་བརླིང་བའི་ནང་པའི་སེམས་ཀྱི་འཇིག་རྟེན་དང་མྱོང་ཚོར། དེ་དག་གི་བློ་སྦྱོང་བྱེད་ཐབས་སོགས་ཀྱི་བར་ལ་མཉམ་ལས་དང་། བགྲོ་གླེང་། མཉམ་དཔྱོད་ཀྱི་བྱ་བཞག་སོགས་གོང་འཕེལ་དང་ཁྱབ་རྒྱ་ཆེ་རུ་གཏོང་བར་བརྒྱུད་ནས་གོ་རྟོགས་གསར་བ་ཞིག་དང་གསར་བརྗེ་གསར་བ་ཞིག་བསྐྲུན་པར་འབད་འབུངས་བྱེད་བཞིན་པ་རེད།

ཚན་རིག་པས་རྟགས་གསལ་གཏོང་བཞིན་པའི་ཀླད་པར་དངོས་སུ་བརྟག་དཔྱད་བྱེད་བཞིན་པ།

ཚན་རིག་པས་རྟགས་གསལ་གཏོང་བཞིན་པའི་ཀླད་པར་དངོས་སུ་བརྟག་དཔྱད་བྱེད་བཞིན་པ།


2016/ 7/ 14/  བྱ་གཞུང་འཇམ་བྷེ་ནས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
0xp4 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41355903
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1