༄༅།།ལས་དབང་གི་གདམ་​ང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 21 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »༄༅།།ལས་དབང་གི་གདམ་​ང་།
༄༅།།ལས་དབང་གི་གདམ་​ང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/9/15ལྟ་ཀློག (2388)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལས་དབང་གི་གདམ་ང་།

མཆོག་སྤྲུལ་ཀུན་བཟང་རིན་པོ་ཆེའི་གསུངས།

གྲོང་སེང་འབྲུག་གིས་བསྒྱུར།

     ང་ཚོ་ནི་སྐྱེས་མ་ཐག་ནས་མི་རུ་གྱུར་ཡོད་ལ་དེ་ནི་ལས་དབང་ལ་གདམ་ང་བྱས་ཟིན་པའི་གྲུབ་འབྲས་རེད།  ཚེ་གཅིག་ལུས་གཅིག་ལ་འགྲོ་བ་མིའི་ལས་དབང་སྒྲུབ་པ་ལས་འགྲོ་བ་གཞན་གྱི་ལས་མི་བྱ་བ་དང་། སྐྱེ་བ་ནས་བཟུང་མི་ཡིན་ལ་ང་ཚོས་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་པས། གདམ་ང་ལས་བྱུང་བའི་མཇུག་འབྲས་ཏེ་ཚོགས་བསགས་ཀྱི་རྒྱུ་ལས་སྨིན་པའི་འབྲས་བུ་ཡིན།
       མི་ཚེའི་བརྒྱུད་རིམ་ནི་ནམ་རྒྱུན་གདམ་ང་དང་ཁ་འབྲལ་ཐབས་མེད་དེ། དཔེར་ན་ཞོགས་ཀ་ཟས་གང་ཟ་བའམ།  སྒོ་ཕྱི་ལ་འགྲོ་སྐབས་གྱོན་པ་གང་གོན་ནམ། དེ་རིང་བྱ་བ་གང་བསྒྲུབ་བམ་སོགས་ནངས་སྔ་མོ་ནས་མཚན་དགོང་མོའི་བར་ཉིན་གཅིག་པོར་མངར་སྐྱུར་གྱི་ལས་དབང་གདམ་ང་ལས་མ་འདས་ལ།

      ང་ཚོ་ཆུང་བྱིས་དུས་ནས་ནར་སོན་པའི་གོ་རིམ་ནི་གདམ་ང་ལས་ཡོང་བ་ཡིན། དཔེར་ན་བྱིས་དུས་ཀྱི་སློབ་ཆུང་གང་འགྲིམས་སམ། མཐོ་འབྲིང་མཐར་ཕྱིན་རྗེས་སློབ་ཆེན་གང་གདམ་མམ།  སློབ་ཆེན་མཐར་ཕྱིན་རྗེས་ལས་གནས་གང་ལ་ཞུགས་པའམ།  མི་སུ་དང་གཉེན་སྒྲིག་བྱེད་དམ།  མི་གང་དང་འབྲེལ་འདྲིས་དང་ལས་གཞི་གང་བསྒྲུབ་བམ་སོགས་སོ་སོར་ཡོད་ལ།  དེ་དག་ཐམས་ཅད་ཀྱིས་མི་གཅིག་ལ་ལས་དབང་གི་གདམ་ང་གྲུབ་པ་བསྟན་ཡོད། མི་སུ་དང་གཉེན་སྒྲིག་བྱེད་པ་དེས་ཁྱེད་ཀྱི་འཚོ་བའི་བཟང་ངན་དང་གཞིས་ཁྱིམ་གྱི་བདེ་སྐྱིད་ཐག་གཅོད་བྱེད་ངེས་ཡིན་ལ། ལས་གནས་གང་ཞིག་གདམ་ང་ལས་ཁྱེད་ཀྱི་མདུན་ལམ་དང་མ་འོངས་བའི་གྲུབ་འབྲས་ཐག་གཅོད་བྱེད་དེ། དེའི་ཕྱིར་མི་ཚེའི་ལས་དབང་ལ་ཤུགས་རྐྱེན་ཆེ་བའི་གདམ་ང་ནི་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་སྟེ་བློ་རྩེ་ཉི་ཤུ་རྩ་ལྔ་བཀོད་དགོས་པའི་གནས་གཅིག་ཡིན།  གང་འདོད་དུ་མི་བསྒྲུབ་པ་ནི་ཧ་ཅང་གལ་འགངས་ཆེ།  གཏམ་དཔེ་ཞིག་ལ་ཕ་མ་བུ་རྒྱུད་གཅིག་ལ། བསོད་ནམས་མི་འདྲ་ཁ་ཁ་ཟེར་བ་ནང་བཞིན་ཡང་དག་པའི་གདམ་ང་ནི་གཙོ་ཆེ་ལ། ཡང་དག་གི་གདམ་ང་ལས་འབྲས་བུ་བཟང་བོ་སྨིན་ལ་ནོར་འཁྲུལ་གྱི་གདམ་ང་ལས་འབྲས་བུ་ངན་པ་འབྱུང་བ་ཆོས་ཉིད་ཡིན།  དེང་དུས་གདམ་ང་ཡང་དག་ཅིག་ཡིན་བསམ་ཡང་ལོ་བར་ཁ་ཤས་ཀྱི་རྗེས་སུ་ཡང་འགྱོད་སེམས་བྱུང་བའི་རྐྱེན་ཡང་ཡོད་སྲིད་མོད།  དེ་ནི་རང་གི་རྒྱུ་ལས་བྱུང་བའི་འབྲས་བུ་ཡིན་ནོ།།

