ས་སྐྱ་ལེགས་བཤད། ༼༨༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལེགས་བཤད། »ས་སྐྱ་ལེགས་བཤད། ༼༨༽
ས་སྐྱ་ལེགས་བཤད། ༼༨༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/7/16ལྟ་ཀློག (5649)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ས་སྐྱ་ལེགས་བཤད། ༼༨༽

རིག་པ་ནངས་པར་འཆི་ཡང་བསླབ། །

ཚེ་འདིར་མཁས་པར་མ་གྱུར་ཀྱང་། །

སྐྱེ་བ་ཕྱི་མར་བཅོལ་བ་ཡི། །

ནོར་ལ་རང་ཉིད་ལེན་དང་མཚུངས། །

           རིག་པ་སང་འཆི་ཡང་དེ་རིང་བསླབ་དགོས་པའི་རྒྱུ་མཚན་སེམས་རྒྱུད་ཀྱི་ཡོན་ཏན་གྱིས་སྐྱེ་བ་ཕྱི་མར་ཕན་ངེས་སུ་བསྟན་པ་དེ་ཡིན།

           ཤེས་བྱ་རིག་པའི་གནས་ལ་ཡུན་རིང་འཚོ་ན་སྨོས་ཅི་དགོས་ཏེ། ནངས་པ་སྟེ་སང་ཉིན་འཆི་ངེས་ཤིག་ཡིན་རུང་ལེ་ལོ་མེད་པར་བསླབ་དགོས་ཏེ། སང་ཉིན་འཆི་རྒྱུ་ཡིན་པས། ཚེ་འདིར་མཁས་པར་གྱུར་པའི་སྐབས་མ་མཆིས་ཀྱང་། སྐྱེ་བ་ཕྱི་མར་ཚེ་འདིར་སྦྱངས་པའི་ཡོན་ཏན་གྱིས་ཕན་པ་རང་གིས་བཅོལ་བའི་ནོར་ལ་རང་ཉིད་ལེན་པའི་དབང་དང་ལྡན་པ་བཞིན་ནོ། ཞེས་པའོ། །


           ཚེ་འདིར་བསླབས་པས་ཕྱི་མར་རང་ནོར་རང་གིས་ལེན་པ་ལྟར་གྱུར་ཚུལ་ནི། འཇམ་མགོན་ས་པཎ་བལྟམས་ནས་གོག་ཐུབ་པ་ན། སྔ་མའི་བག་ཆགས་སད་པའི་སཾ་སྐྲི་ཏའི་སྐད་སྨྲ་བ་འགའ་རེ་བྱུང་། ཡུམ་གྱིས་འདི་ལ་གུ་བ་ཞིག་ཡོང་བ་མ་ལགས་སམ། གཏམ་གོ་རྒྱུ་མེད་པ་སྨྲ་ཡིན་གདའ་ཞུས་པས། རྗེ་པས་སཾ་སྐྲི་ཏ་མཁྱེན་པ་གཟིགས་ནས། ཁྱོད་ཀྱི་བུ་ལ་གུ་བ་བྱུང་དོགས་མེད་གསུངས་སྐད། གཞན་ཡང་ཕྱག་མཛུབ་ཀྱིས་ནཱ་ག་ར་དང་ལཉྫ་ལ་སོགས་པ་རྒྱ་གར་གྱི་ཨཱ་ལི་ཀཱ་ལི་ཚར་རེ་བྲིས་ནས་ཀློག་པའི་ཚུལ་མཛད། དེ་ལ་མི་འགོམ་པར་ཕྱག་གིས་ཕྱིས་ནས་གཏོང་བ་དང་། རྒྱ་ཀློག་བོད་ཀློག་མ་བསླབས་པར་མཁྱེན་པ་སོགས་ལས། ཚེ་འདིར་སྦྱངས་པས་ཕྱི་མར་ཕན་ཚུལ་ལགས་པས། ཕྱིར་མི་འབྲངས་པའི་ནོར་ལ་ཆགས་པ་སྤངས་ནས་གཏན་དུ་ཕན་པའི་ཐོས་བསམ་ལ་འབད་དགོས་པ་ལགས་སོ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
gd5j བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41543858
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1