ལངས་ཕྱོགས། ལོས་ཤོན་གྱིས་བརྩ​མས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 21 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »ལངས་ཕྱོགས། ལོས་ཤོན་གྱིས་བརྩ​མས།
ལངས་ཕྱོགས། ལོས་ཤོན་གྱིས་བརྩ​མས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/9/29ལྟ་ཀློག (2287)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལངས་ཕྱོགས།༽ལོས་ཤོན་གྱིས་བརྩམས།
              
ལེགས་གྲུབ་ཀྱིས་བསྒྱུར།

   ངའི་རྨི་ལམ་དུ་རང་ཉིད་སློབ་ཆུང་གི་སློབ་ཁྲིད་དུ་རྩོམ་ཡིག་གྲ་སྒྲིག་བྱེད་ཀྱིན་མཆིས་ཏེ། རྩོམ་ཡིག་ཕྱོགས་ཀྱི་ལྟ་ཚུལ་དང་ལངས་ཕྱོགས་ག་འདྲ་དགོས་པར། དགེ་རྒན་ལ་མཛུབ་སྟོན་བྱེད་དུ་ཞུས་པས། དགེ་རྒན་གྱི་མིག་ཤེལ་ལས་༼དཀའ་༽ཞེས་པའི་མིག་མདངས་ཤིག་ཕྱི་ལ་འཕྲོས་ཡོང་ཞིང་།
ཁོང་གིས་ང་ལ་བལྟས་ཏེ། “ངས་ཁྱོད་ལ་དོན་དག་ཅིག་བཤད།”ཟེར།
    "ཁྱིམ་ཚང་ཞིག་ཏུ་བུ་ཆུང་ཞིག་བཙས་པས། ཁྱིམ་གང་ཧ་ཅང་དགའ་སྐྱིད་དང་དགོད་སྒྲས་བཟི་ཞིང་། ཟླ་བ་ཉ་གང་བའི་དུས་ན་ཁྱིམ་དུ་ཡོང་བའི་མགྲོན་པོ་དག་ལ་བསྟན།
     མགྲོན་པོ་གཅིག་གིས་"བྱིས་པ་འདི་མ་འོངས་པར་ཕྱུག་བདག་ཏུ་འགྱུར་ངེས་སོ"ཞེས་བཤད་པས།  ཁྱིམ་གང་གིས་དེ་ལ་བཀའ་དྲིན་ཞུས།
     གཅིག་གིས"འདི་དཔོན་དུ་གནས་པར་འགྱུར་ངེས་སོ"ཞེས་བཤད་པས་ཀུན་གྱིས་དེ་ལ་གུས་ཚིག་ཕུལ།
     གཅིག་གིས"འདི་མ་འོངས་པར་འཆི་བར་ངེས་སོ་"ཞེས་བཤད་པས་ཐམས་ཅད་ཀྱིས་རྡུང་རྡེག་ཡིད་ཚིམ་པ་ཞིག་བྱས་སོ།།
     དོན་དུ་"འཆི་བར་ངེས་"ཞེས་བཤད་པ་ནི་དོན་དངོས་དང་།  ཕྱུག་པོར་ཆགས་པ་དང་དཔོན་དུ་གནས་ཞེས་པ་ནི་རྫུན་དུ་འདུག་མོད།  འོན་ཀྱང་རྫུན་ལ་བཟང་བསྟོད་དང་། དྲང་གཏམ་ལ་ཉེས་རྡུང་བབས་སོང་།  ཁྱོད་ཀྱིས........"
    "རྒན་ལགས། ངས་རྫུན་ཡང་བཤད་མི་འདོད་ལ་ཉེས་རྡུང་ཡང་རག་མི་འདོད་པས་ཇི་ལྟར་བྱེད་དགོས་སམ།"
    "འོ་ན། ཁྱོད་ཀྱིས་"བྱིས་པ་འདི། ཁྱོད་ཀྱིས་ལྟོས་དང་། ཇི་འདྲའི.....ཨ་ཨོ། ཧཧ། ཧུཧུཧུ hehehe!ཞེས་བཤད་དགོས་སོ"ཞེས་སྨྲས།
1925.7.8


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
1xp4 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ར་ལོ། སྤེལ་དུས:2016/9/29
སྒྱུར་མཁན་བཟང་། བསྒྱུར་རྩོམ་ཡག
 སྤེལ་མཁན: འོད སྤེལ་དུས:2016/9/29
ཧ་ཅང་ཡག་སོང་། བཀའ་དྲིན་ཆེ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
42080230
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1