རྐྱང་གཞས་འགྲེམ་བརྡ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» དགོང་ཚོགས། འོད་སྡེར་གསར་བ། »རྐྱང་གཞས་འགྲེམ་བརྡ།
རྐྱང་གཞས་འགྲེམ་བརྡ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/8/11ལྟ་ཀློག (21593)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྐྱང་གཞས་འགྲེམ་བརྡ།

           གླུ་གཞས་ལ་ཉན་སྤྲོ་བའི་གྲོགས་པོ་རྣམ་པ།  བདེ་མོ་ཡིན་ནམ།  ངའི་མིང་ལ་གསེར་གུར་ཟེར།  ད་ལྟ་ངས་རང་གི་མི་ཚེའི་ནང་གི་རྐྱང་གཞས་ཐོག་མ་༼གྲོགས་པོ༽་ཞེས་པའི་MVགྱི་བརྙན་ཕབ་སྒང་ཡིན་ལ།  མི་འགྱང་བར་སོ་སོའི་མི་སྒེར་འཕྲིན་སྟེགས(kangbawa1888)སོགས་བརྒྱུད་ནས་ཁྱོད་ཚོའི་སྤྱན་ལམ་དུ་འབུལ་འཆར་ཡིན།   གཤམ་དུ་གུས་པོས་སྐད་ཆ་ཚིག་གསུམ་གྱིས་རང་གི་བརྩམས་ཆོས་ངོ་སྤྲོད་ཙམ་ཞིག་ཞུ་རྒྱུ་ཡིན།  

           མི་ཚེ་འདིར་ང་ལ་དགའ་ཕྱོགས་རྫོགས་མཐའ་མེད་པ་ཞིག་ཡོད།  གཞས་གཏོང་རྒྱུ་ནི་དེའི་ནང་གི་གཅིག་ཡིན།   དེའི་ཐད་ལ་ངོས་ནས་རང་ཚོད་ཀྱིས་འབད་པ་གང་འཚམས་བརྟེན་ཞིང་དཀའ་སྡུག་ཐབས་ཆག་གི་འཚོ་བ་མང་ཙམ་ཞིག་རོལ་བ་ཡིན།  བྱ་བ་ལམ་དུ་སོང་བ་ཞིག་ལ།  ད་ནི་ངའི་རྨི་ལམ་ལྟ་བུ་དེ་གཞི་ནས་མངོན་གྱུར་བྱུང་སོང་།  ༼གྲོགས་པོ༽་ནི་ངོས་ཀྱི་རྐྱང་གཞས་ཐོག་མ་ཡིན་ལ་གཞས་ཐོག་མ་ཡང་ཡིན།

          ང་ཚོ་མི་རེ་རེ་ལ་རང་རང་གི་འཇོན་ནུས་རེ་དང་དགའ་ཁ་འཁྱེར་ཕྱོགས་རེ་ཡོད་པ་རེད།   དེ་བཞིན་དུ་མི་རེ་རེའི་སེམས་ནང་ན་ཐག་རིང་ཐག་རིང་ཞིག་ལ་འགྲོ་འདོད་ཀྱི་རྨི་ལམ་རེ་དང་ཐག་རིང་དེ་ན་རང་ལ་དབང་བ་ཞིག་ཅི་ཞིག་ཡོད་ངེས་སོ་སྙམ་པའི་ཧམ་སེམས་རེ་ཡོད་པ་རེད།  ང་ཡང་དེ་བཞིན་ཡིན་ལ་ཚེ་འདིར་ངོ་ཤེས་སུ་གྱུར་བའི་ངའི་གྲོགས་པོ་ཁྱོད་ཚོ་ཡང་དེ་ལས་མ་འདས་པ་རེད། 