     དེ་ན་ཇི་ལྟར་བྱས་ཏེ་ཡང་དག་པའི་གདམ་ང་ཞིག་བསྒྲུབ་དགོས་ཤེ་ན།  དེ་ནི་ཤེས་རབ་ལས་བྱུང་བའི་འབྲས་བུ་ཞིག་ཡིན་ལ།   ཤེས་རབ་ཡོད་མེད་ལས་བྱུང་བའི་གདམ་ངའི་མཇུག་འབྲས་ནི་ཧེ་བག་ཆེན་པོ་ཡོད་དེ་མི་ཚེའི་གྲུབ་འབྲས་ཀྱང་མི་འདྲ།  མི་རྣམས་ཀྱི་དོན་ཆེན་གདམ་ང་བྱེད་པའི་སྐབས་སུ་ཕྱོགས་སོ་སོ་ནས་དོན་དེ་དང་འབྲེལ་ཡོད་ཁག་འཚོལ་བསྡུ་བྱས་ནས་དབྱེ་ཞིབ་ཁྲོད་ཐག་གཅོད་བྱེད་དེ།  དེ་ནི་ཉམས་མྱོང་ལས་གྲུབ་པའི་ཤེས་རབ་ཅིག་སྟེ།   ང་ཚོས་གདམ་ང་ལམ་སྟོན་ལ་ཕན་འབྲས་ཡོད་ནའང་དེ་ནི་ཚད་བཀག་རང་བཞིན་གྱི་ཤེས་རབ་ཡིན་པས།   མ་འོངས་པའི་མདུན་ལམ་ལ་དཔག་མི་ཐུབ་པའི་རྒྱུ་འབྱུང་ངེས།   ནམ་རྒྱུན་མི་ལ་ལས་ཚོར་སྣང་ལ་གཞི་བཅོས་ནས་མོ་རྩིས་ལུང་གསུམ་གྱིས་བདེ་སྡུག་ཐག་གཅོད་བྱེད་དུ་འཇུག་པ་དེ་ནི་རྨོངས་དད་རང་བཞིན་ཡིན་པར་བཤད་ཀྱང་མི་ཆོག་པ་མེད་པས་འཇིག་རྟེན་སྟེང་གི་ཡ་རབས་བཟང་སྤྱོད་ལ་གོམས་པར་བྱས་ཏེ་ཤེས་རབ་རྒྱུད་ལ་འཕེལ་བའི་ཐབས་ལ་བརྩོན་ན་ལེགས་པའི་ལམ་ཞིག་རྙེད་སྲིད་པ་ཁོ་ཐག་རེད། དེ་མིན་འཇིག་རྟེན་མི་རྟག་པའི་འགྱུར་བ་རྒྱུ་དང་རྐྱེན་ལ་རག་ལས་པའི་གདམ་ང་ལ་ནོར་འཁྲུལ་འབྱུང་སྲིད་དོོ།།
     ནོར་འཁྲུལ་ལ་འཆོས་པ་དང་ཡང་དག་པའི་ཤེས་རབ་བསྟེན་ཚུལ་ནི་གང་ཡིན་ཞེ་ན།  ལོ་ངོ་༢༥༠༠ཡི་གོང་རོལ་ནས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་ཚོ་ལ་གསུངས་ཡོད་དེ། སྐྱེ་བུ་སོ་སོའི་རྒྱུད་ལ་སངས་རྒྱས་བྱེད་ཀྱི་ཤེས་རབ་རེ་ཡོད་ངེས་པ་དང་སངས་རྒྱལ་རུང་གི་ཀུན་གཞིའི་ས་བོན་ཡ་མཚན་པ་རེ་ཡོད་སྲིད་ཀྱང་། དེ་ཡང་མི་རེ་རེའི་རྒྱུད་ཀྱི་འདོད་ཆགས། ཞེ་སྡང་། གཏི་མུག་གསུམ་གྱིས་བསྒྲིབས་པས་འཁོར་བ་ལས་མ་ཐར་བ་དེ་བཞིན།  ང་ཚོས་ཤེས་རབ་དེ་རྒྱུན་བསྐྱང་ཚུལ་ངེས་པའི་དུས་སུ་མི་ཚེའི་ཁ་ལོ་ཡང་བསྒྱུར་སྲིད།   དེ་ནི་ང་ཚོས་ཅི་ཕྱིར་ནང་བ་སངས་རྒྱས་པའི་ཆོས་སྦྱང་དགོས་པའི་རྒྱུ་དང་རྐྱེན་ཡང་ཡིན་ནོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rogu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42081914
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1