སྲོལ་རྒྱུན་འུར་ཆའི་བཟོ་རྩལ་དང་འུར་རྡོའི་འགྲན་སྡུར་གྱི་བྱ་འགུལ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »སྲོལ་རྒྱུན་འུར་ཆའི་བཟོ་རྩལ་དང་འུར་རྡོའི་འགྲན་སྡུར་གྱི་བྱ་འགུ
སྲོལ་རྒྱུན་འུར་ཆའི་བཟོ་རྩལ་དང་འུར་རྡོའི་འགྲན་སྡུར་གྱི་བྱ་འགུལ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/7/30ལྟ་ཀློག (6410)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

       རྒྱུས་ལོན་བྱས་པ་ལྟར་ན།  སྤྱི་ལོ་༢༠༡༦ལོའི་ཟླ་༧པའི་ཚེས་ ༢༥ཉིན་མཚོ་སྔོན་ཞིང་ཆེན་མགར་རྩེ་ཚོ་ཆེན་བཅོ་བརྒྱད་ཀྱི་དགྲ་ལྷའི་དཔུང་བསྟོད་ཀྱི་དགའ་སྟོན་ཉིན་མོར་༼སྲིད་པ་རྒད་པོ༽དམངས་སྲོལ་རིག་གནས་འཚོལ་བསྡུ་ཚན་ཆུང་ཞེས་པ་ཞིག་གིས་བོད་ཀྱི་དམངས་ཁྲོད་རིག་གནས་ཉམས་བཞིན་པའི་སྲོལ་རྒྱུན་སྐོར་མ་ཉམས་པ་གོང་འཕེལ་དང་ཉམས་པ་སླར་གསོའི་ཐད་རང་ནུས་ཅི་ལྕོགས་ཀྱིས་འབད་འབུངས་རེ་རྒྱག་བསམས་ནས་ཚན་ཆུང་གསར་དུ་བཙུགས་པའི་སྐབས་དང་བསྟུན་ཏེ་ད་ལོར་དམངས་ཁྲོད་ཀྱི་རྔམ་མཐུག་པའི་སྲོལ་རྒྱུན་གྱི་དོ་ར་ནས་བྱེ་བྲག་ཉམས་རྒུད་དུ་འགྲོ་བཞིན་པའི་འུར་རྡོའི་རིག་གནས་ལ་ཆེད་དམིགས་ཀྱིས་གཞི་རྒྱ་ཆེ་བའི་བྱ་འགུལ་ཞིག་སྤེལ་བ་རེད་འདུག 

     ད་རེབ་བྱ་འགུལ་གྱི་ནང་གསེས་ལ་སྲོལ་རྒྱུན་འུར་ཆའི་བཟོ་རྩལ་འགྲན་སྡུར་དང་འུར་རྡོའི་འགྲན་སྡུར་གཉིས་དུས་མཉམ་དུ་སྤེལ་ཡོད་ལ་བོད་ཀྱི་དམངས་ཁྲོད་འུར་ཆའི་རིག་གནས་དེ་ཐབས་བརྒྱ་ཇུས་སྟོང་གིས་མི་རབས་རྗེས་མ་ཚོར་ངོས་ཟིན་དང་ཉམས་གསོའི་ལས་ཀར་ཀུན་གྱིས་གདེང་འཇོག་བཟང་བོ་དང་དགའ་བསུ་ཆེན་པོ་ཐོབ་འདུག

ཚོགས་རྟགས་སྲིད་པ་རྒད་པོ།

བཟོ་རྩལ་སྣ་ཚོགས་ཀྱི་འུར་ཆ།

འུར་ཆའི་བཟོ་རྩལ་ལ་རྒྱུས་ལོན་བྱ་བཞིན་པ།

འུར་ཆས་རྡོ་འཕངས་ཏེ་འགྲན་སྡུར་བྱ་བའི་ཡུལ་དངོས།

འུར་ཆས་རྡོ་འཕངས་ཏེ་འགྲན་སྡུར་བྱ་བའི་ཡུལ་དངོས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urkx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཨ་མའི་གཅེས་ལོ སྤེལ་དུས:2016/7/30
ནམ་ཡང་རང་རིགས་ཀྱི་སྲོལ་རྒྱུན་གྱི་ཕྱོགས་ལ་གོམ་ཁ་བསྒྱུར་བཞིན་པས་ན་གཞོན་གྱི་ཚོམ་བུ་འདི་ལ་རྒྱབ་སྐྱིར་དང་ཐུགས་ཁུར་བྱེད་ངེས། རྡོག་རྩ་གཅིག་བསྒྲིལ
 སྤེལ་མཁན: མགར་ཆོས། སྤེལ་དུས:2016/7/30
གྲོགས་པོ་ཚོར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་རྗེས་མར་དེ་ལས་མང་བའི་དམངས་སྲོལ་རིག་གནས་དར་སྤེལ་ལ་བྱས་རྗེས་འཇོག་ཐུབ་པའི་སྨོན་འདུན་ཞུའོ། །
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41325486
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1