          དུས་རབས་འདི་ནི་མུན་ནག་དང་འོད་ཟེར་སྐྱ་འཐབ་པའི་བཙོན་ཁང་ཁ་ལེབ་མེད་པ་ཞིག་ཡིན་པར་ཆ་བཞག་ན།  ང་ཚོ་ནི་རང་གི་རྨི་ལམ་དང་ཁེར་རྐྱང་།   ང་རྒྱལ་དང་ཞེ་སྡང་།  རེ་བ་དང་རེ་ཆད་གཞས་སུ་གཏོང་བར་སྤྲོ་བའི་སྤྲང་གོག་འབའ་ཞིག་ཡིན།  ང་ནི་དེའི་ནང་ནས་ཐག་རིང་ཞིག་ཏུ་འགྲོ་ན་འདོད་མཁན་དེ་ཡིན་ལ་ངའི་གྲོགས་པོ་ཁྱོད་ཚོ་ཡང་དེ་བཞིན་རེད།   

          ༼གྲོགས་པོ༽ཞེས་པའི་གཞས་ཚིག་འདི་ནི་ང་དང་ལས་ཀྱི་ལམ་ཁ་གཅིག་ལ་ཁེལ་ཞིང་ས་མཐའ་ནས་ངོ་ཤེས་ནས་ནང་གྲོགས་སུ་གྱུར་བའི་གྲོགས་པོ་འབྲོག་སྐྱ་བོས་བྲིས་པ་རེད།  ཁོས་གཞས་ཚིག་འདི་ངེད་གཉིས་ཀྱི་ཇ་ཁའི་ཁ་བརྡ་ཞིག་ལས་བཤུས་ཤིང་ཡིག་ཐོག་ཏུ་ཕབ་ཅིང་ངས་དབྱངས་རྟ་སྦྱར་ནས་གཞས་ལ་བཅོས་པ་ཞིག་ཡིན།   འདི་ནི་ངས་རང་གི་གྲོགས་པོ་ཞིག་དང་མཉམ་འབྲེལ་གྱིས་གསར་རྩོམ་བྱས་པའི་བརྩམས་ཆོས་ཐོག་མ་ཡང་ཡིན་ཞེས་བཤད་ན་འདོད།

          མཇུག་མཐར་ངས་༼གྲོགས་པོ༽་ཞེས་པའི་གླུ་གཞས་འདི་གནམ་འོག་གཅིག་ཏུ།  ཉི་འོད་གཅིག་ལ་རེ།   མཁའ་དབུགས་གཅིག་ལ་བརྟེན།   སྡུག་པོ་འདྲ་མིན་བརྒྱབ་ནས་རྨི་ལམ་མི་འདྲ་བ་རེ་རྨི་བཞིན་པའི་ངོ་ཤེས་ཤིང་མི་ཤེས་པའི་གྲོགས་པོ་ཡོངས་ལ་ཕུལ་བ་ཡིན།   མི་རེ་རེ་ལ་ཕུལ་བ་ཡིན།   ཁ་དྲོ།  བཀྲ་ཤིས།

 

色格尔单曲宣

    音乐迷的朋友们大家好,我是色格尔 。我的第一个单曲(朋友)MV即将杀青,将不久在(kangbawa1888 )等微信公众平台上与大家见面。

     作为一个喜欢做梦的孩纸,我有很多兴趣爱好 ,当然音乐则是最不可缺少的一部分 ,为了实现我的音乐梦 我每天都会过着像风一样的生活。终于迎来了一次痛快 ,我的第一个原创歌曲(朋友)将要播发了! 相信大家都会有所感触,因为我们都有能飞向天空的翅膀,所以会想像那是个什么样的场景。我的单曲(朋友)的歌词是由我一路的诗友、朋友卓·嘉斡所创作的。曲则是本人所配。对我们所了解的生活,都有着不同的理解,所以每天都在过着没有明天的生活。希望这首歌曲能为很多天马行空的年轻人而代言,同时,献给所有想着远行的小梦想家,献给每一个追梦的坏孩子  谢谢大家!

དྲྭ་ཚིགས་གཙོ་གཉེར་བ།  ཁཱ་ཤེས་རབ་རྒྱ་མཚོ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
c91f བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41145462
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1