དུར་མིག་གི་སྙན་ངག་བདམས་བཀོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »དུར་མིག་གི་སྙན་ངག་བདམས་བཀོད།
དུར་མིག་གི་སྙན་ངག་བདམས་བཀོད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/9/4ལྟ་ཀློག (2542)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དུར་མིག་གི་སྙན་ངག་བདམས་བཀོད།


ཕལ་བའི་མི་དུར་མིག་ནི།1989 ལོར་སི་ཁྲོན་གསེར་རྟའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས།
ཆུང་དུས་སུ་ཡི་གེའི་སྦྱོར་ཀློག་ཙམ་བྱས། རྗེས་སུ་སློབ་གླིང་ག་གེ་མོ་རེ་ལ་ཟུར་ཞུགས་དང་དངོས་ཞུགས་གང་རུང་བྱས་ནས། 
ཚད་མ་རིག་པ། འདུལ་བ། ད་དུང་སུམ་རྟགས་དག་གསུམ་ཡོངས་ལ་སློབ་སྦྱོང་ཕྲན་བུ་རེ་མྱོང་།
2014ལོར་སྙན་ངག་ལ་འབྲི་བཞེངས་བྱས་ཏེ་བོད་ནང་ཁུར་གྱི་དུས་དེབ་དང་དྲ་ཚིགས་སུ་སྙན་ངག་བདུན་ཅུ་ལྷག་བཀོད།
ད་ལྟ་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་དུ་སློབ་གཉེར་བྱེད་བཞིན་ཡོད།


མི་ཚེ་ནི་རོལ་དབྱངས་ཤིག


ཡི་གེ་འབྲི་ཤེས་པ་ནས་ཉི་མའི་བྲང་ཁུག་ཏུ་ཆགས
ལས་དབང་ལ་སྐྱེལ་མ་བྱས་ཤིང་འོད་ཐིགས་དེད
ཆ་རྒྱུས་མེད་པའི་རྒྱང་རིང་གི་རྐང་ལམ་དེ་ན
མཚན་མོ་ཟླ་ངོགས་སུ་འཚོ་གཞེས་ལ་འདུན་པ་བཅངས

སྲང་མདོ་ན་ད་གཟོད་ཁ་བ་ལྷབ་ལྷུབ་འབབ
འཁྱག་རོམ་གྱི་པང་དུ་ཉལ་ཡོད་པའི་ཚེས་རིས་གཅེར་བུ
དབྱངས་རྟ་གསར་བ་རེ་རེའི་ཁྱོད་ལ་བརྩེ་འཛུམ་གྱི་ཁ་ཆུ་རྡོལ
སྐབས་རེར་རི་གྲོང་གི་སྙན་ངག་ཚན་པ་གཅིག་གྱེར་ན་འདོད
ལན་རེར་ཁྱོད་དགའ་སའི་ནགས་ཚལ་དུ་འགྲེངས་ཏེ་རེ་བའི་མེ་ཏོག་སྒྲུག

ཕྱི་རོལ་ན་བསིལ་རླུང་གིས་ལྡིང་སྐོར་བྱས
ང་རང་ལྷགས་རླུང་གི་ཁུར་ལ་ཉེ་བའི་ཤོག་སྐྱ་ཞིག་དང་འདྲ
ཉིན་ཞག་མང་པོ་བཞུད་སོང་བས་དངངས་སྐྲག་ཡོད
ད་ལྟ ཉིན་གཅིག་གི་ངལ་གསོ་ལ་དབུགས་རིང་འཐེན

མཚན་མོ་འདིས
དྲན་དྲགས་པའི་འཇིག་རྟེན་དུ་རི་མོ་ཞིག་རུམ་ནས་ལོ་མང་འགོར

   2016.5.15

སྙན་ངག་འབྲི་མཚམས་འཇོག

     

སྲང་ལམ་ནས་ཕྱིར་ལ་ལོག
གཙང་བོ་ནི་སྔར་བཞིན་ལམ་ལ་ཆས
བདག་གིས་ཅི་ཞིག་འབྲི
མི་ཚེ་དེ་ཤོག་ལྷེའི་ཉིན་སྲིབ་བར་ན་རྒས
མཚན་མོ་དེར་ཐགས་མཁན་གྱི་བུད་མེད་ཅིག་མཐོང
རང་གི་གྲིབ་མ་ལ་བལྟས
ཡུན་རིང་བྲིས་ཡོད་པའི་སྙན་ངག་ཚན་པ་འགའ
རྒྱ་མཚོའི་ནང་དུ་རྦ་རླབས་ལ་འདྲེས་ནས་སྐྱོ་ངལ་གྱིས་ཁུར

གློ་བུར་དུ་གློག་བརྙན་ལྟ་བའི་སྙན་ངག་ཅིག
མིག་ཆུ་དང་ཁ་བའི་གཏིང་དུ་རྣམ་ཤེས་དེ་ངུས་སོང
ལྕེ་ཐོག་གི་དབྱངས་ཡིག་འགྲོ་བཞིན་ཡོད
སྒེའུ་ཁུང་འགྲམ་གྱི་གླུ་སྐད་ལ་སྣང་བ་ཆགས་པ
བྱེ་ཐང་གི་གྲོང་འདབས་ན་རྒྱལ་ཁབ་ཅིག་ཨེ་ཡོད་འདྲི

