ས་སྐྱ་ལེགས་བཤད། ༼༡༠༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལེགས་བཤད། »ས་སྐྱ་ལེགས་བཤད། ༼༡༠༽
ས་སྐྱ་ལེགས་བཤད། ༼༡༠༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/8/4ལྟ་ཀློག (2491)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ས་སྐྱ་ལེགས་བཤད། ༼༡༠༽

མཁས་པ་ཡོན་ཏན་ཀུན་བསླབས་པ། །

མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ། །

བློ་ངན་ཤེས་པ་མང་ན་ཡང། །

རྒྱུ་སྐར་བཞིན་དུ་གསལ་མི་ནུས། །

         གདུལ་བྱའི་འཇིག་རྟེན་གྱི་བློའི་མུན་པ་སེལ་བ་ལ། སེལ་པོ་རང་ཉིད་ཤེས་བྱ་ཐམས་ཅད་ཕྱིན་ཅི་མ་ལོག་པ་ཇི་བཞིན་ཤེས་པ་ཞིག་དགོས་པར་བསྟན་ཡོད།

         མཁས་པ་ཤེས་བྱའི་ཡོན་ཏན་ཀུན་མ་ལུས་པར་མཐར་ཕྱིན་པ་སྟེ་ཇི་བཞིན་ཤེས་པ་ཞིག་བྱུང་ན་ཉི་མ་གཅིག་གིས་འཇིག་རྟེན་གྱི་མུན་པ་སེལ་བ་བཞིན་དུ། མཁས་པ་གཅིག་གིས་སེམས་ཅན་འཇིག་རྟེན་གྱི་ཁམས་མོས་པ་དང་མཐུན་པའི་སྒོ་ནས་བླང་དོར་གྱི་གནད་བསྟན་ཏེ་བློའི་མུན་པ་གསལ་བར་ནུས་ལ། བློ་ངན་ཏེ་ཤེས་བྱའི་ཕྱོགས་རེ་བ་དང་དེ་ཡང་ཇི་བཞིན་མི་ཤེས་པ་མང་དུ་ཚོགས་ན་ཡང་། རྒྱུ་སྐར་མང་པོས་ས་སྟེང་གི་མུན་པ་སེལ་བར་མི་ནུས་པ་བཞིན་དུ་འཇིག་རྟེན་གྱི་བློའི་མུན་པ་སེལ་བར་མི་ནུས་སོ། ཞེས་པའོ། །

         རང་གིས་ཤེས་བྱ་མ་ལུས་པ་ཇི་བཞིན་ཤེས་པས་འགྲོ་བའི་ཡིད་ཀྱི་མུན་པ་སེལ་ནུས་པའི་ཚུལ་ནི། སྔོན་ཤཱཀྱ་དགའ་བྱེད་ཟེར་བ་ཤི་ནས། ཀུན་ཏུ་རྒྱུ་རྣམས་ཀྱིས་གཤིན་ཆོས་བྱེད་སྐབས། གཤིན་པོ་དེ་བཀུག་ནས་གཟུགས་དངོས་སུ་སྟོན་པ་ལ་བཟའ་བཏུང་སྟེར་བ་སོགས་བྱེད་སྲོལ་ཡོད་པ་དེ་བཞིན་བྱས་ཏེ། ཉེ་དུ་རྣམས་ཀྱིས་དེ་ཤཱཀྱ་དགའ་བྱེད་དངོས་ཡིན་བསམས་པ་ན། སྟོན་པས། དྲི་ཟ་ཁྱབ་བྱེད་དང་གནོད་སྤྱིན་གཏོགས་འདོད་རྣམས་ཀྱིས་གཤིན་པོར་བརྫུས་པ་ཡིན་གསུངས་པ་ལ། དེ་དག་ཡིད་མ་ཆེས་པས། སྟོན་པས་ཤཱཀྱ་བ་རྣམས་ལ་འབྲུའི་ཐུམ་པོ་ཁྱིམ་སོ་སོའི་མིང་བྱང་བཅུག་པ་རེ་ཁྱེར་ནས་ཤོག་གསུངས་པས། ཤཱཀྱའི་མི་ཁྱིམ་ཧ་ཅང་མང་པོ་ཞིག་གིས་དེ་ལྟར་ཕུལ་བས། འབྲུའི་ཐུམ་པོ་གླང་ཆེན་གྱི་རྒྱབ་ཁལ་ལོང་བ་ཙམ་བྱུང་བ་རྣམས། སྟོན་པས་འདི་དང་འདི་ཡིན་ཞེས་གཅིག་ཀྱང་མ་ནོར་བར་ངོས་འཛིན་མཛད་པས་ཡིད་ཆེས་བྱུང་སྟེ། སྟོན་པའི་རྗེས་སུ་འཇུག་པ་ལྟར་ལགས་སོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
eb3h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41542572
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1