ཚོང་པ་གསེར་གྱི་སྟོད་གོས་ཅན་བསད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »ཚོང་པ་གསེར་གྱི་སྟོད་གོས་ཅན་བསད།
ཚོང་པ་གསེར་གྱི་སྟོད་གོས་ཅན་བསད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/7/16ལྟ་ཀློག (11266)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༼ ཚོད་མ་ཟིན་ན་འདི་འདྲ་རེད། མཐུན་རྐྱེན་ཤི་རྐྱེན་དུ་སོང་འདུག༽ ཚོང་པ་གསེར་གྱི་སྟོད་གོས་ཅན་བསད།


    རྒྱ་གར་གྱི་ཚོང་པ་ཕྱུག་པོ་གསེར་གྱི་སྟོད་གོས་ཅན་ཌཱ་ཐཱ་ཧྥུ་གྷེ་ཟེར་བར་མི་མང་པོས་རུབ་བརྡུང་བྱས་ཏེ་དམར་གསོད་བཏང་ཡོད་འདུག   ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་མཚན་མོར་རྒྱ་གར་གྱི་ཚོང་པ་གསེར་གྱི་སྟོད་གོས་ཅན་ཌཱ་ཐཱ་ཧྥུ་གྷེ་(Datta Phuge)མེམ་བྷེ་གྲོང་ཁྱེར་གྱི་ཌི་ཧི་(Dighi)རུ་བསྡུས་པའི་སྐྱེས་སྐར་སྤྲོ་ཚོགས་ཤིག་ཏུ་ཕྱིན་ཏེ་ཕྱིར་ནང་དུ་ལོག་སྐབས། མི་བཅུ་གྲངས་ཤིག་གིས་ཌཱ་ཐཱ་ཧྥུ་གྷེ་ལ་རྡོ་དང་མཚོན་ཆས་བརྒྱབ་སྟེ་དམར་གསོད་བཏང་ཡོད་འདུག
    ཉེན་རྟོག་པས་ཌཱ་ཐཱ་ཧྥུ་གྷེ་གསོད་མཁན་མི་ ༡༢ ཡོད་པ་དང་། ད་ལྟའི་ཆར་ཌཱ་ཐཱ་ཧྥུ་གྷེ་ཡི་ཚ་བོ་བཅས་དོགས་ཡོད་ཉེས་ཅན་ ༤ འཛིན་བཟུང་བྱས་ཏེ་འདྲི་གཅོད་བྱེད་བཞིན་ཡོད་སྐོར་དང་། ཁོ་ཚོས་དངུལ་ལ་ཧམ་སེམས་སྐྱེས་ནས་ཁོ་བསད་པ་ཡིན་སྐོར་བརྗོད་འདུག་ལ། ཁོ་དང་མཉམ་དུ་ཡོད་པའི་བུ་ཞུ་བྷམ་གྱིས་ཉེན་རྟོག་པར། ཕ་རྒན་གྱིས་རླངས་འཁོར་བཏང་སྟེ་ཕྱིར་ནང་དུ་ལོག་རྩིས་བྱེད་སྐབས་མི་མང་པོས་རུབ་བརྡུང་བྱས་པ་དངོས་སུ་མཐོང་བ་མ་ཟད། ལག་དམར་བ་དེ་ཚོའི་ནང་ནས་མི་བདུན་བརྒྱད་ཅིག་ངོ་ཤེས་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།
     ཌཱ་ཐཱ་ཧྥུ་གྷེ་ནི་མཱ་ཧཱ་རཱ་ཤི་ཊི་ར་མངའ་སྡེའི་Pimpri-Chinchwad གྲོང་ཁྱེར་ནས་ཡིན་པའི་ཚོང་པ་ཞིག་ཡིན་ལ། ཁོས་ཕྱི་ལོ་ ༢༠༡༣ ལོར་གསེར་སྤྱི་རྒྱ་ ༣ ལྷག་གིས་བཟོས་པའི་གསེར་གྱི་སྟོད་ཐུང་ཕུ་ཐུང་ཅན་ཞིག་ཉོས་པ་ནས་བཟུང་སྟེ་གསེར་གྱི་མི་ཞེས་སྐད་གྲགས་ཆགས་ཡོད་པ་རེད།
བསྐྱར་བཅོས།: ༢༠༡༦/༠༧/༡༦


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 7 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
nkdq བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: 1111 སྤེལ་དུས:2017/6/12
1111
 སྤེལ་མཁན: 1111 སྤེལ་དུས:2017/6/12
1111
 སྤེལ་མཁན: 1111 སྤེལ་དུས:2017/6/12
1111
 སྤེལ་མཁན: 1111 སྤེལ་དུས:2017/6/12
1111
 སྤེལ་མཁན: 1111 སྤེལ་དུས:2017/6/12
1111
 སྤེལ་མཁན: 1111 སྤེལ་དུས:2017/6/12
1111
 སྤེལ་མཁན: 1111 སྤེལ་དུས:2017/6/12
1111
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41145463
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1