ཅིའི་ཕྱིར་ཁ་དོག་མི་མཐོང་པའི་མུན་པ་འཐུག་པོ
ད་ནངས་མུན་པ་སངས་དུས་ང་རང་བྲན་གཡོག་ཡིན
གྲོང་ཁྱེར་གྱི་གྲུ་ཟུར་དུ་ཤིང་རྟ་དྲུད་ནས་བརྒྱུགས

དེ་རིང་ཕྱི་རོལ་ན་ཆར་བ་འབབ་ཀི་འདུག
ལྷིང་འཇགས་ཀྱི་གཙང་འགྲམ་དུ་ཕྱི་མིག་ལྟ
མེ་ཏོག་རེ་རེ་མགུལ་རྒྱན་བྱས་ཡོད་པའི་བུད་མེད་དེས
མཛའ་གཞས་ལྷོད་མོ་གྱེར་བཞིན་ངའི་སྙན་ངག་ཁྱེར་ནས་ཤི་སོང
ཁྱོད་སོང་རྗེས་ཁོར་ཡུག་ཏུ་དབྱངས་རྟ་ནག་པོར་བཟོས


                2016.3.16 མཚན་མོར་གྲུབ།

མཚན་མོ་འདི་ཡོལ་རྗེས་ང་གཅིག་པུར་བུད་སོང་།

       

ངས་མུན་པ་ལ་ཁ་གཏད་དེ་གྲོང་སྐད་བརྒྱབ
ཐག་རིང་དུ་རོལ་དབྱངས་ཤིག་བསྐྱར་གསོ་བྱས
དོ་ནུབ་གྲུ་རྫིངས་བསྐྱོར་མཁན བདག་མོ་ཁྱོད་ཡིན

གྲིབ་མའི་ནང་གི་དགུན་ཁ
ལོ་མ་འཁྱག་པ་མང་པོ་མཚན་མོའི་སྒོ་འགྲམ་དེར་སྐྱེས
ཕར་ལ་བལྟས་ཀྱིན་གློག་བརྙན་འགའ་ཡིད་ལ་དྲན
བོར་ཟིན་པའི་མི་ཞིག དྲན་ཤེས་མེད རྡོ་བའི་འཁྱེར་སོང

གྱང་ངོས་ཀྱི་ཡིག་རྡོག་ཆ་བོ
ཁ་ཕྱོགས་ནོར་བའི་མཚེའུ་ཞིག་རྙེད
སྐབས་དེར་ཚ་ལུ་མ་སྐམ་པོ་ཞིག་གི་བྲོ་བ་མྱངས་ནས་བདེ་སྐྱིད་འཚོལ

འདི་ནི་འཁྲུལ་སྣང་མ་ཡིན་ཏེ
སྟེས་དབང་ཞིག་གིས་ཤེལ་གྱི་ཁང་ཆུང་དུ་ཡོང་བ་རེད
མེ་ཏོག་དེ་གཉིས  གཏམ་རྒྱུད་གཉིས་ཏེ
སྒེའུ་ཁུང་གི་སྲུབས་ཁ་ནས་དབྱངས་ལ་སིམ

                             2016.5.1ཉིན་གསེེར་ཐང་ནས་བྲིས།

རྨ་ཁ་ལ་སྐྱོ་གདུང་འབྲི།      
 
མཚོ་ངོགས་སུ་སིལ་ཏོག་ལྗང་གུ་འོང
ལོ་དེའི་དགུན་ཁར་བྱིས་པ་ཞིག་གི་མཆོང་ལྡིང་བྱས
ཁ་རོག་གེར་ཀུ་ཤུ་ཞིག་གི་བྲོ་བ་མྱངས་ནས་ཐག་རིང་ལ་བལྟས

སྐར་མ་རབ་རིབ་ཡིན་དུས་ཤིག་ལ
ངོ་གདོང་གི་རྨ་ཁ་ལ་གློག་འོད་ཅིག་འཆར
ཆུའི་རླངས་པའི་ཁྲོད་དུ་གཞས་གཏོང་མཁན་དེ་ལམ་ལ་བུད

དེ་ནས་བཟུང
ལོ་མ་སྐམ་པོ་རེ་རེ་རྦ་རླབས་ལ་འདྲེས་ནས་ཁུར
རྗེས་སུ་དྲན་པའི་རྨུ་ཐག་ཆད་དེ་ཡུན་རིང་འགོར་སོང

མུ་ཏིག་ངུ་བཞིན་པའི་མཚན་སྨད
སྟེས་དབང་ཞིག་གི་མེ་ཏོག་ནག་པོར་ཐང་ནས་རྙེད
ང་རང་སད་མ་ཐག་རྨི་ལམ་དེར་སེམས་ཁྲལ་བྱས

ནམ་ལངས་ཁར་དམངས་གླུ་ལེན་མི་ཤེས
ཁྱོད་ཚོ་ལ་སེམས་གསོ་ཞིག་གི་ཚབ་ཏུ་སྙན་ངག་འབྲི
འདི་ཙམ་གྱིས་ཡོངས་སུ་མཇུག་གྲུབ     
2016.4.9

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rohu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42042661
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1